རབ་བྱེད་ངག་གི་སྙེ་མ།

གཞན་ཕན་ཐུགས་བརྩེའི་གཏིང་མཐའ་མི་མངོན་རྒྱ་མཚོ་ལ་ནི་ཆུ་བོ་བཞིན།།

སྐྱེ་རྒུའི་ཁམས་དང་མོས་པར་སྙོམས་འཇུག་ཟག་མེད་བདེ་བའི་དཔལ་འཇོ་བ།།

དཔག་མེད་རབ་དབྱེ་སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་འབར་བའི་རླབས།།

ཆེ་ལས་ཆེ་བའི་ཟིལ་དུ་འཕགས་པའི་མཉམ་མེད་ཐུབ་པའི་དཔུང་རྒྱན་མཆོད།།

 

འགྲོ་ཚོགས་སྡུག་ཀུན་མཐིལ་དུ་ལེན་པའི་ཐུགས་བསྐྱེད་གོ་ཆ་བདག་གིར་བཞེས།།

བླང་དོར་དཔྱོད་པའི་ཤེས་རབ་སྤྱན་གྱིས་སྲིད་པའི་རྨོངས་པ་ཧྲིལ་གྱིས་གཞིལ།།

སྡོམ་གསུམ་བཅས་མཚམས་སྐད་ཅིག་ཙམ་ཡང་མི་ཕྱེད་རིགས་པས་ཅི་ཡང་ཕྱུག།

ཐུབ་པ་མཆོག་གི་རང་ལུགས་སྐྱོང་བའི་རྒྱལ་སྲས་བྱེ་བའི་མིག་རྒྱན་མཆོད།།

 

རྣམ་དག་ལྟ་བའི་གདེང་གིས་རབ་ཕྱུག་ཀླུ་སྒྲུབ་དགོངས་པའི་མཐིལ་དུ་སོན།།

མཐའ་བྲལ་རིགས་པའི་གཟེར་རྣོན་སྟོང་གིས་མཐར་འཛིན་རི་བོ་རྨང་ནས་བསྙིལ།།

ཉེས་ལྟུང་ཕྲ་མོས་ཡོངས་སུ་དག་པའི་བཀའ་གདམས་གཙང་མའི་རྣམ་པར་ཐར།།

མཆོག་ཏུ་དག་པ་ཡིད་ཀྱི་རོལ་བར་གང་ཤར་བསྟན་པའི་མཛེས་རྒྱན་མཆོད།།

 

རྙེད་བཀུར་མཛེས་མའི་སྲིད་ལ་མ་ཆགས་ཆོག་ཤེས་ནོར་བུའི་མཛོད་ཀྱིས་གཏམས།།

གཞན་ཕན་རིག་པའི་ས་ཆེན་བརྒལ་ཏེ་འགྲོ་མང་བྱམས་བརྩེའི་ཡུལ་དུ་དགོངས།།

ཚུལ་ཆོས་མེ་ཏོག་མགུལ་དུ་བཞེས་པའི་དབེན་དགོན་མུ་ཏིག་དཀར་པོའི་ཚལ།།

ངུར་སྨིག་བླ་གོས་འཕུར་བས་མཛེས་སོ་གངས་ལྗོངས་འགྲོ་བའི་སྤྱི་རྒྱན་མཆོད།།

 

