མཆོད་ཕྲེང་ཞོགས་པའི་གངས་ཆབ།

བོང་སྟག་མཁས་གྲུབ་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-11-24

མདོ་སྔགས་གཞུར་བརྒྱ་སྨྲ་བའི་ཡོངས་འཛིན་རིན་པོ་ཆེ༧རྗེ་བཙུན་ཛྙྰ་ན་ས་ར་དགོངས་པ་ཆོས་དབྱངས་སུ་ཐིམ་ནས་ལོ་འཁོར་དྲུག་ལོན་པའི་རྗེས་དྲན་དུ།

༄༅།།  ན་མོ་གུ་རུ་ཛྙྰ་ན་ས་རྰ་ཡ།

གསང་གསུམ་ཆོས་དབྱིངས་ཡེ་ནས་དག་པ་དྲི་བྲལ་གསེར་སྦྱང་བཙོ་མའི་ཟླ།།

བདེན་གཉིས་ཤེས་བྱའི་དེ་ཉིད་གཟིགས་པ་རྣམ་བཀྲ་བརྒྱ་བྱིན་གཞུང་དང་མཚུངས།།

རྒྱ་ཆེན་ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིད་བཞིན་དབང་གི་རྒྱལ་བོའི་སྤུན།།

འཕྲིན་ལས་མཚོ་བཞིན་གཏིང་མཐའ་ཡས་པས་བྱིན་རླབས་བདག་ལ་ཡུན་དུ་སྩོལ།།

མཁྱེན་པའི་རང་གཟུགས་ཡེ་ཤེས་དབང་ཕྱུག་ཤེས་རབ་རལ་གྲི་མཁའ་ལ་གདེངས།།

བརྩེ་བའི་བདག་ཉིད་འཇིག་རྟེན་དབང་ཕྱུག་ཕྱག་ན་པད་དཀར་ཕྲེང་བ་འཛིན།།

ནུས་པའི་དཔལ་མངའ་མཐུ་སྟོབས་དབང་ཕྱུག་འཇིགས་བྲལ་རྡོ་རྗེ་བགེགས་ལ་འཕྱར།།

གཉིས་མེད་གསུང་བ་རྒྱ་མཚོའི་ངོ་བོ་དཔལ་ལྡན་བླ་མའི་ཞབས་ལ་འདུད།།

མཁྱེན་རབ་མཛོད་འཛིན་དབྱངས་ལྡན་སྒེག་མོ་གངས་ཅན་སྐྱེད་ཚལ་ཡངས་པོ་རུ།།

མཁས་གྲུབ་གཉིས་འཛོམས་ཨུ་དུམ་ཝྰ་རའི་སྔོན་མེད་དྲི་བཟང་སྟོང་གི་བཅུད།།

ལེགས་པའི་དཔལ་གཞི་ཐུབ་བསྟན་རྒྱ་མཚོ་རླུང་དང་ལྷན་ཅིག་འགྲོགས་པ་ཡིས།།

མི་འཇིགས་རྡོ་རྗེ་བདེ་བ་སྦྱིན་ཁྱོད་བྱང་ཆུབ་ཐོབ་ཀྱང་གུས་པས་བསྟེན།།

སྔོན་ཚེ་བྱང་རྒྱུད་འཛིན་མའི་དྭངས་མ་ཙོང་ལའི་མགུལ་དུ་བྱེད་པ་ཡིས།།

དགེ་ལྡན་དག་བྱེད་གངྒྰ་གཉིས་པ་ཀུན་གྱི་ཆེད་དུ་བསྐྲུན་པའམ།།

སྐྱེ་དགུའི་བསོད་ནམས་རིན་ཆེན་སྟོང་ལས་ལེགས་འཁྲུངས་སྐལ་ལྡན་མེས་པོ་ཆེའི།།

