གཞོན་ནུ་མ་འདི་ཚོ།

ཀ་ར་སིལ་ཏོག་ཁྲོད་ན་བག་ཡངས་ཀྱིས་འགྱེལ་ཅིང་། །
ཁ་དགོད་ཀུ་རེ་གཏམ་གྱིས་མི་ཚེ་གང་ཟད་པའི། །
ག་ས་གང་དུ་སྨྱོ་བའི་གཞོན་ནུ་མ་འདི་ཚོའི། །
ང་རྒྱལ་ཕྲག་དོག་ནད་དེ་ཇི་འདྲ་ཞིག་གཙོག་གི །
 
ཅ་དག་གཙང་སྦྲའི་ཐད་ལ་ནམ་རྒྱུན་དུ་གོམས་ཤིང་། །
ཆ་ག་ཅན་གྱི་མིག་ཀྱང་མཆོང་ལྟར་དུ་མཛེས་པའི། །
ཇ་མའི་ལས་ལ་བྲེལ་བའི་གཞོན་ནུ་མ་འདི་ཚོའི། །
ཉ་གང་ཟླ་བའི་གདོང་དེ་ཇི་འདྲ་ཞིག་ཡག་གི །
 
ཏ་ཐཱ་ག་ཏའི་གྲྭ་བ་སྐྱ་ས་རུ་ཕབ་ཅིང་། །
ཐ་ཚིག་འགྱུར་མེད་ཁྱོ་བོ་ཕངས་མེད་དུ་གཡུགས་པའི། །
ད་ལྟ་བཤང་ལམ་འཚོང་བའི་གཞོན་ནུ་མ་འདི་ཚོའི། །
ན་ཐང་རྫོད་པའི་བྱ་དེ་ཇི་འདྲ་ཞིག་གཙོག་གི །
 
པ་ཕ་ཨ་མས་མཐོང་མེད་གོ་སྐབས་དང་བསྟུན་ཏེ། །
ཕ་རོལ་སྐུ་མགྲོན་ལ་ལར་ཨོང་རིལ་གྱིས་འབྲབ་པའི། །
བ་མ་ཐབ་ཀའི་ཕག་གི་གཞོན་ནུ་མ་འདི་ཚོའི། །
མ་རབས་པྲ་ཚག་བརྡ་དེ་ཇི་འདྲ་ཞིག་ཡག་གི །
 
ཙ་གེ་ཙིག་གེ་དོན་ལ་ཁ་འཐབ་རང་བྱེད་ཅིང་། །
ཚ་ཚ་ངར་ངར་ལས་ལ་གང་དྲག་ཏུ་བཞོལ་བའི། །
ཛ་རག་ཕྱི་ལྡུར་ནང་སྟོང་གཞོན་ནུ་མ་འདི་ཚོའི། །
ཝ་དང་ཁྱི་ཡི་གཡོ་དེ་ཇི་འདྲ་ཞིག་གཙོག་གི །
 
ཞྭ་མེད་སྐྲ་ཡི་ལན་བུ་ལྡེམ་ལྡེམ་དུ་བསྐྱོད་ལ། །
ཟ་འོག་གོས་ཀྱི་ཐེར་མ་འགྲིག་འགྲིག་ཏུ་བཀླུབས་པའི། །
‘འ’ཞེས་མཚར་མཚར་བྱེད་པའི་གཞོན་ནུ་མ་འདི་ཚོའི། །
ཡ་ཡོ་འཚམས་པའི་འགྲོས་དེ་ཇི་འདྲ་ཞིག་ཡག་གི །
 
རྭ་ལྟར་གྱོང་བའི་རང་གཤིས་ཆུང་ཆུང་པོའི་དོན་དུ། །
ལ་ལུང་སྤུན་ཟླའི་ཁོག་ལ་རྨ་ཁ་རང་བཟོ་བའི། །
ཤ་དཀར་ཞེ་ནག་ཅན་གྱི་གཞོན་ནུ་མ་འདི་ཚོའི། །
ས་མེ་སུམ་མེའི་ཉམས་དེ་ཇི་འདྲ་ཞིག་གཙོག་གི །
 
ཧ་ཅང་ཡག་པའི་བུ་མོ་ཉུང་ཉུང་ནི་མིན་མོད། །
ཨ་ཙི་ཨ་ཙི་འགའ་ཞིག་ངེས་དོན་གྱིས་གཙོག་གི །

 

 

རྩོམ་ཁུངས། གྲུ་ཟུར་གྱི་གསལ་སྒྲིབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞོན་ནུ་མ་འདི་ཚོ།

