དད་གསུམ་སྣོལ་མའི་རྡུལ་སྤྲུག

སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-07

བདེ་ཆེན་སྤྲིན་དཀར་གཡོ་བའི་འདབ་མ་སྔོ་བསངས་འགྲམ་པར་དལ་གྱིས་རྒྱུ། །
ཆུ་ཡི་རྩེ་དགའི་དྲི་མས་རྣམ་བཏང་པད་དཀར་ཕྲེང་བའི་མིག་འཛུམ་མ། །
མགྱོགས་འགྲོ་རྐང་རྩེ་རྟིང་མས་ལྷུར་ལེན་སྟོང་ཆེན་ཞུན་མའི་ཨོཾཡིག་ཏུ། །
བཅོམ་ལྡན་དུང་གི་ཞབས་སྐྱེས་མཆོད་པས་ས་ལ་བཀྲ་ཤིས་མེ་ཏོག་བསྐྲུན། །
སྣང་སྲིད་རི་ཆུང་བརྩེགས་པའི་ཕ་རོལ་ན། །
བརྩེ་འཛུམ་འདབ་མ་འཕྱུར་བར་ཕྱག་རྒྱ་སྣོལ། །
དབང་ཚོན་ཅོད་པན་ཉི་ཟླའི་རྣ་ཆ་གཡོ། །
རིག་འཛིན་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །
གང་གང་ཟླ་བ་ལྷུང་བའི་མཚོ་གཏིང་ནས། །
གཡས་འཁྱིལ་རི་མོ་འཛུམ་པའི་མེ་ཏོག་དགོད། །
དེ་དེར་གདེངས་ཅན་གཙུག་གི་སིནྡྷུ་ར། །
ཟོང་འཛིན་སྙེ་མ་བརྐུས་པའི་རླབས་ཀྱིས་འཁྱེར། །
དེ་ལྟའི་ཉི་ཟླ་བགྲོད་པའི་གླིང་གཅིག་ན། །
ལས་བཞི་རླུང་ལ་བཞོན་པའི་འབྱུང་འཇུག་ཁམས། །
ཡིད་འཛིན་མཛེས་པའི་རྐང་མགྱོགས་རལ་བའི་རྡུལ། །
འདོད་གདུང་འོད་ལྔ་འབར་བའི་ཟོལ་གྱིས་ལེན། །
འདབ་དྲུག་གཤོག་ཟུང་དགོད་པའི་རླབས་རིས་ཀྱིས། །
ཀུན་ཁྱབ་དགའ་མའི་ཞབས་ལ་རྐང་སྟེགས་ལེན། །
ལེགས་བྲིས་འོད་དཀར་ཟ་བའི་མེ་ཏོག་གིས། །
རྗེས་སྒྲུབ་པདྨའི་གཏམ་དེ་འདི་སྐད་གླེང༌། །
ཆོས་དབྱིངས་མེ་ཏོག་འཛུམ་པའི་མཐོངས་ན་འཇམ་དཔལ་རྡོ་རྗེ་རྣོན་པོའི་མཚོན། །
ཀུན་རྨོངས་སྙིང་ལ་འདེབས་པའི་རྡུལ་ཕྲེང་རིག་འཛིན་མི་ཡི་ཟོལ་སྦྱོར་གྱིས། །
ཐུབ་བསྟན་གླིང་བཞི་དགུང་ལ་འདེགས་པའི་སྣང་སྟོང་འོད་ཀྱི་གུར་ཁང་ནས། །
རྡུལ་ཚོན་ལྷ་ཡི་ཟེགས་མའི་ཞབས་རྗེས་བདེ་གཤེགས་གནས་བོའི་ཞིང་འདིར་ལྷུང༌། །
