ལས་བྱེད་པ་མགོན་མེད་སྐྱབས་མེད་འགའ།

གཞན་དབང་ལྷགས་འཚུབ་ཀྱིས་སྤུར་བའི་རླུང་རྟ་ཇི་བཞིན། །
རི་སུལ་ལུང་ཀྱོག་གི་ཁུགས་སུ་ལྷབ་ལྷུབ་འཕྱོ་དུས། །
ཁ་ཆར་བུ་ཡུག་གི་གདུག་རྩུབ་ངར་ཁ་ཆེ་བས། །
ཕུགས་འདུན་ཚོན་རྩི་ཡི་མདོག་ཀྱང་སྐྱ་བོར་བསྒྱུར་སོང༌། །

འུར་མཐིལ་གོར་མོ་རུ་བདེ་བའི་རྡོ་བ་ལྟར་དུ། །
ཀླག་དུ་ཐེངས་དགུ་རུ་བསྐོར་ནས་རྒྱང་དུ་འཕངས་ཚེ། །
སྡུག་ཡུས་འཁང་ར་ཡི་སྐྱོ་གཏམ་ཤུབ་བུར་ཟློ་བཞིན། །
ནེམ་ལྗང་སྤང་ཐང་གི་དབུས་སུ་ཁྱིམ་གཞི་སྤར་ཡོད། །

སྨྲ་ཤེས་དོན་གོ་ཡི་ཐེ་གེ་ཟད་པོར་བརྩིས་ནས། །
མི་དྲག་སྐུ་དྲག་ཚོས་གང་སར་འདེད་གྲངས་མང་བས། །
འཁྱེར་བདེ་འགྱོག་བདེ་ཡི་མལ་ཁྲི་གཉིས་བལྟབས་བྱས་ཏེ། །
རྣ་བ་ཀྲོང་ཀྲོང་དུ་བཀའ་གསུང་གཉན་པོར་གཏད་ཡོད། །

གར་བཏང་གོ་ཆོད་ཀྱི་ཉམ་ཐག་ལག་དོར་བགྲངས་ནས། །
རྒྱུ་མེད་རྐྱེན་མེད་དུ་རྒྱང་ཕུད་རྒྱག་ཐེངས་མོད་པས། །
ཉི་གློག་གོང་བདེ་རེ་གར་ཡོད་རྩད་གཅོད་བྱས་ཏེ། །
དབེན་གནས་འགོལ་བོ་ཞིག་འགྲིམ་པར་སྔོན་འགྲོ་སྐྲུན་དགོས། །

སྲས་དང་སྲས་མོ་ཡི་བདེ་སྐྱིད་རྟག་ཏུ་བརྟན་ཕྱིར། །
ལས་བྱེད་ཕོགས་གཟན་ཚོའི་མཐའ་སྲུང་དམག་མིར་འགྱུར་ཏེ། །
གཞན་པའི་ཁྲེལ་འཛུམ་གྱིས་འཕྱ་བའི་ལས་གནས་སྟེང་དུ། །
མི་ལོ་དུ་མ་ཞིག་དཀའ་སྡུག་ཆེན་པོས་ཟད་སོང༌། །

རྐུ་ངོའི་ཁྱིམ་རྒྱུད་ཀྱི་འགལ་རྐྱེན་བར་ཆད་སེལ་ཕྱིར། །
དུས་རབས་ཉེར་གཅིག་པའི་གཏོར་མ་གསར་བར་གྱུར་ཏེ། །
རང་དབང་སྤུ་རྩེ་ཙམ་མེད་པར་ཕྱོགས་བཞིར་གཏོར་ནས།།
སྐྱོ་གདུང་འཁྱག་པོ་ཞིག་སེམས་ཀྱི་ཟབ་སར་སྦས་ཡོད། །

གསེར་རྩི་སེར་བོ་ཡིས་བྱུགས་པའི་ཤོག་བྱ་ཇི་བཞིན། །
ཨ་ཕའི་ཐོབ་ཐང་གི་སྐུད་པའི་སྣེ་མོར་འཐམས་ནས། །
ཉི་མའི་དྲོད་ཁོལ་གྱི་བརྩེ་བ་བཙན་གྱིས་བསྙེགས་ཏེ། །
ཡམ་ཡོམ་འཁྱར་འཁྱོར་དུ་འཕུར་བ་གན་ཚོར་བཤིབས་ན། །

