མི་ཚེའི་དབྱངས་རྟ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-07

སྲིད་ལ་སྐྱོ་ཤས་བསྒོམས་ནས་རི་ལ་བྲོས་ཀྱང༌། །
རྣམ་རྟོག་དྲ་བ་དྲ་ཕྱེད་གཅོད་ཐབས་མེད་ཀི །
ཁོ་ཐག་ཞེ་ནས་ཆོད་པའི་མཚམས་པ་མ་ཉན། །
རྡོག་ཁྲེས་རྒྱབ་ཏུ་ཁུར་ཏེ་ཕྱིར་ལ་ཆས་འོང༌། །

འཛམ་གླིང་རྒྱན་གཅིག་ལྷ་སའི་ཇོ་བོའི་མདུན་ནས། །
མར་གྱི་ལྟེང་ཀ་འཁྱིལ་བའི་མཆོད་མེ་བསྒྲོན་ཏེ། །
དམ་ཚིག་ཤེལ་གྱི་བུམ་པ་གཉོར་རྒྱུ་བྱུང་ན། །
འདི་ལས་ལྷག་པའི་མཛེས་པའི་རྒྱན་ཆ་ཅང་མེད། །

ལ་ལུང་ཞབས་ཀྱིས་བཅགས་པའི་ཚོགས་དྲུག་རང་གྲོལ། །
རང་གི་གཉེན་ཉེ་ཀུན་ལ་ཞེན་པ་ཁེགས་སོང༌། །
རྒྱལ་ཁམས་རིག་པས་བསྐོར་པ་དགེ་འདུན་ཆོས་འཕེལ། །
ཁ་འཛིན་རྒྱབ་གཏོད་མེད་ལ་བཙོན་ནས་ལུས་སོང༌། །

དྲང་བོའི་བྱ་གཞག་བཟུང་ཡང་སྙིང་བོ་མེད་ཀི །
ཚངས་དབྱངས་རྒྱ་མཚོ་མི་ཁའི་རླུང་ལ་བསྐྱོན་འདུག །
རུམ་ན་དངུལ་དང་རྒྱབ་ཏུ་དཔོན་ཞིག་མེད་ན། །
རྒྱལ་སྲས་སེམས་དཔའ་ཡིན་ཀྱང་དཀའ་བར་འདུག་གོ །

འཛིན་མེད་རྣམ་ཤེས་དག་པའི་ཞིང་དུ་འཕུར་ཀྱང༌། །
ཟག་པའི་ལུས་པོ་འཁོར་བའི་ཁྲོམ་ན་བསྐྱུར་ཡོད། །
འབད་པ་བརྒྱ་ཕྲག་བསྟེན་པའི་རང་རྒྱུའི་འབྲས་སུ། །
ལུས་སེམས་ལྷན་དུ་འདུ་བའི་རེ་བ་ཆེ་འོ། །

བཙན་གྱིས་བསྒོམས་པའི་ངེས་འབྱུང་ཞབས་མཐིལ་བརྡོལ་ཚེ། །
སྲེད་པའི་མེ་ཞགས་རིང་མོ་སྐོར་འཕེན་བྱེད་ངེས། །
རྟོག་གེ་གསང་ཚིག་རྡོ་གཅལ་ཐང་ནས་བསྒྲགས་ཀྱང༌། །
གཏན་གྱི་བཙན་ས་ཟིན་འདུག་ཨེ་ཡོད་སྙམ་མོ། །

ལྷན་སྐྱེས་སྣང་བའི་ཆགས་པ་དབྱིངས་སུ་བསྡུས་ཤིང༌། །
ཏིང་འཛིན་གཟུང་ཐག་ཕྲ་མོར་དྲོད་ཐིག་རྒྱས་ཏེ། །
བྱེ་མའི་ལ་ཐང་བརྒལ་བའི་གོམ་མཚམས་འཇོག་པར། །
ལུང་དང་ཚད་མའི་གླེགས་བམ་ཡུན་གྱིས་གཞལ་དགོས། །