ལག་ལྡན་མྱོས་པའི་ཞལ་ཆང་གི ། །
ཟེགས་མ་འདྲེན་པའི་དཀྱིལ་འཁོར་ན། །
ཟླ་འཛིན་ཕྲེང་བའི་གསེར་མངལ་ལྡན། །
ངལ་བའི་ལག་ཆུང་འགྲམ་པར་བརྟེན། །
ལས་ཀྱི་རྐང་འཐུང་ཨེ་རཎྜ། །
ཚོགས་བདག་རལ་བའི་སྟོད་འཁོར་ཅན། །
དུག་འཛིན་མཚོན་གྱི་ར་བ་ན། །
བརྩེ་བའི་ལག་གདང་མཁའ་ལ་སྦྲེལ། །
ཉལ་འགྲོ་ལྦུ་བའི་རྦ་རླབས་རིས། །
དྲི་བཞོན་རྐང་བའི་འཕོང་རྩལ་གྱིས། །
ཆུ་གཏེར་ཟླ་བའི་མེ་ལོང་དུ། །
ལེགས་བྲིས་སྒྱུ་མའི་གར་ལ་ལྟ། །
འདི་སྣང་དབང་གཞུ་ལྷ་ཡི་མཚོན། །
རྡུལ་ཕྲེང་སློང་མོའི་རྔ་ཡབ་ཀྱིས། །
ཉམ་ཆུང་མཁའ་ཡི་ཟེ་བ་ན། །
དངུལ་དཀར་འོད་ཀྱི་ཟེགས་མ་འགྲེམ། །
མྱོས་བུམ་དུང་གི་པད་རྩ་ལི། །
ཁ་སྦྱོར་བདུན་མའི་དཔུང་ཤུགས་ཀྱིས། །
གཉིས་ལྡན་སྲིད་པའི་ཁང་ཆེན་ནས། །
སྒྱུ་མའི་བུ་ཆུང་མཁའ་ལ་ཁྲིད། །
སྲིད་པའི་ཟེའུ་ཆུང་ཁ་ལ་གོམས་པའི་མཐུས། །
མྱ་ངན་དུག་ཆུ་འགྲིམ་པའི་ཐང་སྟོང་ནས། །
གཤིན་རྗེའི་དགའ་མ་འཛུམ་པའི་ལག་གཡབ་ཀྱིས། །
ཨུཏྤལ་འདབ་མ་གས་པའི་ཞིང་དུ་བསུ། །
ཆུ་འཛིན་དཔུང་བ་གཤིབ་པའི་དུ་སྤྲིན་གྱིས། །
ལྷོར་བཞུད་འདབ་མ་འཛིན་པའི་མིག་བཀབ་ཀྱང༌། །
ཆར་ཟིམ་ཟེགས་མ་སློང་བའི་ལུས་ཕྲ་མ། །
བྱང་མཐའི་མྱ་ངན་ཚལ་ནས་རྒྱུ་བ་ཟད། །
བདེ་འབྱུང་རལ་བ་གསིག་པའི་བརྗིད་ཉམས་ཀྱིས། །
དག་བྱེད་ཆུ་གཏེར་ཟླ་བའི་བྲང་ལ་ཕབ། །
དུས་དེར་རིགས་ལྡན་ཁྲོས་པའི་ཧུབ་གཅིག་གིས། །
དབྱིག་འཛིན་ལྟོ་བར་སྦྲུམ་ལ་ཁོང་འཛུམ་ཤོར། །
གཟི་བྱིན་མཁའ་ལ་བཀོད་པའི་འགྱིང་བག་གིས། །
སྦྱིན་སྐྱེས་མངལ་ཀུན་ལེན་པའི་ལྷ་སྲས་ཁྱོད། །
ཉིན་བྱེད་འོད་རླབས་འབར་བའི་ཞལ་གདོང་ལ། །
གསང་མཚན་འཁོར་ལོ་ལྷུང་བ་སུ་ཡིས་ལན། །
ཡིད་སྲུབས་དགའ་མ་མྱོས་པའི་མེ་ཏོག་ཚངས་ཆེན་རལ་བའི་འཕྲུལ་འཇུག་ལྟར། །
