སྟོན་པ་སངས་རྒྱས་ལ་ཕུལ་བའི་མེ་ཏོག

སྲིད་པ་རྫ་སྒང་འདི་ཡི་ནགས་ཁྲོད་དུ།།

རིང་ནས་འཁྱམས་པའི་ལྷ་ཡི་རི་དྭགས་ཏེ།།

ས་ལ་བརྩེ་དུང་ཟེགས་མའི་འཁོར་ལོ་ཅན།།

རྒྱལ་བུ་དོན་གྲུབ་མཆོག་ལ་གསོལ་བ་འདེབས།།

བསམ་པར་མི་ཕོད་བདེན་པའི་བདེ་བ་ཆེ།།

བཤད་པར་མི་ནུས་རིག་པའི་རང་སྒྲ་ཆེ།།

མཚར་སྡུག་རྩེད་མོའི་ཞོར་ཡངས་བགྱི་བ་ཡི།།

རླབས་ཆེན་མི་བུའི་ཐོག་མར་གསོལ་བ་འདེབས།།

བྲམ་ཟེ་མཁའ་ཡི་རྒྱལ་བོ་སྐྲག་བྱས་པའི།།

བྱང་ནས་ལྷོ་ལ་འཐེན་པའི་དགུ་ཚིགས་སུ།།

དགོངས་པའི་འདྲ་མཉམ་གཏན་དུ་རླིངས་པ་བ།།

དམངས་གཙོའི་རུ་འདྲེན་ཆེན་མོར་གསོལ་བ་འདེབས།།

མུན་པའི་འགྲོ་ལ་འཐོམ་པའི་ལས་ཀ་བྱེད།།

ཟབ་པའི་བློ་ལ་གསལ་བའི་འོད་སྣང་སྦྱིན།།

རང་གི་མགོན་ལ་རང་ཉིད་གཏད་གྱུར་བའི།།

ཐུབ་པ་བཅིངས་འགྲོལ་ཅན་ལ་གསོལ་བ་འདེབས།།

བརྟེན་ནས་འབྱུང་བའི་ཆོས་ལ་མོས་པར་བྱེད།།

གདོད་ནས་གྲུབ་པའི་གཤིས་ལ་བཏུད་པར་བྱེད།།

བསམ་གཞིགས་རྩྭ་ཡི་ཟིལ་བ་བསྒུལ་བར་བྱེད།།

རྒྱལ་བ་དག་པར་སྨྲ་ལ་གསོལ་བ་འདེབས།།

ཤ་ཡི་མིག་ཁུང་མཆི་མའི་འོད་ཀྱིས་སྦར།།

ཁྲག་གི་མགྲིན་པ་བདེན་པའི་གཏམ་གྱིས་བངས།།

འཁོས་ཆུང་རྣམ་ཤེས་ཁྱོད་ལ་ཡོངས་ཕྱོགས་ཏེ།།

སྙིང་དང་གློ་བའི་མཆོད་པ་དེ་རིང་འབུལ།།

འཚོལ་ཞིང་སྙེག་པའི་གནས་ལུགས་རྙེད་དུ་གསོལ།།

སྤྲོ་ཞིང་མཉེས་པའི་རང་དབང་སྤྱད་དུ་གསོལ།།

དཔལ་ཡོན་གཡུ་ལོ་ལྡེམ་པའི་གླིང་ཀ་ནས།།

བརྩེ་བའི་གཞིས་ཁྱིམ་དེ་ཡང་རེག་ཏུ་གསོལ།།

འཁོར་བ་ཐོབ་ཤོར་སྟོང་གི་བཤུལ་ལམ་ནས།།

ཚེ་ཡི་ཉི་མ་ད་དུང་དྲོ་བ་དང་།།

ཕྱི་ཡི་རི་མོ་ནང་གི་རོལ་མོ་སྟེ།།