ཞབས་རྗེས་རི་མོ་ས་གཞིའི་རྒྱན་དུ་བཀོད་པའི་དགེ་མཚན་མཐའ་མ་རིག།

མཐའ་བྲལ་ལྟ་བ་ཕྱོགས་ཀྱི་འཁོར་ལོ་ངན་རྟོག་སྨུག་སྤྲིན་དབྱིངས་སུ་ཡལ།།

བྱ་དཀའི་རླབས་ཆེན་རྒྱལ་སྲས་སྤྱོད་པ་རྒྱུ་སྐར་བྱེ་བ་འབུམ་གྱིས་བཀྲ།།

ཞི་ལྷག་ཟུང་འབྲེལ་གཡོ་མེད་བརྟན་པའི་སྒོམ་པ་ཉི་ཟླ་ཟུང་གཅིག་གིས།།

རབ་མཛེས་འཇམ་མགོན་བསྟན་པའི་བདག་པོར་གདོད་མའི་དུས་ནས་ལྷུན་གྱིས་གྲུབ།།

རྒྱ་ཆེན་ཐོས་པའི་ཆུ་ཀླུང་སྟོང་གིས་གཏིང་མཐའ་ཤིན་ཏུ་མི་མངོན་ཞིང་།།

རྨད་བྱུང་བསམ་པའི་རླབས་ཕྲེང་བརྩེགས་པས་ཀུན་གསལ་ནམ་མཁའི་གོ་འགོག་པ།།

ཟབ་གཟིགས་སྒོམ་པའི་དགོས་འདོད་ཀུན་སྩོལ་ཏོག་གི་བློ་གྲོས་དུ་མས་གང་།།

སྲིད་ཞིའི་ཁམས་ན་ཆེར་ཆེར་ལྕི་བའི་ལེགས་མཛད་དཔོག་པའི་ཐབས་ཀྱིས་དབེན།།

འཆད་པའི་དྲི་བཟང་རིང་དུ་འཐུལ་བས་གཟུར་གནས་རྐང་དྲུག་དགའ་བདེས་འཚོ།།

རྩོད་པའི་མེ་ཏོག་ཕྱོགས་བརྒྱར་བཞད་པས་སྐབས་གསུམ་བུ་མོའི་ཡིད་དབང་འཕྲོག།

རྩོམ་པའི་འབྲས་བཟང་གཡུར་དུ་ཟ་བས་ཐར་འདོད་ཚིག་མདའི་ལུས་སྟོབས་བརྟས།།

དཔལ་ལྡན་དཔག་བསམ་ལྗོན་པའི་དབང་བོ་སྲིད་པ་གསུམ་ན་ཟླ་ཡིས་བཏང་།།

མདོ་རྒྱུད་རྒྱ་མཚོར་མཁས་པའི་དཔལ་ཡོན་རྫོགས་ལྡན་གསར་བའི་རྗེས་སུ་བསྙེགས།།

བསླབ་ཁྲིམས་འོ་མས་ཐུགས་རྒྱུད་བཙུན་པ་པད་མའི་སྦུབས་བཞིན་གཙང་ཞིང་དག།

གདུང་རྒྱུད་བཟང་པོའི་རིགས་སུ་འཁྲུངས་པས་རྨ་ཀླུང་དལ་མོའི་རྒྱུན་ལ་འགྲན།།

ཡོད་དགུ་བསྐྱེད་པའི་མཚུངས་བྲལ་མགོན་གྱིས་ཚངས་དབང་ཁེངས་པའི་ཕུང་བོ་བསྙིལ།།

ཐུབ་བསྟན་བརྗོད་བྱ་སྲོག་ཏུ་ཞུགས་པའི་བཀྲ་ཤིས་མགྲིན་གླུ་སྙན་པའི་དབྱངས།།

གངས་སུ་གྱེར་བའི་ལེགས་ཚོགས་སྒོ་བརྒྱ་ཡངས་པོར་ཕྱེ་བའི་ཆོས་ཀྱི་སྡེར།།

རྣམ་དཔྱོད་ཧུབ་ཀྱིས་གཞུང་མང་ཆུ་གཏེར་ཐུགས་རྗེའི་ས་གཞིར་བསྐྱིལ་བ་སོགས།།