2009-11-30 སེང་གེ་རྡོ་རྗེ། ཀློག་གྲངས། མཆན ཡོད།

ཀ་ར་སིལ་ཏོག་ཁྲོད་ན་བག་ཡངས་ཀྱིས་འགྱེལ་ཅིང་། །
ཁ་དགོད་ཀུ་རེ་གཏམ་གྱིས་མི་ཚེ་གང་ཟད་པའི། །
ག་ས་གང་དུ་སྨྱོ་བའི་གཞོན་ནུ་མ་འདི་ཚོའི། །
ང་རྒྱལ་ཕྲག་དོག་ནད་དེ་ཇི་འདྲ་ཞིག་གཙོག་གི །
 
ཅ་དག་གཙང་སྦྲའི་ཐད་ལ་ནམ་རྒྱུན་དུ་གོམས་ཤིང་། །
ཆ་ག་ཅན་གྱི་མིག་ཀྱང་མཆོང་ལྟར་དུ་མཛེས་པའི། །
ཇ་མའི་ལས་ལ་བྲེལ་བའི་གཞོན་ནུ་མ་འདི་ཚོའི། །
ཉ་གང་ཟླ་བའི་གདོང་དེ་ཇི་འདྲ་ཞིག་ཡག་གི །
 
ཏ་ཐཱ་ག་ཏའི་གྲྭ་བ་སྐྱ་ས་རུ་ཕབ་ཅིང་། །
ཐ་ཚིག་འགྱུར་མེད་ཁྱོ་བོ་ཕངས་མེད་དུ་གཡུགས་པའི། །
ད་ལྟ་བཤང་ལམ་འཚོང་བའི་གཞོན་ནུ་མ་འདི་ཚོའི། །
ན་ཐང་རྫོད་པའི་བྱ་དེ་ཇི་འདྲ་ཞིག་གཙོག་གི །
 
པ་ཕ་ཨ་མས་མཐོང་མེད་གོ་སྐབས་དང་བསྟུན་ཏེ། །
ཕ་རོལ་སྐུ་མགྲོན་ལ་ལར་ཨོང་རིལ་གྱིས་འབྲབ་པའི། །
བ་མ་ཐབ་ཀའི་ཕག་གི་གཞོན་ནུ་མ་འདི་ཚོའི། །
མ་རབས་པྲ་ཚག་བརྡ་དེ་ཇི་འདྲ་ཞིག་ཡག་གི །
 
ཙ་གེ་ཙིག་གེ་དོན་ལ་ཁ་འཐབ་རང་བྱེད་ཅིང་། །
ཚ་ཚ་ངར་ངར་ལས་ལ་གང་དྲག་ཏུ་བཞོལ་བའི། །
ཛ་རག་ཕྱི་ལྡུར་ནང་སྟོང་གཞོན་ནུ་མ་འདི་ཚོའི། །
ཝ་དང་ཁྱི་ཡི་གཡོ་དེ་ཇི་འདྲ་ཞིག་གཙོག་གི །
 
ཞྭ་མེད་སྐྲ་ཡི་ལན་བུ་ལྡེམ་ལྡེམ་དུ་བསྐྱོད་ལ། །
ཟ་འོག་གོས་ཀྱི་ཐེར་མ་འགྲིག་འགྲིག་ཏུ་བཀླུབས་པའི། །
‘འ’ཞེས་མཚར་མཚར་བྱེད་པའི་གཞོན་ནུ་མ་འདི་ཚོའི། །
ཡ་ཡོ་འཚམས་པའི་འགྲོས་དེ་ཇི་འདྲ་ཞིག་ཡག་གི །
 
རྭ་ལྟར་གྱོང་བའི་རང་གཤིས་ཆུང་ཆུང་པོའི་དོན་དུ། །
ལ་ལུང་སྤུན་ཟླའི་ཁོག་ལ་རྨ་ཁ་རང་བཟོ་བའི། །
ཤ་དཀར་ཞེ་ནག་ཅན་གྱི་གཞོན་ནུ་མ་འདི་ཚོའི། །
ས་མེ་སུམ་མེའི་ཉམས་དེ་ཇི་འདྲ་ཞིག་གཙོག་གི །
 
ཧ་ཅང་ཡག་པའི་བུ་མོ་ཉུང་ཉུང་ནི་མིན་མོད། །
ཨ་ཙི་ཨ་ཙི་འགའ་ཞིག་ངེས་དོན་གྱིས་གཙོག་གི །

 

 

རྩོམ་ཁུངས། གྲུ་ཟུར་གྱི་གསལ་སྒྲིབ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།