ལྷོད་ཀྱིས་འཕངས་པའི་ཉག་ཕྲན།

ཀ་ཡེ་གྲོགས་དག་སྔོན་མེད་རྫོགས་ལྡན་གསར་བའི་དུས་འདིར། །
ཁ་རོག་སྡོད་ཐབས་མི་འདུག་མི་རིགས་གཞན་ལ་ལྟོས་དང༌། །
ག་ཙམ་ལྕོགས་པ་དེ་ཙམ་ཉིད་ཀྱིས་བསྒྱུར་བཅོས་སྣ་རེ། །
ང་ཁྱོད་མ་རྩོད་མྱུར་དུ་གྱིས་དང་དགེ་མཚན་ཆེ་འདུག །
ཅ་ནེ་ཤིང་གིས་བཟོ་བ་སྔ་རབས་མིག་ལ་མཛེས་ཀྱང༌། །
ཆ་ལུགས་ལེགས་བཅོས་གཏོང་བ་འཛམ་གླིང་ཧྲིལ་བོའི་འཕེལ་ཕྱོགས། །
ཇ་ཆང་བཏུང་སྣོད་ཡན་ཆད་དེང་རབས་ལུགས་དང་བསྟུན་ནས། །
ཉ་ཉོག་དགོས་མཁོ་མེད་དག་བསམ་པའི་གཏིང་ནས་དོར་ཅིག །
ཏ་ཐཱ་ག་ཏཱའི་གསུང་ལ་དད་པ་ཡོད་ན་ལོས་ཆོག །
ཐ་ཤལ་སྲོལ་ངན་བསྒྱུར་ན་དེ་དང་འགལ་བ་ཅི་ཡོད། །
ད་ནས་བཟུང་སྟེ་འཇིག་རྟེན་གོང་དུ་འཕེལ་བའི་ཕྱོགས་ལ། །
ན་ཚོད་རྒན་གཞོན་ཀུན་གྱིས་གོམ་སྟབས་ཆེ་ཙམ་སྤོས་ཤིག །
པ་ཅོག་ནང་དུ་ལྕགས་ཀྱི་རྡོ་རྗེ་འཕྲེད་ལ་བཅིང་ཡང༌། །
ཕ་རོལ་ཕྱིན་བཅུའི་གྲངས་འདྲེན་ཙམ་ཞིག་ཁོག་ན་མེད་པའི། །
བ་གླང་དེ་ཚོ་ཆོས་དང་འཇིག་རྟེན་གཉིས་ཀྱི་རྐང་འདྲེན། །
མ་རུངས་བདུད་ཀྱི་ཟློས་གར་ཡིན་ནོ་ཕྱགས་མ་ཐོངས་ཤིག །
ཙ་མུན་ཊི་ཡི་བདག་པོའི་ཕྱག་གི་མེ་ལོང་ནང་ན། །
ཚ་བའི་མེ་ལ་གྲང་བའི་ཆུ་རུ་མཐོང་བ་མིན་ན། །
ཛ་ཡའི་གསུང་དང་ཀུན་ནས་འགལ་ཞིང་དམངས་ལ་གནོད་པའི། །
ཝ་སྐྱེས་ཚོགས་དག་སེང་ཕྲུག་ཁྱུ་ནས་གཞན་དུ་སྐྲོད་ཅིག །
ཞྭ་མདོག་དམར་སེར་གང་ཡིན་ཁྱད་མེད་བསྟན་པའི་མཛེས་རྒྱན། །
ཟ་འདོད་དཀོར་ལ་ལག་པ་རིང་བ་འབྱུང་བོའི་ཆོ་འཕྲུལ། །
འ་ཅག་དུས་འདིར་གཞན་རྟེན་སྲིན་བུའི་སྲོལ་ངན་རྙིང་བ། །
ཡ་རབས་དམ་པའི་ལུགས་དང་བསྟུན་ནས་འཆོས་པར་མཛོད་ཅིག །
ར་མིན་ལུག་མིན་རྐུབ་སེར་དེ་ཚོ་གཏེར་སྟོན་མིན་ལ། །
ལ་ལུང་ཉུལ་བའི་ཧེབ་རྒན་ཏེ་ཚོ་ཆོས་པ་མིན་པས། །
ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པ་སྤྱང་ཀིའི་རིགས་མཐུན། །
ས་ཕྱོགས་གར་ཡོད་མི་ཤེས་ཀུན་གྱིས་ཐུགས་ཟོན་གྱིས་ཤིག །
ཧ་ཅང་དྲང་བའི་གཏམ་གྱི་ཉག་ཕྲན་རི་ནས་འཕེན་པ། །
ཨ་མཚར་མ་ཡིན་གྲོང་གི་འཕར་སྤྱང་དག་ལ་དམིགས་ཀྱང༌། །
རི་གྲོང་མཚམས་ཀྱི་རི་དྭགས་འགའ་ལའང་གནོད་པར་དོགས་ནས། །
ཚིག་གི་མཐེབ་ཤེད་ཡོངས་སུ་མ་སྤྱད་ལྷོད་ཀྱིས་ཐལ་ལོ། །
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོད་ཀྱིས་འཕངས་པའི་ཉག་ཕྲན།

2009-04-07 ནོར་སྡེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།