འཇར་པན་དུ་སླེབས་པའི་མཐོང་ཐོས།

ཀ་གདུང་དྲལ་ཕྱམ་བརྩིགས་པས་ཡོངས་དབེན་ཞིང༌། །
ཁ་དོག་ཚོན་གྱི་ཞལ་བ་མ་བྱུགས་པར། །
ག་ལེར་བལྟས་ན་ངོ་མཚར་འབུམ་ལྡན་དགོན། །
ང་རང་ཅིན་ཏུར་སླེབས་དུས་ཐོག་མར་མཇལ། །

ཅ་ལེ་ཅོ་ལེའི་སྤྲོས་པ་མི་མང་ཞིང༌། །
ཆ་མེད་ཡུལ་གྱི་རྒྱུས་མེད་མགྲོན་པོ་ལ། །
ཇ་ཆང་ཞིམ་དགུའི་སྐྱེམས་དང་ལྷན་ཅིག་ཏུ། །
ཉ་ཤ་རློན་པའི་ཟས་ཀྱིས་གསོལ་སྟོན་དྲངས། །

ཏ་ཐཱ་ག་ཏཱའི་དགོངས་པའི་བྱིན་རླབས་ཀྱིས། །
ཐ་མལ་སོ་སྐྱེའི་རྒྱུད་རྣམས་གདུལ་བའི་སླད། །
ད་ལྟ་བྱིས་པའི་དུས་ནས་བཟང་བསླབས་ཏེ། །
ན་གཞོན་ཚོགས་རྣམས་གཤིས་འཇམ་ཡོན་གྱིས་ཕྱུག །

པ་ཎིའི་རྒྱུན་ལ་འཁུ་བའི་བརྩོན་འགྲུས་དང༌། །
ཕ་ལམ་རྡོ་རྗེ་ལྟ་བུའི་སྙིང་སྟོབས་ཀྱིས། །
བ་གམ་མཐོར་བརྩེགས་དགུང་ལ་རེག་པ་སོགས། །
མ་ལུས་སྲིད་པའི་འབྱོར་བ་མཐའ་དག་བསྐྲུན། །

ཙ་ལེ་ཙོ་ལེའི་བྱ་བར་མི་སྤྲོ་ཞིང༌། །
ཚ་ཚ་ངར་ངར་རང་བབ་ལས་ལ་བརྩོན། །
ཛ་སེ་ཛོ་སེའི་མི་ཚོགས་མི་དགོས་པར། །
ཝ་ལེར་སེམས་ལ་ཤར་ཀུན་ཡུད་ཀྱིས་བསྒྲུབས། །

ཞྭ་གོས་ཕལ་ཆེར་དེང་རབས་འགྲོས་དང་བསྟུན། །
ཟ་འཐུང་བྱེད་ཚུལ་གནའ་བོའི་རང་སྲོལ་བསྐྱངས། །
འ་འུར་བག་མེད་སྤྱོད་པས་ཡོངས་དབེན་པ། །
ཡ་རབས་ཆོས་མཐུན་ཉི་འོད་རྒྱལ་ཁབ་ལགས། །

ར་རི་ཕྱོགས་ལྷུང་ཅན་གྱི་སྡང་ཞེན་དང༌། །
ལ་ལུང་དཀྲུག་པའི་སྦྱོར་ངན་ཡོངས་སྤངས་ནས། །
ཤ་ཉེ་སྤུན་གྲོགས་ལྟ་བུའི་འདུ་ཤེས་ཀྱིས། །
ས་དེར་གནས་པའི་མི་རྣམས་མཐུན་ཞིང་སྐྱིད། །

ཧ་ཅང་མཛེས་ཤིང་གཙང་བའི་གྲོང་ལྗོངས་དེར། །
ཨ་མཚར་སྣང་བའི་ལྟད་མོ་བསམ་མི་ཁྱབ། །
ཧ་ལམ་ཕྱོགས་ཙམ་མཐོང་ཐོས་གྱུར་པ་གང༌། །
ཨ་རོགས་རྣམས་ལ་གཏམ་གསར་ཚུལ་དུ་སྨྲས། །
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇར་པན་དུ་སླེབས་པའི་མཐོང་ཐོས།