དཀའ་ཐུབ་སྙིང་གི་རུས་པ་ཟ་བའི་བརྒྱ་བྱིན་ཕྱག་གི་རྡོ་རྗེ་ཁམས། །
བདེ་ལྡན་ལྷ་ཡི་ཆགས་སྐྱེས་སོར་མོ་དམྱལ་ཕྲེང་འཛིན་པའི་བྱ་མ་རྟ། །
བསྐལ་འཇིག་རླུང་གི་སྒྱུ་མའི་རྐང་རྩལ་སྤྱོད་ལམ་གནོན་པའི་ཤུགས་ཀྱིས་བཞུད། །
སྐྱེད་ཚལ་མྱ་ངན་མེད་པའི་འདབ། །
སྲོག་འཛིན་གསེར་གྱི་བ་ཀུ་ལ། །
གཤིན་རྗེ་དམར་བོའི་ཁ་རླབས་ཀྱིས། །
མགྱོགས་འགྲོ་ཐལ་བའི་རླུང་ལ་སྐུར། །
ཟླ་བའི་རྐང་འཁུར་ཨུཏྤལ། །
ཚངས་ཆེན་དགྱེས་པའི་ཁྲི་སྟེང་ནས། །
དབུ་ཕྲེང་གཙུག་གི་མེ་ཏོག་རྣམས། །
སྣང་བྱེད་སྒེག་མོའི་རླབས་ཀྱིས་འཐུ། །
ཐགས་བཟང་རིས་པའི་གྲོང་ཁྱེར་ན། །
ཕྲག་དོག་སྡེར་མོའི་སྤར་ཁ་ཅན། །
གཉིས་འཐུང་ལྗོན་པའི་དཔག་བསམ་ཤིང༌། །
ལེན་པའི་ངལ་ཀུན་སྟོབས་ཀྱིས་བསྐྱངས། །
ལྔ་རིག་ལུས་ཀྱི་རྐེད་མེད་མས། །
གཙུག་ལག་རྩེ་མོའི་བ་ཀུ་ལར། །
རྗེས་ཆགས་མཆུ་ཡི་མུ་ཏིག་ཕྲེང༌། །
ལེགས་བཤད་དགོད་པའི་ཁ་ལ་བྱིན། །
དབྱངས་ཅན་ངག་གི་རིག་ཤེས་མ། །
སྒྲུབ་ཐབས་ཕྱག་གི་གསེར་མཛུབ་ཀྱིས། །
སྣང་སྟོང་སྒྱུ་མའི་རྩེ་ར་ནས། །
བདེ་ཆེན་འཕྲུལ་གྱི་ཐབས་ཤེས་རྫོགས། །
ས་འཛིན་གངས་དཀར་རལ་པའི་ཐོར་ཅོག་ཅན། །
ཉི་ཟླ་རེས་མོས་རྣ་བའི་རྒྱན་དུ་འཕྱང༌། །
སྤྲིན་དཀར་འདབ་མ་དལ་བུར་ལྡིང་བའི་གར། །
རྡོ་རྗེ་སྟང་སྟབས་རྩེན་པའི་རྐེད་པར་རྒྱུ། །
མརྒད་ཁུ་བའི་ཚོན་གྱིས་གདོང་བྱུགས་པའི། །
སྤང་སྤོས་རྩི་ལོ་བྲེས་པའི་དོ་ར་ནས། །
ལུས་སྟོབས་རྫོགས་པའི་རི་སྐྱེས་དབང་ཕྱུག་མས། །
ཐར་བའི་སྲོག་ཆུང་གསོ་བའི་ཏིང་འཛིན་སྒོམ། །
དེ་ལྟའི་རང་བྱུང་འཁོར་བའི་གྲྭ་གཅིག་ན། །
དྲི་ཞིམ་བསུང་གི་ཞལ་སྐྱེས་ཨུཏུལའི། །
ལང་ཚོ་གསར་བའི་མིག་འདབ་རབ་རྒྱས་མ། །
དམ་པའི་སྤྱོད་ལམ་སྟོན་པའི་གར་ལ་ཞུགས། །
