ཆོལ་གསུམ་གཞོན་ནུ་རྣམས་ལ་བཅངས་པའི་རེ་བ་གཞིག་བྲལ་སྙིང་གི་རྡོ་རིང་།

རྔོག་རྒྱུུད་འཇམ་དབྱངས་འཕྲིན་ལས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-15

གྲངས་མེད་རྒྱལ་བ་ཀུན་གྱི་གསང་གསུམ་གྱི་ཕུང་བོ།།

རབ་མཛེས་ཞི་བའི་ཚུལ་སྟོན་མཁྱེན་གཏེར་གྱི་ལྷ་མོ།།

མགྲིན་པ་ལོངས་སྤྱོད་འཁོར་ལོའི་འོ་མཚོ་རུ་བྱོན་ནས།།

གཞུང་བརྒྱ་སྨྲ་བའི་བློ་སྤོབས་ད་ལྟ་རང་སྩོལ་ཅིག།

འཛམ་གླིང་གོ་ལ་ཟླུམ་པོའི་ལྟེ་བ་རུ་ཆགས་པའི།།

བསིལ་ལྡན་ར་བ་དཀར་བོ་ཆོལ་གསུམ་གྱི་ལྗོངས་ཆེན།།

བོད་ཕྲུག་གཞོར་ནུར་བཅངས་པའི་སེམས་གཏིང་གི་རེ་བ།།

འཁྱོག་བྲལ་ངག་གིས་མ་གསང་དྲང་བོ་རུ་བརྗོད་དོ།།

བཙན་པོའི་འཕྲུལ་གྱིས་བསྐྱེད་པའི་སྔོན་རབས་ཀྱི་མཛད་རྗེས།།

ཡབ་མེས་གོང་མས་བཟུང་བའི་ཕྱི་མིག་གི་རེ་བ།།

སྙིང་སྟོབས་བྱེ་བས་འདེགས་དཀའི་རླབས་ཆེན་གྱི་ཁུར་བོ།།

འཇིགས་མེད་རང་སྟེང་ལེན་མཁན་ཁྱོད་ཚོ་ལས་མ་མཆིས།།

སྲོལ་བཟང་གསར་དུ་འཛུགས་པ་ཁྱོད་ཚོ་ཡི་སྙིང་རུས།།

སྲོལ་ངན་རྩད་ནས་གཅོད་པ་ཁྱོད་ཚོ་ཡི་འོས་འགན།།

ཡོད་ཚད་ཁྱོད་ཚོར་གཏོད་དོ་ཆོལ་གསུམ་གྱི་གཞོན་ནུ།།

ང་ཚོའི་སེམས་འཛིན་གཅིག་པུ་ཁྱོད་ཚོ་རང་ཡིན་ནོ།།

བསླབས་ནས་མཁས་པ་སྐྱེ་བོ་ཕལ་བ་རུ་བལྟ་ཞིང་།།

མ་སྦྱངས་བླུན་པོ་སྐྱེས་བུ་དམ་པ་རུ་འཛིན་པ།།

བཟང་ངན་མགོ་རྟིང་བརྗེས་པ་བྷོ་ཌ་ཡི་ལུགས་སྲོལ།།

སྤང་བླང་འཇུག་ལྡོག་བྱེད་མཁན་ཁྱོད་ཚོ་ལ་བབ་པོ།།

སྦྱངས་པའི་ཡོན་ཏན་དཔལ་གྱི་རིན་གོང་རང་ཉམས་པ།།

མ་བསླབས་ཤེས་རྫུ་འཁྱོག་པོས་འཇིག་རྟེན་ཀུན་བསླུས་པ།།

རང་རིགས་ཡར་རྒྱས་མེད་པའི་འགག་རྩ་རུ་ངེས་པས།།

བཟློག་དཀའི་འདུ་ཤེས་བསྒྱུར་བ་ཁྱོད་ཚོ་ལ་རག་འདུག།

སེལ་མེད་སྡུག་བསྔལ་བརྒྱ་ཡི་རྣག་ཁྲག་གི་ཕུང་བོ།།

བརྗེད་དཀའི་འཁོན་འཛིན་དྲག་པོའི་ལུས་སེམས་ཀྱི་རྨ་ཁ།།

ནང་དམེ་དཔའ་སྐད་སྒྲོག་པ་རྩྭ་ས་ཡི་རྩོད་གླེང་།།

ཡ་ངའི་སྲོལ་ངན་གཏོར་བ་ཁྱོད་ཚོ་ལ་གཏོད་དོ།།

བསིལ་ལྗོངས་འགྲོ་བ་འཛམ་གླིང་ཡང་རྩེ་རུ་གནས་ཀྱང་།།

མང་མང་སྐྱེ་བོ་ཕལ་ཆེར་མུན་ཁྲོད་དུ་འཁྱམས་པས།།

ཤེས་རིག་ཁྱབ་གདལ་མ་ཡོང་གནད་འགག་ལ་ཐུག་པས།།

ཡིག་རྨོངས་སྒྲོག་ལས་བཀྲོལ་བ་ཁྱོད་ཚོ་ཡི་བྱ་བ།།

བཅོས་སྒྱུར་སྒོ་འབྱེད་ཙམ་གྱི་ཚིག་རིས་ལ་ཆགས་ཏེ།།

ཡབ་མེས་ཡུལ་སྲོལ་གོམས་གཤིས་གང་བཟང་ཀུན་དོར་ན།།

གོ་ལའི་ཕང་བར་ཡུན་རིང་འཚོ་ཐབས་རང་མེད་པས།།

མི་རིགས་རང་ཚུགས་འཛིན་མིན་ཁྱོད་ཚོ་ལ་རག་འདུག།

ཚན་རིག་ལག་རྩལ་དགུང་སྔོན་ཉི་ཟླ་ལྟར་འཕགས་ཤིང་།།

སྲིད་འབྱོར་རིག་གསུམ་དབྱར་གྱི་མཚོ་མོ་བཞིན་རྒྱས་ཀྱང་།།

ལག་ལེན་དངོས་སུ་བསྟར་ནས་འཛུགས་སྐྲུན་གྱི་གཞི་རྐང་།།

འཛུགས་མིན་ཆོལ་གསུམ་གཞོན་ནུའི་མགོ་ཐོག་ལ་ལྷུང་འདུག།

དེ་སྐད་སྨྲས་པ་ཆོལ་གསུམ་གཞོན་ནུ་ལ་བཅངས་པའི།།

བཅོས་མིན་རེ་བ་གཞིག་བྲལ་སྙིང་ཁོང་གི་རྡོ་རིང་།།

བྱང་ཕྱོགས་འགྲོ་ལ་རབ་དཀར་ལྷག་བསམ་གྱིས་ཕྱུག་པ།།

གངས་རིའི་མྱུ་གུ་འཇམ་དབྱངས་འཕྲིན་ལས་གྱིས་ཕུལ་ཏོ།།

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུགས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོལ་གསུམ་གཞོན་ནུ་རྣམས་ལ་བཅངས་པའི་རེ་བ་གཞིག་བྲལ་སྙིང་གི་རྡོ་རིང་།

2009-10-15 རྔོག་རྒྱུུད་འཇམ་དབྱངས་འཕྲིན་ལས ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།