དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས།

འཇམ་པོའི་མལ་ན་གཉིད་དུ་ཞུགས་ན་ཡང༌། །
སྙན་པོའི་རྩོམ་ཡིག་འབྲི་བར་སོར་རྩེ་འཚབ། །
སྙིང་པོའི་བརྗོད་བྱའི་མཛའ་མོ་མ་རྙེད་པར། །
མཛེས་པའི་ཚིག་སྦྱོར་རྒྱན་ཆ་སུ་ལ་འདོགས། །
གློ་བུར་ཕྱི་ཡི་ཞིང་ཐང་གཤིན་པོ་ནས། །
ནས་ཞིང་སྐྲ་ལོ་གཅོད་པའི་གླུ་དབྱངས་སྒྲ། །
དུས་བཞིའི་སོ་ནམ་བྱེད་ལུགས་ཡིད་ལ་དྲན། །
              དཔྱིད་དུས།
མགྲིན་སྔོན་ཅན་གྱིས་གླུ་དབྱངས་ལེན་པའི་དུས། །
དུས་བཞིའི་དང་པོ་སྐྱེ་དངོས་ཀུན་དགའི་དཔྱིད། །
དཔྱིད་ཀྱི་ལྷ་མོ་མར་གད་མདངས་འཛིན་དེ། །
དེ་མར་འཇིག་རྟེན་ཁམས་སུ་ལྟད་མོར་བྱོན། །
ཞིང་ཐང་མ་ལུས་བརླན་ཞིང་གཤེར་བ་འདི། །
འདི་ཀོ་དྲག་ཆར་བབས་པ་མ་ཡིན་ཞིང༌། །
ཞིང་རྣམས་དགུན་གསུམ་འཁྱམས་པའི་བཙོན་རར་ངལ། །
ངལ་བའི་རྔུལ་ཆུའི་རྒྱུན་གྱི་ལྷག་མ་ཡིན། །
མུ་འགྲམ་ནེའུ་གསིང་ཕྲག་དོག་ཅན་རྣམས་ཀྱིས། །
མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་བཞིན་དགོད། །
དེ་ཚེ་སོ་ནམ་པ་རྣམས་མ་བཟོད་པར། །
བདག་ཡོད་ཞིང་ལ་བདག་མེད་སྐྱེ་དངོས་ཀྱིས། །
སྨད་པ་འདི་ནི་ཅིས་ཀྱང་མི་རིགས་པས། །
རིང་མིན་མཛེས་པ་འགྲན་ཞེས་གྲོས་སུ་གླེང༌། །
གཟའ་སྐར་ཚེས་གྲངས་ཡོངས་སུ་བཟང་བའི་ཉིན། །
ཉིན་དེར་ཁྱུང་དཀར་མཛོ་ཕོའི་རྭ་ཅོའི་སྟེང༌། །
སྟེང་ཕྱོགས་ལྷ་ལ་ངོམས་པའི་དར་དམར་བརྒྱན། །
རྒྱན་སྤྲོས་མ་ཚང་མེད་པ་ལེགས་པར་སྤྲས། །
གླང་པོའི་སྟོབས་ལ་འཁུ་བའི་ཁྱུང་དཀར་མཛོའི། །
བརྟན་བརླིང་གོམ་པའི་འདེགས་འཇོག་དང་མཐུན་པར། །
སྐེ་དྲིལ་སྒྲ་དབྱངས་སྙན་པའི་ཏིང་སྒྲ་དེ། །
ཐུབ་པའི་ཏིང་ཤགས་སྒྲ་དང་འཁྲིལ་ཏེ་དད། །
སྦོམ་ཕྲ་མེད་པའི་རོལ་ཆ་ཁུག་བྱ་ནི། །
གནའ་བོའི་ཕུབ་ཀྱི་རི་མོའི་རྗེས་སུ་མཐུན། །