རྔམ་བརྗིད་རི་ཚོགས་ཀྱི་རྩེ་མོ་ཟིལ་གྱིས་མནན་ཏེ། །
ཡིད་འོངས་དྲགས་ཉམས་ཀྱིས་འགྱིང་བའི་དར་ལྕོག་ལྟར་དུ། །
འབྲོག་་སྡེའི་སློབ་ཆུང་དུ་སྤྱུགས་པའི་ཕོ་རྒོད་ངེད་ཚོའི། །
དབུ་འཕང་སྤྲིན་གསེབ་དུ་སླེབས་པའི་ཉམས་སྣང་སྐྱེས་བྱུང༌། །

དཔོན་ངན་རྫོབ་པོ་ཚོའི་རྐང་མཐིལ་ལྕེ་ཡིས་ལྡག་སྟེ། །
ཟས་ལྷག་སྣུམ་པོ་རེ་སློང་བའི་ཨོ་ཡོ་ལྟར་དུ། །
མནོག་ཆུང་ཁེ་ཕན་གྱི་ཆེད་དུ་ལང་ཚོ་བསྟིམས་པས།།
བྲན་ཁོལ་གཡོག་གཤིས་ཀྱིས་སྦགས་པ་དེ་ཚོར་བསྡུར་ན། །

ངར་རྒོད་གད་རྒྱངས་ཀྱིས་ས་ཆེན་ཤིག་གེར་སྒུལ་བའི། །
གཡུ་རལ་ཕྲག་སྟེང་དུ་སྙིལ་བའི་གངས་སེང་ཇི་བཞིན། །
རང་གཤིས་གཤའ་མ་རེ་སྲུང་བའི་སྐྱེས་མཆོག་བདག་ཅག།
སྙིང་སྟོབས་དགུ་འགྱུར་གྱིས་སྤུད་པའི་སྤོབས་པས་ཁེངས་སོང༌། །

མི་མིན་སྐར་ཚོགས་ཤིག་གོ་སའི་ཐེམ་པར་འཛེགས་ཤིང༌། །
ལྟོ་འཕྱེ་ཆེན་པོ་འགས་སྐྱིད་པའི་ཚང་མལ་རྙེད་སྐབས། །
ཚེར་མ་ཚང་ཚིང་དུ་སྐྱེས་པའི་འགག་འཕྲང་མང་བོས། །
མི་བུ་རྣམ་དག་ཚོས་བཞུད་ལམ་བཙན་གྱིས་བཅད་ཡོད། །

ཡ་ཐེམ་སྲ་མོ་དེའི་འོག་ནས་ཁྱི་ལྟར་སྒུར་ཞིང༌། །
མ་ཐེམ་བཀན་མོ་དེའི་སྟེང་ནས་ཝ་བཞིན་འཇབས་ན། །
ཅོལ་ཆུང་སྐྱེ་བོ་ཚོ་འཚང་སའི་སྐྱིབས་ཤིག་ཡོད་ཀྱང༌། །
མགོ་བོ་མཐོན་པོ་འདི་དུད་པའི་ཐབས་ཤིག་མི་འདུག།

དཀར་ནག་གོ་ལྡོག་གིས་དྲང་བདེན་རྡོག་པས་བརྫིས་ནས། །
སྐུ་ངོའི་འཛུམ་མདངས་ལ་དུངས་པའི་རྐུབ་གཡོག་དག་གིས། །
ངེད་ཚོའི་ཞབས་སོར་གྱི་ཞོལ་ནས་རྒྱང་མཐོང་བཙུགས་ཏེ། །
གནས་རི་བརྗིད་པོ་ཞིག་འདུག་ཅེས་མགོ་ཡོམ་འཁོར་སྲིད། །

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་བྱེད་པ་མགོན་མེད་སྐྱབས་མེད་འགའ།

2009-04-06 འབྲོག་བསམ་གཏན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།