དགའ་སྐྱོའི་མཛེས་སྡུག་བདག་ལ་ཡོད་པར་སྨོན།།

རྐང་གཉིས་མི་དང་བཅས་པའི་འཇིག་རྟེན་ལ།།

ཕན་དང་བདེ་བའི་ལས་ཤིག་བསྒྲུབ་པའི་ཕྱིར།།

རང་ལུས་རྔུལ་ཆུས་འཐོར་ཡང་མི་ཕངས་པའི།།

ངལ་བའི་ཁུར་ཆེན་འདེགས་ལ་དགྱེས་པར་ཤོག།

ཚུལ་འཆོས་རྫུ་བག་གཏན་ནས་གཏན་མེད་ཅིང་།།

ལྷན་སྐྱེས་གཤིག་ཀ་མངོན་ནས་མངོན་གྱུར་བའི།།

རང་ཚུགས་རང་གིས་ཐུབ་པའི་མེས་པོ་སྟེ།།

བདེ་གཤེགས་ཁྱོད་དང་ཅུང་ཟད་ཉེ་གྱུར་ཅིག།

མི་ཚེ་གནའ་ནས་ད་ལ་ཐུག་གི་བར།།

འུད་ཐོབ་སྤྲོས་པའི་འཇའ་གུར་གང་ཕུབ་ཀྱང་།།

ད་ནི་མེ་དང་འཕྲད་པའི་ཁ་བ་བཞིན།།

རྗེས་མེད་ཤུལ་མེད་འགྱོད་པའི་དབྱིངས་སུ་སོང་།།

སླད་ནས་སྲོག་གི་རྒྱུན་ཐག་ཆད་ཀྱི་བར།།

ལུས་ངག་དྲང་སྲོང་ནང་གི་དྲང་སྲོང་དང་།།

བསམ་བློ་ཡང་དག་ནང་གི་ཡང་དག་སྟེ།།

དགེ་བཤེས་དགེ་ཆོས་ཉིད་དང་འདྲ་བར་ཤོག།

འདི་ནི་རྒྱལ་བའི་བཀའ་བསྟན་གཞུང་ལུགས་ལ།།

མི་ལྡོག་ཡིད་ཆེས་ཐོབ་པའི་མྱོང་ཚོར་དང་།།

དྲང་ངེས་ལྡེམ་དགོངས་དྲི་མེད་རིག་པ་ལ།།

ཕྲ་ཞིབ་སྤུ་རིས་དོད་པའི་གནད་ཀའང་ཡིན།།

འདི་ནི་ངོ་བོ་ཡིན་ལ་དེ་ཉིད་ཡིན།།

དེའི་ཕྱིར་སྙན་ངག་ཅེས་སུ་འབོད་པར་རིགས།།

གཞན་དུ་གསར་བཤད་ཡིན་ལ་ཟབ་བཤད་ཡིན།།

རྨོངས་པའི་ངག་ཏུ་བཅད་ཀྱང་གོམས་ཏེ་ཡོད།།

གང་ལྟར་བདག་བློའི་སྔོ་རྩྭའི་གདན་སྟེང་ལ།།

འོད་དང་བཅས་པའི་སྟོན་པ་བཅོམ་ལྡན་འདས།།

དེ་ལྟར་གནས་ལ་དེ་ལྟར་སྣང་བའི་རྐྱེན།།

ཁོང་བའི་གསོལ་འདེབས་འདི་འདྲ་ཆེད་དུ་ཕུལ།།

 

རྩོམ་ཁུངས། གྲུ་ཟུར་གྱི་གསལ་སྒྲིབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་པ་སངས་རྒྱས་ལ་ཕུལ་བའི་མེ་ཏོག