མན་ངག་ལྔ་བདུན་བཅུ་གཉིས་མ་ཤེས་ན། །
མིང་ལ་མཛོ་པ་མཁས་ཅན་ཟེར་དོན་མེད། །
བཅུ་དྲུག་ལང་ཚོའི་ཆ་ཤས་ཡོངས་རྫོགས་ཤིང༌། །
ཕྲ་ལྡེམ་སྨྱུག་མའི་གཟུགས་འཛིན་སྒེག་འཆང་མས། །
རོལ་ནང་ས་བོན་གཏོར་པའི་ཕྱག་རྒྱ་ནི། །
ལྷ་ཡི་གར་མའི་སྟང་སྟབས་ཉིད་དང་མཚུངས། །
གཟིགས་དང་ལས་ལ་དཔའ་བའི་ཕོ་གསར་ཚོགས། །
དྲི་མེད་ཀ་ཅིའི་རས་གོས་ཀྱིས་བཀླུབས་ཏེ། །
ཁོད་སྙོམས་དྲས་ཤལ་བརྒྱག་པའི་རུ་སྟར་ནི། །
ཁྲུང་ཁྲུང་ལྷོ་ནས་བྱང་དུ་འཕུར་བ་བཞིན། །
ཚ་གདུང་མ་ཐེག་ངལ་གསོའི་བར་མཚམས་སུ། །
ཕོ་གཞོན་མོ་གཞོན་སྦེ་ག་འགྲན་པ་དང༌། །
ཕན་ཚུན་ཆུ་རྩེད་རྩེད་དང་ཚིག་རྒྱག་ན། །
བརྩེ་དུང་སྦྲང་རྩིའི་རོ་བཅུད་མཚོན་པར་བྱེད། །
མུ་མཐའ་མི་མངོན་ཞིང་ཐང་ནམ་མཁའི་སྤུན། །
མཛོ་ཕོའི་རྐང་པའི་གྲངས་ཀྱིས་གཞལ་བ་ལ། །
ངང་སྒུག་མ་བཟད་འཕྲུལ་ཆས་སྣ་མང་རིགས། །
རྨོ་འདེབས་དུས་བཟང་འཛིན་པའི་གྲོགས་སུ་ཕེབས། །
དེ་ལྟར་ཉིན་ཞག་དུ་མ་འདས་པའི་རྗེས། །
རིན་ཆེན་ས་བོན་གཏེར་དུ་སྦས་ཟིན་པའི། །
མཐའ་མའི་ཉིན་དེར་འདེབས་འཇུག་རྟེན་འབྲེལ་ཐོག །
མི་མཛོ་དབྱེར་མེདད་བདུད་རྩིའི་ཆང་གིས་མྱོས། །
དེ་ནས་ནོར་འཛིན་སྒེག་མོའི་སྐུ་ལུས་ནས། །
ལྗང་གཞོན་ཁྱེའུ་གསར་པ་བཙས་མ་ཐག །
ནམ་མཁའི་ལྷ་མོས་བདུད་རྩིའི་ཆབ་བྲན་ཏེ། །
མི་གཙང་དྲི་མ་དག་པའི་སྐུ་ཁྲུས་གསོལ། །
ཡན་ལག་བརྒྱད་ལྡན་གངས་རིའི་ཆུ་རྒྱུན་དང༌། །
ནམ་མཁའི་ནོར་བུས་བསྐྱངས་པའི་མྱུ་གུ་གསར། །
ལྡེམ་ལྡེམ་རླུང་གིས་རྣམ་པར་གཡོ་བའི་དུས། །
ནོར་འཛིན་དཔལ་མོས་ཡོམ་ཡོམ་བྱེད་པ་འདྲ། །
རྒྱུད་མངས་བྱེ་བའི་སྒྲ་ཡིས་བསྐྲུན་དཀའ་བའི། །
བྱིའུའི་ཚོགས་དང་སྤུ་སྡུག་ཕྱེ་མ་ལེབ། །
འཕུར་ལྡིང་ཟློས་གར་གང་འདོད་བསྒྱུར་དང་ལྷན། །
