འདས་པོའི་བགྲོ་གླེང་།

མེ་ཏོག་སྣ་བརྒྱ་བཞད་པའི་ནེའུ་གསིང་ནས་ཆས་ཏེ། །
སྐར་ཚོགས་རྣམ་པར་བཀྲ་བའི་མཁའ་ལམ་ལ་ཞེན་སོང༌། །
འཇའ་སྤྲིན་འོད་རིས་འཐབ་པའི་གུར་ཁྱིམ་གྱི་དབུས་སུ། །
ཕ་རོལ་ཞིང་ཁམས་བསྙེགས་པའི་སློབ་དཔོན་དེ་མཇལ་བྱུང༌། །
བདེ་ཆེན་ཕ་མཐའ་ཡས་པའི་དབྱིངས་རིམ་ན་བཞུགས་ཀྱང༌། །
ད་དུང་ཞེན་པའི་ལས་འཕྲོ་ཅུང་ཅད་ཅིག་ཡོད་འདྲ། །
ཁ་བའི་ལྷུན་པོའི་དོད་དུ་འདི་ཀ་ལས་མེད་ཟེར། །
རྒྱུ་སྐར་བརྡར་བའི་བྱེ་མ་ཕུང་བོ་རུ་སྤུངས་འདུག །
འོད་ལྔ་ཐགས་སུ་བཏགས་པའི་འཇའ་ཚོན་གྱི་ཆོ་ལོ། །
“གསར་གཏོད་མཁན་པོ”ཞེས་པའི་སྤྲིན་རིས་ཀྱི་ཡི་གེ། །
བཙན་པོ་སྲོང་བཙན་དགྱེས་པའི་ཞལ་སྔ་ནས་གནང་ཞེས། །
དགྱེས་འཛུམ་ཞལ་སྒོ་ཡངས་པའི་བགྲོ་གླེང་དེ་བརྩམས་བྱུང༌། །
“ལུང་རིགས་གཡུ་རལ་གསིག་པའི་ཀུན་དགའ་རྒྱལ་མཚན། །
ཕྲག་དོག་སྤུ་ཐུར་གཟེངས་པའི་ཟེར་མོ་མ་རེད། །
རབ་འབྱམས་རིག་པའི་མཐར་སོན་བུ་སྟོན་མཁན་པོར། །
རྒྱ་ཆད་ཕྱོགས་སུ་ལྷུང་བའི་སྤྱན་དཀྱུས་མི་མངའ། །
ཡང་དག་རིགས་པའི་གྲུ་ཆེན་བློ་བཟང་གྲགས་པས། །
དམར་ནག་རེས་སུ་སྐྱོད་པའི་ལྗགས་རྩེ་མི་གཡོ། །
གནས་ལུགས་ཟབ་མོའི་དོན་བརྙེས་ཀློང་ཆེན་རབ་འབྱམས། །
གུ་དོག་གྲོང་མཐའི་རྒན་མོའི་བློ་མིག་མི་འདུག །
སྔོན་བྱོན་བསིལ་ལྗོངས་མཁས་པའི་སྐྱེས་ཆེན་དྲུང་ན། །
ད་ལྟ་ཁོ་བོ་སོས་བདེ་ཉམས་དགར་འཚོའོ། །”
“ལགས་སོ་ལགས་སོ་གཏམ་སྙན་ལེགས་སྐྱེས་དེ་ཐོབ་བྱུང༌། །
ད་དུང་འཆི་མེད་ལྷ་ཡི་དག་བྱེད་ཅིག་སྩོལ་དང༌། །
གང་ཁྱོད་ཞབས་རྗེས་བོར་བའི་མི་ཡུལ་གྱི་ཞིང་སར། །
ནག་ནོག་དྲི་མ་འཁྲུད་པའི་བསང་གཏོར་ཞིག་ངས་བགྱི། །”
“ལྷ་ལ་དག་བྱེད་མི་ལ་དེ་བཞིན་དུ་མ་ངེས། །
དོན་མེད་གཞན་སེམས་དཀྲུག་པའི་ངལ་བ་དེ་མི་དགོས། །
མི་འགྱངས་དུས་རབས་གཞུག་མའི་དྲི་བཞོན་ལ་སྒུགས་དང༌། །
རང་བཞིན་ངང་གིས་དག་པའི་ལྟད་མོ་ཞིག་མཇལ་འོང༌། །”
ཨེ་ཧེ་ཧེ། དགའ་བའི་གད་མོ་ཤོར་སོང༌། །
ཨ་ཁ་ཁ།  སྐྱོ་བའི་སེམས་པའང་གྲང་འོང༌། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདས་པོའི་བགྲོ་གླེང་།

2009-04-07 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།