དེ་ལྟ་མོད་ཡང་དྲན་ཤེས་སྣང་བའི་མཛོད། །
ཀུན་མཁྱེན་བླ་རི་རྩེ་ནས་མངོན་པར་འཕགས། །
ལོག་སྨྲ་འབྱུང་བོ་བྱ་བརྒྱའི་ཁྱུ་ཚོགས་ཞིག །
དགེ་ལེགས་འོད་སྣང་གདམ་པས་སོ་སོར་བཏགས། །
ནམ་ཞིག་ཕུན་ཚོགས་དལ་འཛིན་མ་མའི་གཟི་བྱིན་འོད་ཀྱི་གུར་ཁང་ནས། །
མན་ཤེལ་ཟླ་བའི་ཟེགས་མ་སྤུངས་པའི་ཁྱབ་བདག་རལ་བའི་མནྜར་རྩེར། །
ཞབས་རྟེན་འཁོར་ལོ་རྣམ་པར་རྩེན་པའི་ལེགས་བྲིས་གཞོན་ནུ་གསར་བ་ཞིག །
སྟོང་ཆེན་དབུ་མ་མཁའ་ལ་འདྲེན་པའི་སྲོལ་འབྱེད་ཉི་མའི་གཟུགས་ཀྱིས་ཤར། །
དེ་ནས་འཇམ་དཔལ་ཁྲོས་པའི་གར་གཅིག་གིས། །
ལི་ཁྲིའི་ཆུ་གཏེར་འཁྲིགས་པའི་སྒེག་ཉམས་ཀྱིས། །
མཚན་དཔེ་མེ་ཏོག་འཛུམ་པའི་རྒྱན་བསྲིངས་ཏེ། །
ཀུན་མཁྱེན་རྒྱལ་པོ་མི་ཡི་གཟུགས་སུ་བབས། །
བྱིངས་སྒྲུབ་ཉི་ཟེར་བྱེ་བ་འབབ་པའི་རིས། །
ཀྲིཏ་རྐྱེན་ཟླ་གཞོན་ཞུན་མའི་ཁུ་བ་འཐུང༌། །
ཀུན་བཤད་འོད་གོར་འཛུམ་པའི་རྒྱུ་སྐར་ཕྲེང༌། །
སྒྲ་རིག་ནམ་མཁའི་མཐོངས་ན་ཅི་ཡང་མཛེས། །
ལུང་རིགས་གཡུ་རལ་འབར་བའི་གདོང་ལྔའི་དབྱངས། །
རྟག་སྦྱོར་སྡེར་ཕྲེང་གཡོ་བའི་སྤར་ཁྱིམ་གྱིས། །
ཕས་རྒོལ་གཉིས་འཐུང་ཀླད་རྒྱ་འགེམས་པའི་རྩལ། །
ཚུལ་སྒྲུབ་གངས་དཀར་བརྩེགས་པའི་ཞིང་ན་འཕྱོ། །
བཤད་སྒྲུབ་ཆུ་གཏེར་འཕྱུར་བའི་རླབས་ཕྲེང་གིས། །
བསླབ་གསུམ་སྣོལ་མར་སྡེབ་པའི་རིན་ཆེན་སྙིང༌། །
འདུལ་འཛིན་བསྐལ་པའི་མཐའ་ལ་གཉེན་བཏབ་པས། །
ཐུབ་བསྟན་གླིང་བཞི་གསེར་གྱི་བང་རིམ་བརྗིད། །
ཞི་བ་བསིལ་བའི་མེ་ཏོག་གི། །
ཟླ་བ་དུང་གི་ཕྱག་མཚན་ཅན། །
རྗེས་ཆགས་དཔྲལ་བའི་མིག་བཀབ་སྟེ། །
སྙིང་རྗེའི་འོ་མའི་འཛུམ་གྱིས་བལྟམས། །
མགྲིན་སྔོན་སྙན་པའི་གྲེ་འགྱུར་གྱིས། །
གཡས་འཁྱིལ་རླུང་གི་ཁ་ཟས་ཅན། །
དཔུང་སྟོབས་འཁོར་ལོའི་གདོང་ཤུགས་ཀྱིས། །