2009-04-07 ཐུབ་བསྟན་ཉི་མ། ཀློག་གྲངས། མཆན ཡོད།

ཀ་གདུང་དྲལ་ཕྱམ་བརྩིགས་པས་ཡོངས་དབེན་ཞིང༌། །
ཁ་དོག་ཚོན་གྱི་ཞལ་བ་མ་བྱུགས་པར། །
ག་ལེར་བལྟས་ན་ངོ་མཚར་འབུམ་ལྡན་དགོན། །
ང་རང་ཅིན་ཏུར་སླེབས་དུས་ཐོག་མར་མཇལ། །

ཅ་ལེ་ཅོ་ལེའི་སྤྲོས་པ་མི་མང་ཞིང༌། །
ཆ་མེད་ཡུལ་གྱི་རྒྱུས་མེད་མགྲོན་པོ་ལ། །
ཇ་ཆང་ཞིམ་དགུའི་སྐྱེམས་དང་ལྷན་ཅིག་ཏུ། །
ཉ་ཤ་རློན་པའི་ཟས་ཀྱིས་གསོལ་སྟོན་དྲངས། །

ཏ་ཐཱ་ག་ཏཱའི་དགོངས་པའི་བྱིན་རླབས་ཀྱིས། །
ཐ་མལ་སོ་སྐྱེའི་རྒྱུད་རྣམས་གདུལ་བའི་སླད། །
ད་ལྟ་བྱིས་པའི་དུས་ནས་བཟང་བསླབས་ཏེ། །
ན་གཞོན་ཚོགས་རྣམས་གཤིས་འཇམ་ཡོན་གྱིས་ཕྱུག །

པ་ཎིའི་རྒྱུན་ལ་འཁུ་བའི་བརྩོན་འགྲུས་དང༌། །
ཕ་ལམ་རྡོ་རྗེ་ལྟ་བུའི་སྙིང་སྟོབས་ཀྱིས། །
བ་གམ་མཐོར་བརྩེགས་དགུང་ལ་རེག་པ་སོགས། །
མ་ལུས་སྲིད་པའི་འབྱོར་བ་མཐའ་དག་བསྐྲུན། །

ཙ་ལེ་ཙོ་ལེའི་བྱ་བར་མི་སྤྲོ་ཞིང༌། །
ཚ་ཚ་ངར་ངར་རང་བབ་ལས་ལ་བརྩོན། །
ཛ་སེ་ཛོ་སེའི་མི་ཚོགས་མི་དགོས་པར། །
ཝ་ལེར་སེམས་ལ་ཤར་ཀུན་ཡུད་ཀྱིས་བསྒྲུབས། །

ཞྭ་གོས་ཕལ་ཆེར་དེང་རབས་འགྲོས་དང་བསྟུན། །
ཟ་འཐུང་བྱེད་ཚུལ་གནའ་བོའི་རང་སྲོལ་བསྐྱངས། །
འ་འུར་བག་མེད་སྤྱོད་པས་ཡོངས་དབེན་པ། །
ཡ་རབས་ཆོས་མཐུན་ཉི་འོད་རྒྱལ་ཁབ་ལགས། །

ར་རི་ཕྱོགས་ལྷུང་ཅན་གྱི་སྡང་ཞེན་དང༌། །
ལ་ལུང་དཀྲུག་པའི་སྦྱོར་ངན་ཡོངས་སྤངས་ནས། །
ཤ་ཉེ་སྤུན་གྲོགས་ལྟ་བུའི་འདུ་ཤེས་ཀྱིས། །
ས་དེར་གནས་པའི་མི་རྣམས་མཐུན་ཞིང་སྐྱིད། །

ཧ་ཅང་མཛེས་ཤིང་གཙང་བའི་གྲོང་ལྗོངས་དེར། །
ཨ་མཚར་སྣང་བའི་ལྟད་མོ་བསམ་མི་ཁྱབ། །
ཧ་ལམ་ཕྱོགས་ཙམ་མཐོང་ཐོས་གྱུར་པ་གང༌། །
ཨ་རོགས་རྣམས་ལ་གཏམ་གསར་ཚུལ་དུ་སྨྲས། །
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།