རྐང་རྗེས།

རྡོ་རྗེ་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-07

ཀ་ཡེ་ཐིག་ལེ་འཛུམ་པའི་དམར་ཡག་གི་སྟག་ཕྲུག །
མིག་ཟུང་ཟུམ་པ་མེད་པར་གང་ཞིག་ནི་འཚོལ་ལགས། །
ལྟོ་བ་སྐྱོབ་པའི་ཟས་ཤིག་མཁོ་བ་ནི་མད་ཀྱང་་ །
ཕ་ཡིས་ཤུལ་དུ་བཞག་པའི་རྐང་རྗེས་ཀྱི་རི་མོ། །
མ་རྙེད་ནགས་རྫོང་སྟུག་པོའི་རྐང་འཐུང་གི་རྩ་ནས། །
དོན་མེད་ཐིག་ལེ་ཡལ་ན་ངོ་ཚ་དེ་སུས་འཁུར། །

ཀ་ཡེ་ལ་ལུང་འགྲིམ་པའི་བྱ་བཏང་གི་བཙུན་པ། །
ལུས་ཟུངས་གཡོ་བ་མེད་པར་ཅི་ཞིག་ནི་སྒོམ་ལགས། །
འདི་ཕྱིར་བདེ་བའི་ཆོས་ཤིག་མཁོ་བ་ནི་མད་ཀྱང༌། །
དྲན་དབང་མང་པོས་བཞག་པའི་རྐང་རྗེས་ཀྱི་རི་མོ། །
མ་ཟིན་རང་བྱུང་གྲུབ་པའི་བྲག་ཁུང་གི་ཕུག་ནས། །
དོན་མེད་མི་ཚེ་ཟད་ན་ངོ་ཚ་དེ་སུས་འཁུར། །

ཀ་ཡེ་ནོར་གྱིས་དབུལ་བའི་གཅེར་བུ་ཡི་དྭ་ཕྲུག །
མིག་ཟུང་ཁོམ་པ་མེད་པར་གང་ཞིག་ནི་འཚོལ་ལགས། །
གྲང་རེག་སྐྱོབ་པའི་གོས་ཤིག་མཁོ་བ་ནི་མད་ཀྱང༌། །
ཡབ་ཀྱིས་ཤུལ་དུ་བཞག་པའི་རྐང་རྗེས་གྱི་རི་མོ། །
མ་རྙེད་ཁྲོམ་དང་གྲོང་ཚོའི་སྒོ་ཁྱིམ་གྱི་འོག་ནས། །
དོན་མེད་ལང་ཚོ་རྫོགས་ན་ངོ་ཚ་དེ་སུས་འཁུར། །

ཀ་ཡེ་གཞོན་ཤ་རྒྱས་པའི་ཡིད་འོང་གི་གཞོན་ནུ། །
མིག་ཟུང་གཡོ་བ་མེད་པར་གང་ཞིག་ནི་འཚོལ་ལགས། །
མཛའ་སེམས་བློ་རྩེ་གཏད་སོ་མཁོ་བ་ནི་མད་ཀྱང༌། །
མེས་པོས་ཤུལ་དུ་བཞག་པའི་རྐང་རྗེས་ཀྱི་རི་མོ། །
མ་རྙེད་འདུ་འཛི་འཁྲིགས་པའི་ཁྲོམ་སྲང་གི་དབུས་ནས། །
དོན་མེད་མི་ཚེ་རྫོགས་ན་ངོ་ཚ་དེ་སུས་འཁུར། །


 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་རྗེས།

2009-04-07 རྡོ་རྗེ་རིན་ཆེན། ཀློག་གྲངས། མཆན ཡོད།

ཀ་ཡེ་ཐིག་ལེ་འཛུམ་པའི་དམར་ཡག་གི་སྟག་ཕྲུག །
མིག་ཟུང་ཟུམ་པ་མེད་པར་གང་ཞིག་ནི་འཚོལ་ལགས། །
ལྟོ་བ་སྐྱོབ་པའི་ཟས་ཤིག་མཁོ་བ་ནི་མད་ཀྱང་་ །
ཕ་ཡིས་ཤུལ་དུ་བཞག་པའི་རྐང་རྗེས་ཀྱི་རི་མོ། །
མ་རྙེད་ནགས་རྫོང་སྟུག་པོའི་རྐང་འཐུང་གི་རྩ་ནས། །
དོན་མེད་ཐིག་ལེ་ཡལ་ན་ངོ་ཚ་དེ་སུས་འཁུར། །

ཀ་ཡེ་ལ་ལུང་འགྲིམ་པའི་བྱ་བཏང་གི་བཙུན་པ། །
ལུས་ཟུངས་གཡོ་བ་མེད་པར་ཅི་ཞིག་ནི་སྒོམ་ལགས། །
འདི་ཕྱིར་བདེ་བའི་ཆོས་ཤིག་མཁོ་བ་ནི་མད་ཀྱང༌། །
དྲན་དབང་མང་པོས་བཞག་པའི་རྐང་རྗེས་ཀྱི་རི་མོ། །
མ་ཟིན་རང་བྱུང་གྲུབ་པའི་བྲག་ཁུང་གི་ཕུག་ནས། །
དོན་མེད་མི་ཚེ་ཟད་ན་ངོ་ཚ་དེ་སུས་འཁུར། །

ཀ་ཡེ་ནོར་གྱིས་དབུལ་བའི་གཅེར་བུ་ཡི་དྭ་ཕྲུག །
མིག་ཟུང་ཁོམ་པ་མེད་པར་གང་ཞིག་ནི་འཚོལ་ལགས། །
གྲང་རེག་སྐྱོབ་པའི་གོས་ཤིག་མཁོ་བ་ནི་མད་ཀྱང༌། །
ཡབ་ཀྱིས་ཤུལ་དུ་བཞག་པའི་རྐང་རྗེས་གྱི་རི་མོ། །
མ་རྙེད་ཁྲོམ་དང་གྲོང་ཚོའི་སྒོ་ཁྱིམ་གྱི་འོག་ནས། །
དོན་མེད་ལང་ཚོ་རྫོགས་ན་ངོ་ཚ་དེ་སུས་འཁུར། །

ཀ་ཡེ་གཞོན་ཤ་རྒྱས་པའི་ཡིད་འོང་གི་གཞོན་ནུ། །
མིག་ཟུང་གཡོ་བ་མེད་པར་གང་ཞིག་ནི་འཚོལ་ལགས། །
མཛའ་སེམས་བློ་རྩེ་གཏད་སོ་མཁོ་བ་ནི་མད་ཀྱང༌། །
མེས་པོས་ཤུལ་དུ་བཞག་པའི་རྐང་རྗེས་ཀྱི་རི་མོ། །
མ་རྙེད་འདུ་འཛི་འཁྲིགས་པའི་ཁྲོམ་སྲང་གི་དབུས་ནས། །
དོན་མེད་མི་ཚེ་རྫོགས་ན་ངོ་ཚ་དེ་སུས་འཁུར། །


 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།