ལྗང་པའི་གསེབ་ཏུ་སྐྱོད་པའི་འཚོ་བར་རོལ། །
མི་རིང་ཡུར་མ་ཡུར་བའི་དུས་ཀྱི་ནང༌། །
ལྗང་ཆུང་ཉིན་བཞིན་ལོ་འདབ་རྒྱས་པ་ལ། །
གནོད་པར་འདོད་པའི་རྩྭ་ངན་ཡོག་བུ་སོགས། །
མ་ལུས་དྲུངས་ནས་བཀོག་པས་ལྗང་ཆུང་སྐྱེས། །
མཉེན་ལྕུག་སྔོ་ལྗང་གྲོ་ལྗང་ནས་ལྗང་དང༌། །
ཡལ་འདབ་གྲིབ་བསིལ་སྐྱིད་པའི་སྲན་མ་སོགས། །
ཀུན་ཀྱང་དབྱར་གྱི་དགའ་སྟོན་ཉེར་བསུས་ཏེ། །
ལང་ཚོའི་ལུས་སྟོབས་རྒྱས་པར་སྒུག་པ་བཞིན། །

              དབྱར་དུས།
རྒྱུ་སྐར་ལམ་དུ་ལྷ་ཡི་རྫིང་རིང་བ་གམ་མཆོད་རྟེན་བཞིན་དུ་གནས། །
ཆད་པ་མེད་པའི་སྦྲང་ཆར་བསིལ་མས་ནོར་འཛིན་ཐལ་རྡུལ་མ་ལུས་བཀྲུས། །
རི་ཀླུང་ཀུན་ནས་ཆུ་ཕྲན་ཤང་ཤང་རྒྱ་མཚོ་ཆེན་པོའི་ལྟོ་བར་འཛུལ། །
ཡངས་པའི་ཞིང་ཐང་ལོ་ཏོག་ངོས་སུ་བུང་བ་བབས་སའི་རྒྱ་ཁྱོན་དོག །
རྡོག་མེད་སྙེ་གྲ་གནམ་ལ་གཟེངས་དེ་མཁས་རློམ་ཅན་གྱི་ངང་ཚུལ་སྟོན། །
ལག་གདང་སྦྲེལ་བའི་སྲན་མའི་མེ་ཏོག་ན་ཆུང་བུ་མོའི་དགྲ་ཟླར་གྱུར། །
གྲོ་སྙེ་སྟོང་པས་མིག་སྐྱག་དཀར་པོ་རྒྱན་ཆར་བསམ་ཏེ་གཞན་ལ་ངོམ། །
པད་ཁས་འབོག་ཏོ་སེར་པོ་གོན་ནས་ལྟ་བ་མཐོ་པོའི་ལད་མོ་བྱེད། །
ཚ་གྲང་ངལ་བས་འཇོམས་པར་མི་ནུས་མྱོང་བ་ལྡན་པའི་སོ་ནམ་པས། །
སྐམ་དུས་བརླན་དང་བརླན་དུས་ལུད་སོགས་འཐུས་ཤོར་མེད་པའི་ཞིང་ལས་དང༌། །
འདྲ་མིན་ལོ་ནད་སད་སེར་ཤྭ་འོད་སྣ་མང་འབུ་སོགས་དགྲ་དཔུང་རྣམས། །
ཚན་རིག་རལ་གྲིས་མ་ལུས་ཚར་བཅད་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་འཆར། །
རྒྱུའོ་ངོ་མཚར་གདོང་ལམ་བརྒྱུད་དེ་ས་འཛིན་མཐོང་པོའི་རྐེད་པའི་བར། །
གཞན་ཕན་སླད་དུ་ཧབ་ཐོབ་ཤིག་ཤིག་དམའ་སར་གནས་པའི་གཙང་ཆུ་སྟེ། །
ཆ་ཤས་ཙམ་ལས་ཡོངས་རྫོགས་ཆུ་རྒྱུན་དགོས་པ་མེད་པས་ལྷག་མ་རྣམས། །
