དུངས་སེམས་རླབས་ཀྱི་ཟེགས་མ། ༣

ཕྲད་པའི་འཛུམ་དཀར་གྱི་སྦྲང་ཆང་།།

མཉམ་པས་བཞེས་རོགས་ཤིག་གནང་དང་།།

བྲལ་བའི་སྐྱོ་གདུང་གི་མིག་ཆུ།།

རང་རང་སོ་སོ་ནས་འཐུང་ཆོག།

 

ང་རང་བྱེས་སོང་གི་རྗེས་ལ།།

སྤྱན་ཆབ་གཏོང་བ་རང་མ་གནང་།།

ཁྲེལ་མེད་འཁྱམ་པོ་ངའི་དོན་ལ།།

སེམས་པ་དཀྲུག་རིན་ཞིག་མི་འདུག།

 

ཧ་ལོའི་མེ་ཏོག་གི་འདབ་མ།།

ལྷོ་སྤྲིན་མིག་ཆུ་དེ་འགྲིལ་ཚེ།།

ད་ནངས་སྐྱེལ་ཐུང་ལ་ཕེབས་པའི།།

བུ་མོའི་ཞལ་རས་དེ་དྲན་བྱུང་།།

 

སྤྲིན་པ་ཐར་ཐོར་གྱི་གསེབ་ན།།

ཟླ་བ་ཁེར་འགྲོས་དེ་མཐོང་ཚེ།།

མི་ཡུལ་སྡེ་མཐའ་རུ་ཕྱིན་པའི།།

ཆུང་གྲོགས་བུ་མོ་དེ་དྲན་བྱུང་།།

 

ཞར་རས་མེ་ཏོག་གི་འདབ་མ།།

མིག་ཆུའི་ཟིལ་བ་ཡིས་བརླན་ཏེ།།

མ་བརྗེད་ལན་གསུམ་དུ་གསུངས་པ།།

དྲན་ན་ཚུགས་ཐབས་ཤིག་མི་འདུག།

 

བཅོ་ལྔའི་དུང་ཟླ་དེ་ཤར་ཚེ།།

ཉིན་མོའི་སྣང་བ་དང་འདྲ་ཡང་།།

བྱམས་པའི་ཞལ་རས་དེ་དྲན་ན།།

སེམས་ལ་མུན་པ་ཞིག་འཐིབ་ཡོང་།།

 

ཞལ་ངོ་མ་མཐོང་ཡང་ཆོག་གི།

གསུང་ངག་མ་ཐོས་ཀྱང་ཆོག་གི།

ནང་གི་དུང་སེམས་ཀྱི་སྐུད་པ།།

དུམ་བུར་ཆོད་ཐབས་ཤིག་མི་འདུག།

 

སྐུ་ལུས་ཚིགས་དྲུག་གི་སྨྱུག་མ།།

ལྷོ་རོང་ནགས་གསེབ་ན་ཡོད་ཀྱང་།།

ཞལ་རས་མེ་ཏོག་གི་འདབ་མ།།

ང་ཡི་སྙིང་ཁ་རུ་བཞད་འདུག།

 

ཨ་ཇོའི་ཚིག་གསུམ་གྱི་གསང་གཏམ།།

སྙིང་གི་མཚོ་གཏིང་དུ་སྦས་ཡོད།།

མཚོ་ལ་བྲི་བ་རང་མེད་ན།།

ཚིག་ལ་བོར་བ་དེ་མི་སྲིད།།

 

དྲན་བྱུང་སྙིང་སྡུག་དེ་དྲན་བྱུང་།།

དགོད་པའི་ཟུར་མིག་དེ་དྲན་བྱུང་།།

དྲན་བྱུང་དགའ་ལོ་དེ་དྲན་བྱུང་།།

འཛུམ་པའི་མཛེས་ཀོང་དེ་དྲན་བྱུང་།།

 

ཡིད་འོང་ན་ཆུང་གི་ལང་ཚོ།།

ཆུ་བོའི་ཕར་ཚུར་དུ་ལུས་ཀྱང་།།

དྲན་སེམས་སྤྲིན་དཀར་གྱི་དུམ་བུ།།

ཆུ་བོའི་མཐོངས་དབྱིངས་ནས་འཕུར་སོང་།།

 

དུང་ཤོག་དཀར་པོ་ལ་ཕབ་པའི།།

དྲན་པའི་རི་མོ་དེས་མ་ཡིན།།

མིག་ཆུས་བརླན་པ་དེ་མཐོང་བས།།

ཤུགས་རིང་ལན་གསུམ་དུ་ཤོར་སོང་།།

 