འཚོལ་འཛིན་པདྨའི་མངལ་ཀུན་ལྷུང༌། །
བྱང་བསྟན་གཅེར་བུའི་སྒྲུབ་ཕུག་ན། །
ལྷ་འདྲེ་སྲིན་པོའི་མངོན་ཤེས་ཅན། །
མུན་གྲོང་ཉུལ་བའི་དོ་ར་ནས། །
དམྱལ་ཕྲེང་སྒྱུ་མའི་ཞབས་ཐག་བཅད། །
གསང་ཆེན་རྒྱལ་བོའི་མེ་ལོང་དུ། །
ཁྲོ་གཉེར་སྟོང་གི་ཕྱག་རྒྱ་ཅན། །
ཨེ་ཝཾ་བཛྲ་ཧ་རི་ད། །
བདེ་ཆེན་སྤྱི་བོའི་གཙུག་ཏུ་འཕོས། །
ཆོས་དབྱིངས་དག་པའི་ཞིང་ཁམས་ནས། །
ངོ་མཚར་སྒྱུ་མའི་སྒེག་ཉམས་ཀྱིས། །
མྱོས་བུམ་བྲང་གི་ཟླ་ཤེལ་རིར། །
ཕྱག་མཛུབ་གསེར་གྱི་ཞབས་རྗེས་བཏབ། །
གདེངས་ཅན་རི་བོའི་ཁོང་གསེང་ནས། །
ལོག་རྟོག་དུག་གི་ལྕེ་རྩེ་ཅན། །
ཕྱོགས་སྐྱོང་སྙེམས་པའི་མཚོན་རྩེ་ལ། །
ཁྱུང་ཆེན་དྲག་པོའི་ཟོལ་གྱི་བབས། །
ཨེ་མ་ཀུན་ཁྱབ་ནམ་མཁའི་ཀློང༌། །
སྤྲིན་དཀར་དལ་བུའི་རྐང་སྟབས་ཀྱིས། །
གཡུ་འབྲུག་ས་ཡི་ཏ་མ་ལ། །
སུམ་རྩེན་དགོད་པའི་གྲོང་དུ་བརྩེགས། །
བདེ་ཆེན་ལྷ་ཡི་ཉམས་དགའི་ཚལ། །
མེ་ཏོག་དམར་བོའི་ཁུར་ཚོས་ཅན། །
ཞལ་སྐྱེས་དུང་གི་ཁ་ཚོན་རིས། །
ཟླ་ཤེལ་རི་བོའི་ཕང་དུ་འཕྲུལ། །
རྟ་བདུན་རི་མོ་ཁྲོས་པའི་དཔུང༌། །
ལྷོ་ཕྱོགས་འཛིན་མའི་མཐའ་ལ་མཆོངས། །
ནག་ཕྱོགས་ཆུ་གཏེར་རྒྱས་པའི་རླབས། །
ད་དུང་འཇིགས་མེད་ངང་གིས་འཐུང༌། །
ད་ནི་རྨད་བྱུང་དཔྱིད་ལྡན་ཐོར་བུའི་མཉེན་འཇམ་ལག་ཆུང་འདབ་མའི་མཚོན། །
ལྷག་ལྷན་ལྷ་ཡི་ཡང་ཡང་བདས་པས་དབང་བཞི་གྲུབ་པའི་ཞིང་ཁམས་ནས། །
བརྟན་གཡོའི་མཛེས་སྡུག་ཟུར་གྱིས་ཟ་བའི་རྐང་གཉིས་མེ་ཏོག་གཞུ་ཅན་ཚོགས། །
ཟུང་འཇུག་སྒྱུ་མའི་རྩེ་དགའ་མཚོན་ཕྱིར་མཚོ་སྐྱེས་སྙིམ་པའི་སྟབས་ཀྱིས་བསྐྱོད། །
དཔལ་ལྡན་ཟླ་བའི་གདོང་གི་འཛུམ་རླབས་ཅན། །
ཡེ་ཤེས་རང་སྣང་གྲུབ་པའི་ཀུན་རྟོག་ཁྱོན། །
ཤེས་རྡུལ་རྐང་འཛིན་ཕྲ་མོའི་ཟག་ཟད་གཏེར། །