རབ་ཏུ་ཁྲོས་ཏེ་རྦ་ལོང་དྲག་པོ་མཁའ་ལ་འཕྱུར་བཞིན་ཤར་ཕྱོགས་སུ། །
སྔོ་ལྗང་ལོ་འདབ་རྣམ་པར་རྒྱས་པའི་གཡུ་ཡི་གཞོང་པ་ཆེན་པོའི་ནང༌། །
འཇའ་ཚོན་ལུས་སུ་བཀླུབས་པ་འདྲ་བའི་ཞིང་པ་ཕོ་གསར་མོ་གསར་ཚོས། །
དགའ་དགའ་སྤྲོ་སྤྲོས་ལས་ལ་བརྩོན་ཞིང་གླུ་གར་རྩེད་འཇོར་རོལ་པ་དེས། །
གྲོར་ཁྱེར་པ་རྣམས་ཉིན་རེའ་གླིང་ཁ་སྐྱིད་པོར་རློམ་པའི་ཁེངས་པ་བསྙིལ། །
རོ་བརྒྱ་ལྡན་པའི་མ་རྨོས་ཚལ་རིགས་གང་དང་གང་འདོད་ལྷུག་པོར་སྐྱེས། །
ཚོས་སྣ་མི་གཅིག་བརྒྱ་དང་བརྒྱ་བཅུའི་རབ་མཛེས་མེ་ཏོག་མིག་ལ་མཛེས། །
འཇིག་རྟེན་མངར་བཅུད་ཡོངས་སུ་བསྡུས་འདྲའི་ལྒང་བུའི་རོ་བཅུད་མྱངས་ཙ་ན། །
ཀ་ར་རྒུན་འབྲུམ་སྦྲང་རྩི་སོགས་ལའང་མངར་སིལ་མེད་པར་ཅང་ཅང་བྲོ། །
ལ་ལར་ཕྱི་ལོའི་ལོ་ལེགས་སླད་དུ་ས་རུལ་རྩྭ་རུལ་གཏོང་བའི་ཆེད། །
དབྱར་ཟླ་གསུམ་ལ་བརླན་དང་མ་བྲལ་ཆུ་བོ་མཚོ་ལྟར་བསྐྱིལ་བ་ན། །
རྒྱུས་མེད་སྐྱེ་བོས་དེ་ནི་ཉ་གསོའི་རྫིང་བུར་འཁྲུལ་ཏེ་ཉེར་ལྷགས་ནས། །
ཉ་མོ་ཁ་ཤས་ཚོང་རོགས་གནོངས་ཟེར་ཨུ་ཚུགས་བྱེད་པ་བཞད་གད་གནས། །
ཨེ་མ་ཆར་ལྡན་དབྱར་གྱི་དུས་འདིའི་ཞིང་ཐང་ཡངས་པོའི་མཛེས་ཆོས་ལ། །
ནམ་མཁའི་ལྷ་མོའང་རབ་ཏུ་ཆགས་ཏེ་མི་ཡུལ་བག་མར་ཡོང་འདོད་ནས། །
ཚོས་སྣ་ལྔ་ལྡན་འཇའ་ཡི་སྐས་འཛེགས་ས་ལ་ག་ལེར་བཙུགས་པ་དེ། །
མིག་སྟོང་ཅན་གྱིས་དེ་མར་རྟོགས་ནས་རྡོ་རྗེ་བསྣུན་པས་འཁྱོག་པོར་གྱུར། །

          སྟོན་དུས།
ནམ་མཁའི་ནོར་བུས་གཞན་དོན་སླད། །
ཚ་ཟེར་མ་ལུས་འགྱེད་པ་ན། །
མཐའ་ཡས་ཞིང་ཐང་གཡུ་ལོ་མ། །
ངུར་སྨྲིག་གོས་འཛིན་བཙུན་པར་གྱུར། །
ཤིན་ཏུ་ཚ་བའི་འོད་ཟེར་གྱིས། །
མ་ལུས་བཞུར་བར་རབ་དོགས་ནས། །
བྱང་གི་སྟོན་ལྷགས་སིལ་སིལ་དེས། །
སྨིན་པའི་འབྲས་བུར་བསིལ་གཡབ་བྱིན། །
འབྲས་ལྡན་སྙེ་མའི་ཚོགས་རྣམས་ཀྱིས། །
