སྐྱ་རེངས་ལྷ་མོའི་འབོད་བརྡ།

ལྷ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-20

གཅིག

ངམ་ནག་མཚན་མོས་འཁྱུད་པའི་རྒྱ་རུ་གཉིད་ལ་ཡུར་བའི་གངས་རི་ཡ།།

ད་ནི་ཁྱོད་ཀྱི་མཚར་སྡུག་འཛུམ་དཀར་འཇིག་རྟེན་དཔྱིད་དུ་དགོད་ལ་རན།།

བདག་གིས་མ་རིག་མུན་པའི་སྲིན་མོ་དམར་སེར་མེ་ལ་སྒྲོན་བཞིན་དུ།།

ཡུལ་གྱིས་རྣམ་པར་བསྐལ་བའི་ཤར་ནས་ཞབས་སྐྱེས་གར་སྟབས་འདི་རུ་སྒྱུར།།

སྲ་འཐས་འཁྱགས་རོམ་སྦུབས་སུ་སྨྲ་བརྗོད་ཡུན་རིང་བཅད་པའི་གཙང་ཆབ་ཡ།།

ད་ནི་རྟོགས་པ་སད་པའི་སྙན་འགྱུར་གླུ་སྒྲ་གསེང་མཐོར་སྒྲོགས་པར་གྱིས།།

རང་ལ་དབང་བའི་སྔོན་སྐྱོད་རྐང་སྟབས་ཁ་བཏགས་བཞིན་དུ་སྐྱོད་པར་གྱིས།།

ད་ནི་ཡང་ཡང་ཡིད་ལ་གཅགས་པའི་རེ་སྨོན་གཞི་ནས་མངོན་སུམ་གྱུར།།

དུད་སྨུག་ཀློང་དུ་འཁྱིལ་བའི་རུམ་ན་སྔུར་བ་འདྲེན་པའི་གྲོང་སྡེ་ཡ།།

ཡིད་ཀྱི་མཁའ་ལ་འཐིབས་པའི་བྱིང་རྨུགས་ཤེས་རྟོགས་གླལ་མོས་གཏོར་བར་གྱིས།།

ད་ནི་ཁོད་སྙོམས་གཤིན་པའི་ས་ཞིང་དགུན་གྱི་འཆིང་རྒྱ་ལས་གྲོལ་བས།།

ཁྱུང་དཀར་མཛོ་རྣམས་དོར་དུ་སྡེབས་ལ་དཔྱིད་ཀྱི་རྨོ་འདེབས་གསར་དུ་བརྩམས།།

ལམ་ལམ་ཐོ་རངས་སྐར་ཆེན་བགྲོད་ལམ་འཚོལ་བའི་འདྲེན་བྱེད་དུ་བསྟེན་ཏེ།།

བདག་གིས་རྩྭ་མགོའི་ཟིལ་བ་འོད་ཀྱི་རྡོག་པས་གཏོར་ཞིང་གཏོར་ཞིང་འོངས།།

བྱ་ཕོས་མགྲིན་སྒྲ་གཉིད་དུ་འཐོམས་རྣམས་སློང་བའི་དུང་བརྡ་རུ་བྱས་ཏེ།།

བདག་གིས་ནང་ལྕགས་བརྒྱབ་པའི་དྲ་མ་སོར་མོས་རྡུང་ཞིང་རྡུལ་ཞིང་འོངས།།

                                གཉིས།

སུམ་ཐབ་འཁྲིས་སུ་དབྱར་གྱི་དྲོད་སྐྱིད་ཤུབ་བུར་ཟློ་བའི་སྤུན་ཟླ་ལགས།།

ད་ནི་སྦྲ་ཁྱིམ་ཁ་སྲུབ་ཕྱེས་ལ་ཞོགས་ཀའི་འོད་སྣང་ཁྱིམ་དུ་བསུས།།

དམར་དྲི་འཐུལ་བའི་སྤྱང་ཀིའི་ཕེ་སྒྲ་མུན་པའི་ཁུང་བུ་དག་ཏུ་བྱེར།།

ཇག་རྐུན་རྣམས་ཀྱིས་གཞན་ཡུལ་དེད་པའི་རྟ་ཁྱུ་སླར་ཡང་རང་གནས་ལྡོག།

ཆར་གྱིས་བརླན་པའི་རྟ་རྒོད་རྒྱབ་ཏུ་ཁོ་ལག་རྒྱས་པའི་སྟག་ཤར་རྣམས།།

ད་ནི་བཙའ་ལ་འབྱར་བའི་རལ་གྲིར་རྣོ་ངར་བླུད་ལ་སྐེད་དུ་ཐོགས།།

དར་ཚོན་བརྒྱན་པའི་མདའ་དར་སྟོང་གིས་རི་ཆེན་ལབ་ཙེ་སྟོད་པར་མཛོད།།

ས་འཛིན་སྤོ་རུ་ཀི་ལྡིར་གྱིས་ལ་རི་ལུང་གཉིད་ལས་དཀྲོགས་ཤིག་ཀྱེ།།

རི་སྐྱེས་མེ་ཏོག་རྨི་ལམ་མཛེས་པའི་རྒྱན་དུ་རྨི་བའི་ན་ཆུང་ཀྱེ།།