འབྲུག་སྨྱོན་རྣམ་ཐར་འཚོལ་བའི་རྐང་རྗེས་འདེད་རྒྱུ། །
ཁྱོད་དང་ང་ལ་བགོ་སྐལ་ཅི་ཡང་མི་འདུག །
འདུ་འཛི་ཆེ་བ་ལྷ་སའི་བར་སྐོར་གླིང་ནས། །
ཕྱི་ཡི་རྫུ་བག་ཅུང་ཟད་མེད་ན་ཆོག་ཨང༌། །

ལས་ཀྱི་ལྷ་མོར་ཁྱོ་ག་ད་རུང་མ་འགྲིག །
ངག་གི་དབྱངས་ལ་འབྲས་བུ་ད་རུང་མ་སྨིན། །
སྐྱིད་སྡུག་འདྲེས་མར་ཆགས་པ་འཇིག་རྟེན་འདི་ཡིས། །
མི་ཚེ་གཅིག་ལ་ཀུ་རེ་ཐེངས་འགར་རྩེ་བྱུང༌། །

བརྩེ་འདང་དུངས་ཀ་ཅན་གྱི་བུ་མོ་སྐྱུར་ཞོག །
སྐུ་ངོའི་ཐོབ་ལ་ཆགས་པའི་དད་པ་སྐྱུར་ཞོག །
གཉེན་གྱི་བདེ་བ་བསྒྲིག་པའི་ལམ་དུ་ཞུགས་དུས། །
ཨོ་ལོའི་སེམས་ཀྱི་དམ་བཅའི་མདུད་པ་གྲོལ་འགྲོ། །

ཁ་ཆར་བུ་ཡུག་འཚུབ་པའི་ནམ་ཟླ་ཞིག་ལ། །
སྐྱ་མོའི་ལམ་ཁ་མཐོང་བའི་མིག་དབང་ཉམས་ཀྱང༌། །
དྲོད་གྲང་ཉིས་འཛོམས་དཔྱིད་ཀྱི་དུས་ཚིགས་བཟང་བོས། །
འཕྲལ་ཕུགས་ལེགས་ཉེས་འབྱེད་པའི་ས་བོན་ལོས་འདེབས། །

གསེར་གྱི་རྒྱ་ཕིབས་མཐོན་པོའི་བྱ་འདབ་འོག་ཏུ། །
ཕུག་རོན་སྔོན་མོས་རང་གི་འཚོ་རྟེན་ཉར་སྐབས། །
ཚུལ་ཁྲིམས་ནང་ན་རུལ་པའི་བཙུན་གཟུགས་ཞིག་གིས། །
དབྱུག་པ་སྐོར་འཕེན་བྱེད་ལ་དད་པ་ཉམས་ཐལ། །

གཡུང་དྲུང་སྲོག་གི་ཀ་བ་མ་འགྱེལ་བར་དུ། །
མང་མང་མཐུན་པའི་ལས་ཤིག་སྒྲུབ་འདོད་ཆེ་ཡང༌། །
སྲིན་བུའི་དམག་ཚོགས་སྟོང་ཕྲག་རྒོལ་བར་འོང་ཚེ། །
སྐྲག་སྣང་བྱིན་པ་འདར་བའི་གཏམ་རྒྱུད་ཡོད་ངེས། །

ཚུ་རོལ་འདི་ནས་གླུ་ཞིག་ཕར་ལ་བླངས་ཏེ། །
ཡན་ལག་མཆོག་ནི་ལྡེམ་ལྡེམ་ནང་དུ་འགུག་དགོས། །
རེ་དོགས་ཐལ་བ་འཕྱུར་པའི་སྒང་གཤོང་ཞིག་ན། །
ཡིད་གཉིས་ཟ་བའི་གཟུགས་བརྙན་ཚུར་ལ་བསྲིངས་འོང༌། །

རྒྱ་ལྕང་གྲིབ་བསིལ་འོག་ནས་མགུར་གླུ་གྱེར་སྐབས། །
ཐེ་ཚོམ་སྐུད་པ་བཅད་པའི་ཉན་མཁན་བྱུང་ན། །
རྟེན་འབྲེལ་ཚོན་སྣ་འཛོམས་པའི་བུམ་པ་བཏེགས་ཏེ། །
བདུད་རྩིའི་བཏུང་བ་འབུལ་བའི་སྟ་གོན་བྱས་ཡོད། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་དབྱངས་རྟ།

2009-04-07 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།