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུངས་སེམས་རླབས་ཀྱི་ཟེགས་མ། ༣

2009-11-23 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

ཕྲད་པའི་འཛུམ་དཀར་གྱི་སྦྲང་ཆང་།།

མཉམ་པས་བཞེས་རོགས་ཤིག་གནང་དང་།།

བྲལ་བའི་སྐྱོ་གདུང་གི་མིག་ཆུ།།

རང་རང་སོ་སོ་ནས་འཐུང་ཆོག།

 

ང་རང་བྱེས་སོང་གི་རྗེས་ལ།།

སྤྱན་ཆབ་གཏོང་བ་རང་མ་གནང་།།

ཁྲེལ་མེད་འཁྱམ་པོ་ངའི་དོན་ལ།།

སེམས་པ་དཀྲུག་རིན་ཞིག་མི་འདུག།

 

ཧ་ལོའི་མེ་ཏོག་གི་འདབ་མ།།

ལྷོ་སྤྲིན་མིག་ཆུ་དེ་འགྲིལ་ཚེ།།

ད་ནངས་སྐྱེལ་ཐུང་ལ་ཕེབས་པའི།།

བུ་མོའི་ཞལ་རས་དེ་དྲན་བྱུང་།།

 

སྤྲིན་པ་ཐར་ཐོར་གྱི་གསེབ་ན།།

ཟླ་བ་ཁེར་འགྲོས་དེ་མཐོང་ཚེ།།

མི་ཡུལ་སྡེ་མཐའ་རུ་ཕྱིན་པའི།།

ཆུང་གྲོགས་བུ་མོ་དེ་དྲན་བྱུང་།།

 

ཞར་རས་མེ་ཏོག་གི་འདབ་མ།།

མིག་ཆུའི་ཟིལ་བ་ཡིས་བརླན་ཏེ།།

མ་བརྗེད་ལན་གསུམ་དུ་གསུངས་པ།།

དྲན་ན་ཚུགས་ཐབས་ཤིག་མི་འདུག།

 

བཅོ་ལྔའི་དུང་ཟླ་དེ་ཤར་ཚེ།།

ཉིན་མོའི་སྣང་བ་དང་འདྲ་ཡང་།།

བྱམས་པའི་ཞལ་རས་དེ་དྲན་ན།།

སེམས་ལ་མུན་པ་ཞིག་འཐིབ་ཡོང་།།

 

ཞལ་ངོ་མ་མཐོང་ཡང་ཆོག་གི།

གསུང་ངག་མ་ཐོས་ཀྱང་ཆོག་གི།

ནང་གི་དུང་སེམས་ཀྱི་སྐུད་པ།།

དུམ་བུར་ཆོད་ཐབས་ཤིག་མི་འདུག།

 

སྐུ་ལུས་ཚིགས་དྲུག་གི་སྨྱུག་མ།།

ལྷོ་རོང་ནགས་གསེབ་ན་ཡོད་ཀྱང་།།

ཞལ་རས་མེ་ཏོག་གི་འདབ་མ།།

ང་ཡི་སྙིང་ཁ་རུ་བཞད་འདུག།

 

ཨ་ཇོའི་ཚིག་གསུམ་གྱི་གསང་གཏམ།།

སྙིང་གི་མཚོ་གཏིང་དུ་སྦས་ཡོད།།

མཚོ་ལ་བྲི་བ་རང་མེད་ན།།

ཚིག་ལ་བོར་བ་དེ་མི་སྲིད།།

 

དྲན་བྱུང་སྙིང་སྡུག་དེ་དྲན་བྱུང་།།

དགོད་པའི་ཟུར་མིག་དེ་དྲན་བྱུང་།།

དྲན་བྱུང་དགའ་ལོ་དེ་དྲན་བྱུང་།།

འཛུམ་པའི་མཛེས་ཀོང་དེ་དྲན་བྱུང་།།

 

ཡིད་འོང་ན་ཆུང་གི་ལང་ཚོ།།

ཆུ་བོའི་ཕར་ཚུར་དུ་ལུས་ཀྱང་།།

དྲན་སེམས་སྤྲིན་དཀར་གྱི་དུམ་བུ།།

ཆུ་བོའི་མཐོངས་དབྱིངས་ནས་འཕུར་སོང་།།

 

དུང་ཤོག་དཀར་པོ་ལ་ཕབ་པའི།།

དྲན་པའི་རི་མོ་དེས་མ་ཡིན།།

མིག་ཆུས་བརླན་པ་དེ་མཐོང་བས།།

ཤུགས་རིང་ལན་གསུམ་དུ་ཤོར་སོང་།།

 

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།