མགོ་ལྕོག་ཡང་ཡང་ལྡེམ་པ་ནི། །
ད་ཀོ་ན་ཚོད་སྨིན་ནོ་ཞེས། །
ཁྱིམ་བདག་འབོད་དང་ཡང་དག་མཚུངས། །
སྲན་མ་ལྒང་བུའི་ཤུན་སྐོགས་ནས། །
ཐོན་པའི་ཁུང་བུ་མ་རྙེད་པར། །
ཡིད་སེམས་རབ་ཏུ་ངལ་བས་ན། །
མཛེས་པའི་གཟུགས་ཀྱང་ནག་པོར་གྱུར། །
ས་ལེ་སྦྲམ་གྱི་མདངས་འཛིན་པའི། །
སྟོན་ཁའི་ཞིང་ཐང་ཆེན་པོ་ནི། །
རྣམ་ཐོས་སྲས་ལ་འཕྱ་བ་ཡི། །
འཛད་མེད་འབྲུ་ཡི་གཏེར་མཛོད་ཡིན། །
འཛུམ་མདངས་སྦས་ཀྱང་ཆེས་གསལ་བའི། །
ཕོ་མོ་རྒན་གཞོན་ཚོ་དང་ཚོ། །
ལྷན་ཅིག་བརྔ་བསྡུས་དམག་འཐབ་ནང༌། །
ཞུམ་མེད་གཡུལ་ས་མདུན་མར་ཞུགས། །
ཟོར་བའི་ཚེས་བརྒྱད་ཟླ་བའི་དབྱིབས། །
གཡས་ནས་གཡོན་དུ་གཡུགས་པ་ན། །
འབྲས་ལྡན་ལོ་ཏོག་ཕུང་བོ་རྣམས། །
གཡོན་དུ་རི་བོ་བཞིན་དུ་སྤུངས། །
དོན་ཟབ་གདངས་སྙན་བཙས་གླུ་དག །
གཡས་གཏོང་གཡོན་ལེན་བྱས་པ་ན། །
ངལ་བ་གང་ཡང་མ་ཚོར་བར། །
འཁྲབ་སྟོན་བྱེད་པའི་སྣང་བ་འཆར། །
ཆུན་པོ་ཆུན་པོར་བསྡམས་པ་ཡི། །
ལོ་ཏོག་ཕོན་པོ་བགྲང་ཡས་ཚོགས། །
རྒྱ་ཐག་ཕྲ་མོས་དམ་དུ་བཅིངས། །
ཅོང་རོང་བུང་བུའི་རྒྱབ་ཏུ་བཀལ། །
བོང་བུ་ངལ་བའི་འཁུན་སྒྲ་དེར། །
འཕྲུལ་འཁོར་སྙིང་རྗེ་རབ་སྐྱེས་ནས། །
དབོར་འདྲེན་རོགས་སུ་ཕེབས་དང་ལྷན། །
མ་ལུས་ཕྱི་ནས་ནང་དུ་བསྡུས། །
ཡངས་ཤིང་གཙང་བའི་གཡུལ་ཁའི་ནང༌། །
སྟར་བ་སྟར་བར་བརྩིགས་པ་ཡི། །
ཚག་མའི་ཕོ་བྲང་བ་གམ་ཅན། །
རྩེ་མོ་ཚངས་པའི་གནས་ལ་རེག །
ལྕགས་སོ་དངུལ་དཀར་མེ་ལོང་ལ། །
ཨ་ལོང་གསེར་གྱི་གདུ་བུས་བརྒྱན། །
ཕོན་པོ་རེ་བཞིན་མགོ་སྐེ་ཕྲལ། །
སྙེ་མའི་ས་གདན་ཡོངས་སུ་གཏིང༌། །
རྒྱ་རྒྱུག་མ་བཞི་བུ་དྲུག་གིས། །
གཡས་གཡོན་རེ་མོས་བྱས་ནས་བརྡུངས། །
སྙེ་མའི་ས་གདན་ཆེན་པོ་དེ། །
ཡུད་ཙམ་ཞིག་ལ་ཕྱེ་མར་བཏང༌། །
གསེར་ལྡན་གྲོ་ཡི་ཕོན་བོ་རྣམས། །