ད་ནི་ཀུན་ནས་འཕྱིངས་པའི་སྐྲ་ལོ་ཆུ་བོའི་འགྲམ་དུ་ཤད་པར་གྱིས།།

ཡུན་རིང་ངོ་འཛུམ་གནག་པའི་བཞིན་གྱི་ལྷད་མེད་སྤྲོ་འཛུམ་གྲོལ་བར་མཛོད།།

ཁྱོད་ཀྱི་ལང་ཚོའི་མཛེས་སྡུག་སྤྱོམས་ཕྱིར་ཉི་གཞོན་ཤར་གྱི་གྲོང་ལས་འོངས།།

གཤོག་འགྱུར་རྩེན་པའི་ཆུ་སྐྱར་འབུམ་ཕྲག་ཐོག་མའི་དཔུང་དུ་ཉེར་བསྐུལ་ནས།།

བདག་གིས་ཆུ་གཏེར་ངོས་སུ་གོམ་པའི་རླབས་ཕྲེང་སྐྱོད་ཅིང་སྐྱོད་ཅིང་འོངས།།

རྐང་འཐུང་ཡལ་གར་དཔྱོང་པའི་ཕ་ཝང་འཇིག་རྟེན་གཞན་དུ་མཐར་བསྐྲད་དེ།།

བདག་གིས་ནགས་ཚལ་འདབ་ཆགས་བྱེ་བར་འུར་ཟིང་སློང་བཞིན་སློང་བཞིན་འོངས།།

གསུམ།

གྱང་ཆག་ཁང་རལ་དག་ཏུ་བརླགས་པའི་འགྱོད་གདུང་ངག་ཏུ་འཁྲོལ་བ་རྣམས།།

ད་ནི་བུ་རབས་ཚ་རྒྱུད་སྐྱོང་བའི་སློབ་གླིང་གསར་དུ་སྐྲུན་པར་གྱིས།།

ཤེས་རིག་དབྱངས་སུ་གྱེར་བའི་སྒྲ་ཡིས་གཏི་མུག་སྟོང་འཇགས་སེལ་བར་མཛོད།།

གསར་དུ་གོམ་པའི་འདེགས་འཇོག་རྩེན་རྣམས་ཉིད་བྱེད་ཟེར་མས་ཁྲིད་དེ་བྱོན།།

མེས་རྒྱལ་མངའ་ཁོངས་ཞབས་ཀྱིས་འཆག་སླད་ཕྱོགས་བཞིར་མཆེད་པའི་ཚོ་ཁག་ཡ།།

ད་ནི་མཐུན་སྒྲིལ་ཕྱག་ཟུང་སྦྲེལ་ལ་གཏན་བདེར་གཞོལ་བའི་ཟམ་ཆེན་ཕོབས།།

བསམ་གཞིག་ཀློང་ན་འཕྲོ་བའི་བློ་གྲོས་ལམ་སྣ་ཁྲིད་པའི་ཕོ་ཉར་མཛོད།།

རྨད་བྱུང་ཚན་རིག་དཔལ་དུ་འདྲེན་པའི་གཞུང་ལམ་གངས་རིའི་སུལ་དུ་རྐྱོངས།།

ཡིད་ཀྱི་སྤྲོ་སྐྱོ་ཁ་སྐྱུར་འདྲེས་མའི་བདུད་རྩིར་བཅོལ་བའི་སྙན་ངག་མཁན།།

ད་ནི་དྲ་ཡོལ་ཕྱེས་ལ་ཡིད་ཀྱི་སྐྱོ་ངལ་བསིལ་འཇམ་རླུང་ལ་སྐུར།།

ལིས་ཋ་ཏེ་ཡི་རྣོ་སྦྲེང་རོལ་དབྱངས་ནམ་མཁའི་མཐའ་ནས་བཞུར་འོངས་པས།།

ད་ནི་བདེན་བཟང་མཛེས་གསུམ་འཇིག་རྟེན་དགེ་བའི་དཔལ་དུ་རྩོམ་ལ་རན།།

གསེར་གྱི་རྒྱ་ཕིབས་སྨག་མུན་ཁམ་དུ་ཟ་བའི་གྲོགས་སུ་ཉེར་སྦྲན་ཏེ།།

བདག་གིས་བྱ་འདབ་བརྒྱན་པའི་དངུལ་གྱི་དྲིལ་བུ་དཀྲོལ་ཞིང་དཀྲོལ་ཞིང་འོངས།།

སྔོ་བསང་མཁའ་ལམ་བསྒྲིབས་པའི་སྤྲིན་གྱི་སེང་རས་ཀུན་ནས་བསལ་མཛད་དེ།།

བདག་གིས་གཟེབ་ཏུ་ཚུད་པའི་ཞི་བདེའི་ཕུག་རོན་གཏོང་བཞིན་གཏོང་བཞིན་འོངས།།

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱ་རེངས་ལྷ་མོའི་འབོད་བརྡ།

2009-10-20 ལྷ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།