མདོ་དང་སྔགས་ཀྱི་དེ་ཉིད་དཔྱོད་པའི་ཤེས་རབ་འོད་ཀྱིས་འཇིག་རྟེན་འགེང་།།

ལོག་རྟོག་ལྗོན་ཚལ་དུམ་བུར་གཅོད་པའི་རིགས་ཚུལ་སྤུ་གྲིའི་རྣོ་དབལ་འབར།།

བཤད་སྒྲུབ་ལུགས་བཟང་ཆེས་ཆེར་སྤེལ་བའི་ཐུགས་བསྐྱེད་བླ་ན་འཕགས་པའི་ཚོགས།།

གངས་ཅན་བསྟན་སྲིད་འདེགས་པའི་ཀ་བ་མཁས་གྲུབ་དམ་པའི་གཙུག་རྒྱན་མཆོད།། 

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རབ་བྱེད་ངག་གི་སྙེ་མ།

2009-12-02 རྩེ་སྨིན་གྲོལ། ཀློག་གྲངས། མཆན ཡོད།

གཞན་ཕན་ཐུགས་བརྩེའི་གཏིང་མཐའ་མི་མངོན་རྒྱ་མཚོ་ལ་ནི་ཆུ་བོ་བཞིན།།

སྐྱེ་རྒུའི་ཁམས་དང་མོས་པར་སྙོམས་འཇུག་ཟག་མེད་བདེ་བའི་དཔལ་འཇོ་བ།།

དཔག་མེད་རབ་དབྱེ་སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་འབར་བའི་རླབས།།

ཆེ་ལས་ཆེ་བའི་ཟིལ་དུ་འཕགས་པའི་མཉམ་མེད་ཐུབ་པའི་དཔུང་རྒྱན་མཆོད།།

 

འགྲོ་ཚོགས་སྡུག་ཀུན་མཐིལ་དུ་ལེན་པའི་ཐུགས་བསྐྱེད་གོ་ཆ་བདག་གིར་བཞེས།།

བླང་དོར་དཔྱོད་པའི་ཤེས་རབ་སྤྱན་གྱིས་སྲིད་པའི་རྨོངས་པ་ཧྲིལ་གྱིས་གཞིལ།།

སྡོམ་གསུམ་བཅས་མཚམས་སྐད་ཅིག་ཙམ་ཡང་མི་ཕྱེད་རིགས་པས་ཅི་ཡང་ཕྱུག།

ཐུབ་པ་མཆོག་གི་རང་ལུགས་སྐྱོང་བའི་རྒྱལ་སྲས་བྱེ་བའི་མིག་རྒྱན་མཆོད།།

 

རྣམ་དག་ལྟ་བའི་གདེང་གིས་རབ་ཕྱུག་ཀླུ་སྒྲུབ་དགོངས་པའི་མཐིལ་དུ་སོན།།

མཐའ་བྲལ་རིགས་པའི་གཟེར་རྣོན་སྟོང་གིས་མཐར་འཛིན་རི་བོ་རྨང་ནས་བསྙིལ།།

ཉེས་ལྟུང་ཕྲ་མོས་ཡོངས་སུ་དག་པའི་བཀའ་གདམས་གཙང་མའི་རྣམ་པར་ཐར།།

མཆོག་ཏུ་དག་པ་ཡིད་ཀྱི་རོལ་བར་གང་ཤར་བསྟན་པའི་མཛེས་རྒྱན་མཆོད།།

 

རྙེད་བཀུར་མཛེས་མའི་སྲིད་ལ་མ་ཆགས་ཆོག་ཤེས་ནོར་བུའི་མཛོད་ཀྱིས་གཏམས།།

གཞན་ཕན་རིག་པའི་ས་ཆེན་བརྒལ་ཏེ་འགྲོ་མང་བྱམས་བརྩེའི་ཡུལ་དུ་དགོངས།།

ཚུལ་ཆོས་མེ་ཏོག་མགུལ་དུ་བཞེས་པའི་དབེན་དགོན་མུ་ཏིག་དཀར་པོའི་ཚལ།།

ངུར་སྨིག་བླ་གོས་འཕུར་བས་མཛེས་སོ་གངས་ལྗོངས་འགྲོ་བའི་སྤྱི་རྒྱན་མཆོད།།

 

མདོ་དང་སྔགས་ཀྱི་དེ་ཉིད་དཔྱོད་པའི་ཤེས་རབ་འོད་ཀྱིས་འཇིག་རྟེན་འགེང་།།

ལོག་རྟོག་ལྗོན་ཚལ་དུམ་བུར་གཅོད་པའི་རིགས་ཚུལ་སྤུ་གྲིའི་རྣོ་དབལ་འབར།།

བཤད་སྒྲུབ་ལུགས་བཟང་ཆེས་ཆེར་སྤེལ་བའི་ཐུགས་བསྐྱེད་བླ་ན་འཕགས་པའི་ཚོགས།།

གངས་ཅན་བསྟན་སྲིད་འདེགས་པའི་ཀ་བ་མཁས་གྲུབ་དམ་པའི་གཙུག་རྒྱན་མཆོད།། 

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།