མགོ་རུབ་བྱས་ཏེ་བཙས་གྲིས་གཏུབ། །
རྟ་ཡིས་སྙེ་རྡོས་མནན་པ་ན། །
གྲོག་མའི་སྒོ་ངས་གཡུལ་ཁ་ཁེངས། །
སྲན་མའི་སྒོར་ཁ་ཆེན་པོ་རྣམས། །
རྟ་བོང་མཛོ་གཡག་གང་དགོས་ཀྱིས། །
རྨིག་པས་ཕར་བརྫིས་ཚུར་བརྫིས་བྱས། །
ལྕགས་ཀྱི་གཡེར་ཁས་གཡུལ་ཁ་ཁེངས། །
དེ་ནས་འོད་ཁང་གྲུ་བཞིའི་ནང༌། །
སོ་ལྔའི་སྦར་རས་གནམ་ལ་འཕྱར། །
བྱང་གི་ལྷགས་པ་སིལ་སིལ་དེས། །
འབྲུ་དང་གྲ་རྡུལ་སོ་སོར་དབྱེ། །
ཚ་ལུ་ཨི་ཁུང་སག་སག་དང༌། །
ཁོ་ཧྲོལ་མིག་མང་པ་ཏྲ་ཡིས། །
ལྷག་མར་ལུས་པའི་གད་སྙིགས་རྣམས། །
མ་ལུས་དབྱེ་བས་གཙང་མར་གྱུར། །
ལྔ་སྒྱེ་རྩལ་སྒྱེ་ཕད་ཁོག་དང༌། །
ཀྲོང་ཆེན་རྩིབས་མ་རོང་རོང་སོགས། །
ཐམས་ཅད་འབྲུ་ཡིས་ཁེངས་པ་ན། །
བང་བའི་སྙིང་རྩ་འཕག་འཕག་འདར། །
དེ་དག་སྔར་སྲོལ་རང་རིགས་ཀྱི། །
སྟོན་ལས་བྱེད་པའི་སྲོལ་ཡིན་ཏེ། །
དེར་ཆར་གཡུལ་གཏོང་འཕྲུལ་འཁོར་གྱི། །
སྟོབས་ཤུགས་ཟུར་བསྟན་ལེབ་མཐོང་ཡིན། །
སྟོན་ལས་ངལ་བའི་སོ་ནམ་པའི། །
ལུས་པོ་བདུད་རྩིས་བསིལ་བའི་ཕྱིར། །
རི་བྱིས་ཉིན་ཞག་བདུན་གྱི་རིང་་ །
དལ་འགྲོ་ཀུན་ལ་སྨན་བཟང་བཏབ། །
བགྲེས་པོའི་གཟུགས་འཛིན་གཤོལ་ཁུག་རྩེའི་ །
ཕུར་བུའི་དབྱིབས་ཅན་གཤོལ་ལྕགས་དེས། །
སྟོན་རྨོད་གཏིང་རིང་བསྔོགས་པ་ན། །
ཀླུ་རྒྱལ་ནམ་མཁའ་རྡོལ་བར་དོགས། །
དེ་ནས་ལོ་ལེགས་བྱུང་བ་ཡི། །
རྟེན་འབྲེལ་གཡུལ་སྟོན་འཁྲུངས་བཞེས་ཐོག །
མྱོས་བྱེད་བཏུང་བས་རྒྱ་མཚོ་བསྐྱིལ། །
གླུ་གར་གཞས་ཀྱི་སྒོ་མོ་ཕྱེ། །

         དགུན་དུས།
ས་གཞི་ཆེན་པོས་ཁ་བའི་གོས་དཀར་གྱོན། །
དྭངས་བསིལ་ཆུ་བོ་གཡང་ཊིའི་ཁང་པར་ཉལ། །
བར་སྣང་དབྱིངས་སུ་སྐྱི་བསེར་རླུང་བུ་ལྡང༌། །
ནོར་འཛིན་གྲང་ངར་མ་བཟོད་ལུས་པོ་འདར། །
རྟ་བདུན་བདག་པོ་ཤར་ནས་ཕེབས་པའི་ཚེ། །
ཆུ་མོས་བྲག་རིར་བརྫུས་ཏེ་ཟོལ་གྱིས་གནས། །
