རྣམ་རྟོག་གིས་བཞེངས་པའི་འཇིག་རྟེན།

ཧོར་ཞི་བདེ་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-05

ལོག་རྟོག་བྲག་རི་འཛིངས་པའི་ལྟག་རྒྱབ་ལ་ཤོར་བའི།  །
ཉམས་རྟོགས་གདངས་སུ་འགུགས་པ་ཟླ་ཤེལ་གྱི་སྲིང་མོས།  །
སྙིང་རྗེ་བྱེ་བའི་གདངས་སྙན་འགྱུར་ཁུགས་སུ་དྲངས་ནས།  །
ས་གསུམ་མྱ་ངན་མེད་པའི་ལྟད་མོ་ལ་སྒྱུར་ཅིག  །

འདི་ནི་བྱི་རུའི་ན་ཆུང་རོལ་དབྱངས་ལ་རྩེན་པའི།  །
ངོ་མཚར་སྙན་ངག་སྟོང་གི་ཕ་ས་རེད་མི་འདུག  །
ལྷ་ཆེན་དབང་པོས་བྱས་པ་གཤིན་རྗེ་ཡི་འཕྲེང་འདིར།  །
ཡིད་ཆད་མཆི་མའི་དོག་པ་རྐང་རྩེ་ལ་ཟགས་སོང༌།  །

མི་འདོད་བུ་ཡུག་བཙན་པོ་གྲིབ་མ་བཞིན་འགྲོགས་པའི།  །
མི་སྡུག་ཐལ་བ་འཚུབ་མོ་བསུ་བ་ལྟར་འོངས་པའི།  །
མུ་མཐའ་མེད་པ་བྱེ་མའི་ཐང་ཆེན་ལ་བསམས་ནས།  །

དགེ་ལེགས་ཉི་ཟེར་གཏིབ་པ་སྤྲིན་ནག་གི་ཡོལ་བས།  །
བགེགས་རིགས་སྒྲ་བརྒྱ་རྒོད་པ་གནམ་ལྕགས་ཀྱི་སེར་བས།  །
སྙིང་ལ་མྱ་ངན་འབྲི་བའི་ཁྲོ་གཉེར་ལ་བསམས་ནས།  །

འགྲོགས་ཚད་སྙིང་ལ་སྙོབ་པ་འདྲེ་སྲིན་གྱི་འཁོར་ཚོགས།  །
མྱོང་ཚད་སྙིང་ཁམས་འགས་པ་དུག་ནག་གི་ཁ་ཟས།  །
ཡོད་ཚད་དགྲ་རུ་ལངས་པའི་དངངས་སྐྲག་ལ་བསམས་ནས།  །

སྟོབས་ལྡན་གླང་བོ་བཏུལ་བའི་མཆེ་བ་དེ་གཅོག་པའི།  །
རྩལ་ལྡན་སྟག་རྒོད་བསད་པའི་གཡང་གཞི་དེ་གསོལ་བའི།  །
དམུ་རྒོད་མི་ཡི་ལུས་ཀྱི་གདུག་རྩུབ་ལ་བསམས་ནས།  །

ཞི་བདེའི་བྱེའུ་ཆུང་འཕུར་བ་ཕྱག་འོག་ལ་གཅུར་བའི།  །
བརླང་སྤྱོད་གླེན་མའི་ཞབས་མཐིལ་ཕྱག་རྩེ་ནས་སྐྱོར་བའི།  །
ས་བདག་སྙིང་རྗེ་མེད་པའི་ཕྱག་རྒྱ་ལ་བསམས་ནས།  །

ཚེར་མའི་བུ་ཆུང་ཕྲག་དོག་མེ་རྟ་ལ་བཅིབས་པའི།  །
འཕྱོན་མའི་སྨན་ཆུང་གཡོ་སྒྱུའི་རླབས་རྩེ་ན་འཆའ་བའི།  །
འཁོར་ཚོགས་ནང་དམེ་ཅན་གྱི་ར་བ་ལ་བསམས་ནས།  །

ཕག་རྒོད་ནག་པོས་མི་ཡི་བཤང་གཅི་ལ་རོལ་བའི།  །
རྐང་གཉིས་མི་ཡིས་ཕག་གི་བཤང་ལམ་ཡང་བཞེས་པའི།  །
རྣམ་རྟོག་ཁ་ལ་ཁྱེར་བའི་གླེན་རྟགས་ལ་བསམས་ནས།  །

