སེམས་འགྱུ་དང་སྟོང་སྣང་།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-11-23

མྱུར་བགྲོད་སེམས་ནི་རླུང་དང་བཅས་ཏེ་འབད་པས་བཀག་ཀྱང་གློ་བུར་ཤོར།།

སྙིགས་མའི་ཕུང་བོ་ཁུར་དུ་ལྕིའང་འཁུན་སྒྲ་འདོན་པའི་སྐབས་མ་ཕྱེས།།

 

བྱིས་པའི་ཨ་མཚར་ཏིང་འཛིན་སྒོམ་པ་སྒོམ་གྱི་དྭངས་མར་འཁྲུལ་ནས་འདའ།།

 

མགོ་ལ་ལྡེམ་པའི་སྐྲ་ལོའི་དཔུང་གིས་ཞྭ་ཡི་གུར་ཁང་མི་དགོས་ཟེར།།

གནམ་གྱི་གོང་ན་སུ་ཞིག་མཐོ་བ་ཤེས་རབ་རྩལ་གྱིས་འཛིན་དགོས་ཟེར།།

 

ཕ་མཐའ་བྲལ་བའི་གཞུང་ལུགས་ཁྱོན་ན་སྲིན་འབུ་བཞིན་དུ་རྒྱུ་བ་ཁྱོད།།

ཁྲག་རྩའི་སྦུབས་སུ་ཤུགས་ཀྱིས་འཚང་བའི་སྙིང་གི་ཐིག་ལེ་དམར་པོ་ཡིན།།

 

ཀུ་ཤུའི་པགས་པ་རེ་རེ་བཤུས་པ་མི་ཚེ་སྟོབས་ཀྱིས་ཟ་བ་བཞིན།།

ཟིན་དུ་མེད་པའི་དུས་ཚོད་མཐོང་དུས་ང་ཡི་ལུས་འདི་སྐྱི་རེ་གཡའ།།

 

ནང་དུ་ཡང་དག་འཇོག་གི་བསམ་གཏན་འགད་ལ་ཉེ་བའི་རྫ་ཕོར་ཏེ།།

རེ་བའི་ཉག་མ་གཅིག་དུ་བཅིངས་པས་མི་ཐེག་སྡིག་གི་འགན་འཁྲི་ཡོད།།

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འགྱུ་དང་སྟོང་སྣང་།

2009-11-23 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

མྱུར་བགྲོད་སེམས་ནི་རླུང་དང་བཅས་ཏེ་འབད་པས་བཀག་ཀྱང་གློ་བུར་ཤོར།།

སྙིགས་མའི་ཕུང་བོ་ཁུར་དུ་ལྕིའང་འཁུན་སྒྲ་འདོན་པའི་སྐབས་མ་ཕྱེས།།

 

བྱིས་པའི་ཨ་མཚར་ཏིང་འཛིན་སྒོམ་པ་སྒོམ་གྱི་དྭངས་མར་འཁྲུལ་ནས་འདའ།།

 

མགོ་ལ་ལྡེམ་པའི་སྐྲ་ལོའི་དཔུང་གིས་ཞྭ་ཡི་གུར་ཁང་མི་དགོས་ཟེར།།

གནམ་གྱི་གོང་ན་སུ་ཞིག་མཐོ་བ་ཤེས་རབ་རྩལ་གྱིས་འཛིན་དགོས་ཟེར།།

 

ཕ་མཐའ་བྲལ་བའི་གཞུང་ལུགས་ཁྱོན་ན་སྲིན་འབུ་བཞིན་དུ་རྒྱུ་བ་ཁྱོད།།

ཁྲག་རྩའི་སྦུབས་སུ་ཤུགས་ཀྱིས་འཚང་བའི་སྙིང་གི་ཐིག་ལེ་དམར་པོ་ཡིན།།

 

ཀུ་ཤུའི་པགས་པ་རེ་རེ་བཤུས་པ་མི་ཚེ་སྟོབས་ཀྱིས་ཟ་བ་བཞིན།།

ཟིན་དུ་མེད་པའི་དུས་ཚོད་མཐོང་དུས་ང་ཡི་ལུས་འདི་སྐྱི་རེ་གཡའ།།

 

ནང་དུ་ཡང་དག་འཇོག་གི་བསམ་གཏན་འགད་ལ་ཉེ་བའི་རྫ་ཕོར་ཏེ།།

རེ་བའི་ཉག་མ་གཅིག་དུ་བཅིངས་པས་མི་ཐེག་སྡིག་གི་འགན་འཁྲི་ཡོད།།

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།