བཞུར་བར་འདོད་ཀྱང་ཚ་ཟེར་མི་ལྡང་བས། །
ངོ་ཚའི་ངང་ནས་ཆུ་ལྷའི་ཕང་བར་བྲོས། །
དཀའ་སྡུག་ཐེག་པའི་རང་རིགས་ཞིང་པ་ནི། །
གངས་ལྷ་མེ་ཏོག་ཉིད་དང་ཡང་དག་མཚུངས། །
གྲང་བར་མི་སྐྲག་ཆུ་མོ་བྲན་དུ་བཀོལ། །
ཞིང་གི་ས་རྡོག་འཁྱགས་པའི་བང་རིམ་བཟོས། །
སོས་དུས་སོན་རྩྭ་འདེབས་པའི་བཞའ་བརླན་ཏེ། །
མ་བཅོས་རང་བཞིན་ལྷུན་གྱིས་གྲུབ་པ་མིན། །
དགུན་དུས་འཁྱགས་ཆུ་མཚོ་ལྟར་བསྐྱིལ་བ་ཡི། །
ངལ་བ་བརྒྱ་ཕྲག་སྤྱད་པའི་འབྲས་བུ་ཡིན། །
ཞིང་འགྲམ་ལྕང་གསེབ་སྟུག་པོའི་ཤིང་ལོ་རྣམས། །
དུས་ཀྱིས་བཅོམ་སྟེ་ཞིང་གླིང་སྟེང་དུ་ལྷུང༌། །
གྲང་བ་ཀུན་བསྡུས་དགུན་གྱི་ཆུ་དང་སྡེབ། །
ལུད་ཀྱི་ཚུལ་དུ་འཁྱགས་གོང་གཅིག་ཏུ་ཧྲིལ། །
སོ་ནམ་བགྲེས་སོང་ནམ་མཁར་གཟིགས་པ་དེ། །
ལྷ་མོར་མཇལ་ན་སྙམ་པའི་རེ་བ་མིན། །
སྐར་དཔྱད་སྤྲིན་དཔྱད་ཁ་རླུང་བརྟག་དཔྱད་ཀྱིས། །
ཕྱི་ལོའི་གནམ་གཤིས་ཤེས་པའི་ལོ་ཐོ་ཡིན། །
དགུན་གྱི་དུས་འདི་རབ་ཏུ་གྲང་ན་ཡང༌། །
དུས་བཞིའི་ཐ་མ་རེད་ཅེས་མ་གསུང་དང༌། །
དཔྱིད་དབྱར་སྟོན་གྱི་དགེ་མཚན་མ་ལུས་པ། །
དགུན་གསུམ་དཀའ་བ་སྤྱད་པའི་འབྲས་བུ་ཡིན། །
སྨྲས་པ། །
དགུན་གསུམ་འཁྱགས་པས་ས་རྒྱུའི་རང་གཤིས་བཅོས། །
དཔྱིད་གསུམ་དྲོད་ཀྱིས་ས་བོན་མཆེ་བ་རྒྱས། །
དབྱར་གསུམ་ཆར་པས་ལོ་ཏོག་ལང་ཚོ་དར། །
སྟོན་གསུམ་ཉི་མས་འབྲུ་སྣ་མ་ལུས་སྨིན། །
དེ་སྐད་དུས་བཞིའི་སོ་ནམ་བྱེད་ལུགས་ཙམ། །
ཇི་བཞིན་བརྗོད་པའི་ངག་གི་རོལ་དབྱངས་འདི། །
མཁས་དབང་བཙུན་པས་གསན་ན་ཐུགས་བསུན་གནས། །
བློ་གསལ་ཞིང་པས་ཐོས་ན་སྒྲ་འཛིན་བཅུད། །
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས།

2009-04-07 མཁས་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།