2009-11-28 སེང་གེ་རྡོ་རྗེ། ཀློག་གྲངས། མཆན ཡོད།

སྲིད་པ་རྫ་སྒང་འདི་ཡི་ནགས་ཁྲོད་དུ།།

རིང་ནས་འཁྱམས་པའི་ལྷ་ཡི་རི་དྭགས་ཏེ།།

ས་ལ་བརྩེ་དུང་ཟེགས་མའི་འཁོར་ལོ་ཅན།།

རྒྱལ་བུ་དོན་གྲུབ་མཆོག་ལ་གསོལ་བ་འདེབས།།

བསམ་པར་མི་ཕོད་བདེན་པའི་བདེ་བ་ཆེ།།

བཤད་པར་མི་ནུས་རིག་པའི་རང་སྒྲ་ཆེ།།

མཚར་སྡུག་རྩེད་མོའི་ཞོར་ཡངས་བགྱི་བ་ཡི།།

རླབས་ཆེན་མི་བུའི་ཐོག་མར་གསོལ་བ་འདེབས།།

བྲམ་ཟེ་མཁའ་ཡི་རྒྱལ་བོ་སྐྲག་བྱས་པའི།།

བྱང་ནས་ལྷོ་ལ་འཐེན་པའི་དགུ་ཚིགས་སུ།།

དགོངས་པའི་འདྲ་མཉམ་གཏན་དུ་རླིངས་པ་བ།།

དམངས་གཙོའི་རུ་འདྲེན་ཆེན་མོར་གསོལ་བ་འདེབས།།

མུན་པའི་འགྲོ་ལ་འཐོམ་པའི་ལས་ཀ་བྱེད།།

ཟབ་པའི་བློ་ལ་གསལ་བའི་འོད་སྣང་སྦྱིན།།

རང་གི་མགོན་ལ་རང་ཉིད་གཏད་གྱུར་བའི།།

ཐུབ་པ་བཅིངས་འགྲོལ་ཅན་ལ་གསོལ་བ་འདེབས།།

བརྟེན་ནས་འབྱུང་བའི་ཆོས་ལ་མོས་པར་བྱེད།།

གདོད་ནས་གྲུབ་པའི་གཤིས་ལ་བཏུད་པར་བྱེད།།

བསམ་གཞིགས་རྩྭ་ཡི་ཟིལ་བ་བསྒུལ་བར་བྱེད།།

རྒྱལ་བ་དག་པར་སྨྲ་ལ་གསོལ་བ་འདེབས།།

ཤ་ཡི་མིག་ཁུང་མཆི་མའི་འོད་ཀྱིས་སྦར།།

ཁྲག་གི་མགྲིན་པ་བདེན་པའི་གཏམ་གྱིས་བངས།།

འཁོས་ཆུང་རྣམ་ཤེས་ཁྱོད་ལ་ཡོངས་ཕྱོགས་ཏེ།།

སྙིང་དང་གློ་བའི་མཆོད་པ་དེ་རིང་འབུལ།།

འཚོལ་ཞིང་སྙེག་པའི་གནས་ལུགས་རྙེད་དུ་གསོལ།།

སྤྲོ་ཞིང་མཉེས་པའི་རང་དབང་སྤྱད་དུ་གསོལ།།

དཔལ་ཡོན་གཡུ་ལོ་ལྡེམ་པའི་གླིང་ཀ་ནས།།

བརྩེ་བའི་གཞིས་ཁྱིམ་དེ་ཡང་རེག་ཏུ་གསོལ།།

འཁོར་བ་ཐོབ་ཤོར་སྟོང་གི་བཤུལ་ལམ་ནས།།

ཚེ་ཡི་ཉི་མ་ད་དུང་དྲོ་བ་དང་།།

ཕྱི་ཡི་རི་མོ་ནང་གི་རོལ་མོ་སྟེ།།

དགའ་སྐྱོའི་མཛེས་སྡུག་བདག་ལ་ཡོད་པར་སྨོན།།

རྐང་གཉིས་མི་དང་བཅས་པའི་འཇིག་རྟེན་ལ།།

ཕན་དང་བདེ་བའི་ལས་ཤིག་བསྒྲུབ་པའི་ཕྱིར།།

རང་ལུས་རྔུལ་ཆུས་འཐོར་ཡང་མི་ཕངས་པའི།།

ངལ་བའི་ཁུར་ཆེན་འདེགས་ལ་དགྱེས་པར་ཤོག།

ཚུལ་འཆོས་རྫུ་བག་གཏན་ནས་གཏན་མེད་ཅིང་།།

ལྷན་སྐྱེས་གཤིག་ཀ་མངོན་ནས་མངོན་གྱུར་བའི།།

རང་ཚུགས་རང་གིས་ཐུབ་པའི་མེས་པོ་སྟེ།།

བདེ་གཤེགས་ཁྱོད་དང་ཅུང་ཟད་ཉེ་གྱུར་ཅིག།

མི་ཚེ་གནའ་ནས་ད་ལ་ཐུག་གི་བར།།

འུད་ཐོབ་སྤྲོས་པའི་འཇའ་གུར་གང་ཕུབ་ཀྱང་།།

ད་ནི་མེ་དང་འཕྲད་པའི་ཁ་བ་བཞིན།།

རྗེས་མེད་ཤུལ་མེད་འགྱོད་པའི་དབྱིངས་སུ་སོང་།།

སླད་ནས་སྲོག་གི་རྒྱུན་ཐག་ཆད་ཀྱི་བར།།

ལུས་ངག་དྲང་སྲོང་ནང་གི་དྲང་སྲོང་དང་།།

བསམ་བློ་ཡང་དག་ནང་གི་ཡང་དག་སྟེ།།

དགེ་བཤེས་དགེ་ཆོས་ཉིད་དང་འདྲ་བར་ཤོག།

འདི་ནི་རྒྱལ་བའི་བཀའ་བསྟན་གཞུང་ལུགས་ལ།།

མི་ལྡོག་ཡིད་ཆེས་ཐོབ་པའི་མྱོང་ཚོར་དང་།།

དྲང་ངེས་ལྡེམ་དགོངས་དྲི་མེད་རིག་པ་ལ།།

ཕྲ་ཞིབ་སྤུ་རིས་དོད་པའི་གནད་ཀའང་ཡིན།།

འདི་ནི་ངོ་བོ་ཡིན་ལ་དེ་ཉིད་ཡིན།།

དེའི་ཕྱིར་སྙན་ངག་ཅེས་སུ་འབོད་པར་རིགས།།

གཞན་དུ་གསར་བཤད་ཡིན་ལ་ཟབ་བཤད་ཡིན།།

རྨོངས་པའི་ངག་ཏུ་བཅད་ཀྱང་གོམས་ཏེ་ཡོད།།

གང་ལྟར་བདག་བློའི་སྔོ་རྩྭའི་གདན་སྟེང་ལ།།

འོད་དང་བཅས་པའི་སྟོན་པ་བཅོམ་ལྡན་འདས།།

དེ་ལྟར་གནས་ལ་དེ་ལྟར་སྣང་བའི་རྐྱེན།།

ཁོང་བའི་གསོལ་འདེབས་འདི་འདྲ་ཆེད་དུ་ཕུལ།།

 

རྩོམ་ཁུངས། གྲུ་ཟུར་གྱི་གསལ་སྒྲིབ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།