ཀླུ་སྒྲུབ་ལྟ་སྤྱོད་རིག་པའི་མཐོངས་ན་བཞད། །
ཆོས་མངོན་མཛོད་ཀྱི་གཏེར་བདག་དབྱིག་གི་གཉེན། །
མང་ཐོས་གཡུ་ལོ་རྒྱས་པའི་ཞིང་ཁམས་ནས། །
གྲུབ་རིག་སྐུ་ཟླ་མཆོད་པའི་མཉམ་སྦྱོར་གྱི། །
ཐུགས་བསམ་འོ་ཆུ་འདྲེས་མའི་ལྷན་ཐབས་རྫོགས། །
ཆགས་འཇིག་སྙིང་རྩ་འདར་བའི་གོམ་སྟབས་ཀྱི། །
ཞི་དུལ་ཟེའུ་འབྲུ་དམར་བའི་བླ་གོས་ཅན། །
ཐུབ་བསྟན་མེ་ཏོག་བརྒྱན་པའི་ཤཀྱཱའི་སྲས། །
དུས་མཐའི་འདུལ་ཁྲིམས་སྲུང་བའི་རྩེ་དགས་བྲེལ། །
ཀུན་མཁྱེན་མི་འགྱུར་སྣང་མཐའི་ཡེ་ཤེས་གར། །
སྔོ་བསངས་འགྲམ་པ་བརྡར་བའི་ཐུགས་ཀ་ནས། །
གནམ་ལྕགས་ར་བ་རལ་བའི་རྡོ་རྗེའི་ཕྲེང༌། །
དབྱར་སྐྱེས་རྔ་གསང་དགོད་པའི་འཕྲུལ་གྱིས་འཆད། །
ལྟར་སྣང་ལག་ལྡན་སྨྱོན་པའི་རྐང་རྩལ་གྱིས། །
ཐུབ་བསྟན་སྐྱེད་ཚལ་བརྙས་པའི་ལོག་རྟོག་ཅན། །
རང་རློམ་སྤྱི་བོ་འགེམས་པའི་གདོང་ལྔའི་དབྱངས། །
ལུང་རིགས་གཡུ་རལ་གསིག་པའི་ཉམས་ཀྱིས་རྩོད། །
སྙན་ཚིག་མེ་ཏོག་འཛུམ་པའི་ཚོན་སྦྱོར་གྱི། །
ལེགས་བཤད་རླབས་ཕྲེང་གཡོ་བའི་སོར་མོའི་འཕྲུལ། །
སྐལ་བཟང་མིག་མཐའ་སྒེག་པའི་བྷྲ་མ་ར། །
གཉིས་སྦྱོར་མཛའ་བ་དམ་པའི་ཟོལ་གྱིས་རྩོམ། །
འཆད་རྩོད་རྩོམ་པའི་རྔ་བོ་ཆེ། །
སྲིད་པའི་རྩེ་མོར་བདུངས་པ་ན། །
ཁེངས་ལྡན་བཤེས་གཉེན་དུ་མ་ཡི། །
སྲོག་གི་དབང་བོ་ཁོང་ནས་འདར། །
བྱང་ཆེན་རྒྱལ་པོའི་མྱུ་གུ་ཚོས། །
སྙིང་རྗེའི་པདྨ་སྟོང་འབར་ཅན། །
མུན་གྲོང་སྒྱུ་མའི་སྲིད་པ་འདི། །
རྒྱལ་ཚབ་དམ་པའི་གཟུགས་ཀྱིས་རྒྱུ། །
ཁྱབ་བདག་མགོན་པོའི་གསང་བའི་འཕྲུལ། །
རིག་སྔགས་འཛིན་པའི་སེམས་དཔའ་ཆེ། །
ཟོལ་རྫུན་རལ་བའི་ལྗགས་རྩེ་སྟོང༌། །
མཁས་གྲུབ་རྒྱལ་པོའི་ཞལ་ན་འབར། །
དགེ་ལྡན་གསེར་གྱི་རི་བོའི་ཕྲེང༌། །
