བོད་ཡུལ་བདེ་བའི་སྨོན་ལམ།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ།།
ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས།།
རྗེ་བཙན་སྒྲོལ་མ་གུ་རུ་པདྨ་འབྱུང་།།
གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས།།
སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས།།
སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་།།
ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས།།
སྔར་བ་གྲགས་པའི་མི་ཕྱུགས་དལ་ཡམས་ནད།།
གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་བོའི་ཟེར།།
བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུག་རྩོད།།
ཆར་ཆུ་མི་སྙོམས་གངས་ཅན་བྲ་བྱའི་ཐན།།
ས་གཡོགས་མེ་དགྲ་འབྱུང་བཞིའི་འཇིགས་པ་དང་།།
ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས།།
གངས་ཅན་ལྔོངས་འདིར་གནོད་འཚེའི་རིགས་མཐའ་དག།
མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག།
མི་དང་མི་མིན་འགྲོ་བ་མཐའ་དག་གི།
རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ།།
ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་།།
བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱིས་འབྱོར།།
སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག།
རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས།།
འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང་།།
བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས།།
གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག།
རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།