གང་གི་བརྩོན་ཤེས་གྲུ་ཆར་བསིལ་མས་མ་བརླན་ས་དེ་གང་དུ་མཆིས།།

གངས་ཅན་ལྷ་གཅིག་གྲུ་འཛིན་མགོན་པོའི་ཐུགས་བསྐྱེད་བཀྲ་ཤིས་སྣང་བ་ཡིས།།

ཐེག་མཆོག་ཆོས་ཀྱི་ས་མོས་ཚལ་ཆེན་གེ་སར་སོ་ཕྲེང་དགོད་པར་སར།།

བྱམས་བརྩེའི་མཁའ་གླང་སྟུག་པོའི་གསེབ་ནས་ཟབ་ཆོས་ཅི་དགར་འཇོ་བའི་ཚུལ།།

ཙི་ཏྟའི་སྡིངས་སུ་རྩེན་ཚེ་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྕི་བར་འཁུམས།།

སྒྲ་ཚད་མཆེ་སྡེར་རབ་ཏུ་རྣོ་བས་ཕས་རྒོལ་སྙིང་རྩ་དབང་མེད་འདར།།

བཟོ་གསོ་གཡུ་རལ་ཁུར་དུ་རྗིད་པས་དགེ་ལྡན་གངས་ཀྱི་ས་འཛིན་སྲུང་།།

ནང་དོན་ལུས་རྩལ་སྟོབས་སུ་དར་བས་མི་མཐུན་ཕྱོགས་རྣམས་ཀུན་ལས་རྒྱལ།།

རིག་དཔལ་གདོང་ལྔའི་རྒྱལ་པོ་མཆོག་གི་སྙན་པའི་ང་རོ་སྲིད་ན་མཐོ།།

དྲི་མས་ཡོངས་བཏང་ཕུལ་བྱུང་སྐུ་ལ་མཚན་དཔེའི་རེ་ཁྰ་ཀུན་ནས་འཛུམ།།

འཁྲུལ་བའི་བག་ཆགས་ཕྲ་མོས་མ་གོས་གསུང་དབྱངས་ཐར་བའི་ལམ་སྟོན་ཉིད།།

ཟབ་དང་རྒྱ་ཆེའི་ཐུགས་རྗེའི་བདག་ཉིད་གཏན་གྱི་འདྲེན་པའི་ཞབས་སེན་རྡུལ།།

བླ་མེད་བྱང་ཆུབ་བདུད་རྩི་རེག་ཀྱང་འབྲལ་མེད་སྤྱི་གཙུག་རྒྱན་དུ་བཀུར།།

དེང་ནས་འབྱུང་འགྱུར་སྐྱེ་ཕྲེང་ཐབས་ཅད་ཐུགས་རྗེའི་ཕྱག་སོར་གྱིས་བཟུང་སྟེ།།

ཟབ་དོན་གསལ་གཟིགས་རྒྱལ་སྲས་འཇུག་ངོགས་བདེ་བླག་འཁྲུངས་པའི་རྟེན་འབྲེལ་སྒོ།།

འཆུག་མེད་ལེགས་བྱས་འོད་དཀར་སྟོང་གིས་མ་གསུམ་འགྲོ་བའི་སྙིང་གི་མུན།།

གཞོམ་པའི་མཐུ་ལྡན་མགོན་པོ་ཉིད་དང་རབ་ཏུ་མཚུངས་པ་ཉིད་གྱུར་ཅིག།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་ཕྲེང་ཞོགས་པའི་གངས་ཆབ།

2009-11-24 བོང་སྟག་མཁས་གྲུབ་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།