སྟོང་གསུམ་བརྒྱན་པའི་མཐའ་ན་བསྒྲིགས། །
ཕྱོགས་འཛིན་མུན་པའི་དབུགས་རྒྱུ་མ། །
མྱ་ངམ་དབུལ་བའི་ཐང་དུ་འཚུབ། །
ཉི་ཟླ་སྐར་གསུམ་ནམ་མཁའི་རྒྱན། །
གཟི་བྱིན་སྣང་བ་ས་ན་འབར། །
འཇམ་མགོན་ཡབ་སྲས་ཞིང་འདིའི་རྒྱན། །
སྙན་གྲགས་བ་དན་མཁའ་ནས་འཛུམ། །
དེ་ལྟའི་འཛམ་བུའི་འཁྲི་ཤིང་རྩེར། །
བྱིན་རླབས་མེ་ཏོག་རབ་རྒྱས་པས། །
ལྟ་སྤྱོད་སྒོམ་པའི་དཔག་བསམ་ཤིང༌། །
སྲིད་ཞི་དགེ་བའི་མཆོད་སྡོང་ཉིད། །
སྣང་སྟོང་རྗེས་ཆགས་གསེར་ཚོན་ཟེགས་མ་དྲག་པོའི་ཐོད་ཅན་གཡས་སུ་འབབ། །
ཞི་བ་བསིལ་བའི་མུ་ཏིག་འཁྲི་ཤིང་ལྦུ་བ་དཀར་བའི་ལང་ཚོ་ཅན། །
སྲིད་ཞིའི་ཚ་སྐྱོབ་དྭངས་མའི་རླབས་ཕྲེང་སྔོ་བསངས་འགྲམ་པའི་མཐོངས་ལ་མཆོངས། །
འཇམ་མགོན་ཐུབ་བསྟན་ཟླ་བའི་མ་མ་དྲི་མེད་ཞལ་གྱི་དཀྱིལ་འཁོར་རྒྱས། །
ཨེ་མ་ཡབ་གཅིག་འཇམ་པའི་མགོན། །
རྒྱལ་བ་ལས་ཀྱང་རྒྱལ་བའི་ཉམས། །
མཛད་བརྒྱ་འཕྲུལ་གྱིས་རྗེས་བརྩེ་ཅན། །
དྲན་བཞིན་སྙིང་གི་ཤེས་པ་འཕྱོ། །
སྲིད་པ་རལ་བའི་སྟོང་འཇུག་ཁམས། །
ཡེ་ཤེས་རྣོན་པོའི་ཕྱག་མཚོན་ཞིག །
ད་དུང་འཁོར་བའི་བུ་ཆུང་ལ། །
རྗེས་མཐུན་རིག་པའི་སྣང་ཤེས་སྩོལ། །
ཤར་ཕྱོགས་དུང་གི་རི་རྩེ་ནས། །
སྣང་བ་འོད་ཀྱི་བདག་པོ་ཆེ། །
ས་གསུམ་མུན་པའི་དཀྱིལ་འཁོར་ཀུན། །
འཇམ་མགོན་བསྟན་པས་གསལ་བར་ཤོག །
ཨེ་མ་ལེགས་བཤད་ཚངས་པའི་དབྱངས། །
རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས། །
མཉེན་འཇམ་ཕྱག་གི་རྒྱུད་མངས་ལས། །
སྐལ་བཟང་རྣ་བའི་དཔྱིད་དུ་བརྡུངས། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དད་གསུམ་སྣོལ་མའི་རྡུལ་སྤྲུག

2009-04-07 སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།