ཨོཾ་ལ་བྱང་བའི་བན་ཆུང་དཀོར་ནག་གིས་མྱོས་པའི།  །
ཧཱུཾ་ལ་ལོབ་པའི་སྔགས་རྒན་ཆང་ནག་གིས་བཟི་བའི།  །
སྒྱུ་མའི་སྟེགས་བུར་ལུས་པའི་ལྟད་མོ་ལ་བསམས་ནས།  །
ཡིད་ཆད་མཆི་མའི་དོག་རྐང་རྩེ་ལ་ཟགས་སོང༌།  །

གསེར་ཁྲི་རྐུབ་ཀྱིས་མནན་པ་ཡང་སྤྲུལ་གྱི་འཛུམ་མདངས།  །
ཐབ་ཁྲི་སྡུག་གིས་བསྲུང་བ་གཡོག་འཁོར་གྱི་མཛའ་བརྩེ།  །
ཀུན་ལ་ཡིད་ཆེས་མེད་པའི་གཡོ་འཕྲུལ་ལ་བསམས་ནས།  །

མི་ལ་འཇུག་མ་མེད་ཅེས་སྤྲེའུ་ཚོགས་ཀྱིས་འཕྱ་བའི།  །
འདྲེ་ལ་སྙིང་རྗེ་མེད་ཅེས་མི་ཚོགས་ཀྱིས་གླེང་བའི།  །
རི་བོང་ཅལ་ལ་འགྲོགས་པའི་གནའ་གཏམ་ལ་བསམས་ནས།  །

དགའ་བའི་གྲོགས་ཀྱི་སྨྱོ་རྟགས་དྲང་ངེས་ཀྱིས་བསལ་བའི།  །
སྡང་བའི་དགྲ་ཡི་སྙིང་རྗེ་ཉོན་མོངས་སུ་སྒྲུབ་པའི།  །
དྲང་བདེན་ཕྱེ་མར་བརྡར་བའི་གཏན་ཚིགས་ལ་བསམས་ནས།  །

གཡོ་ཅན་ཝ་མོས་རྒྱལ་རྔ་ལྷང་ལྷང་དུ་རྡུང་བའི།  །
སྡིག་ཅན་སྤྱང་མོས་རྒྱལ་མཚན་མཁའ་དབྱིངས་སུ་འཕྱར་བའི།  །
འདྲེ་དང་ཐེའུ་རང་དགའ་བའི་གསོལ་སྟོན་ལ་བསམས་ནས།  །

ལྷོག་ལྷོག་ཁྲོ་ཆུ་ཁོལ་མ་སྙིང་ཁམས་ལ་ཤོར་བའི།  །
མེར་མེར་འདམ་དུ་སྡོད་ལ་བཟོད་བསྲན་རང་ཆེ་བའི།  །
དམྱལ་བའི་མགྲོན་ལ་འགྲོ་བའི་བུ་ང་ལ་བསམས་ནས།  །

འཆར་ཡན་སེམས་ཀྱི་གསོན་འདྲེ་འོ་དོད་ཀྱི་ངང་ནས།  །
མི་མཐུན་ལྟ་བ་གདོན་གྱི་རྣམ་ཤེས་ལ་ཞུགས་པའི།  །
ཁྲག་དང་མཆི་མའི་སྦགས་པའི་བཞིན་རས་འདི་མཐོང་ན།  །
རྒད་པོ་རྒས་གཉེར་ཅན་ཚོའི་ཐུགས་རྩ་ལ་གནོད་སྲིད།  །

རང་མཚང་རི་བོ་སྙིལ་བའི་སྔ་ལྟས་ལ་ཤར་ན།  །
སྡིགས་མཛུབ་མཁའ་ལ་འཕྱར་བའི་རྒོད་པོ་དེ་མང་ཡང༌།  །
ཨ་ཐང་དབྱིངས་ནས་ཆད་པ་བྱང་འབྲོག་གི་འཁྱམས་པོ།  །
རྣམ་རྟོག་ཁོང་ལ་ཉར་བའི་དོན་ཆུང་དེ་མ་བཟོད།  །

ཡུནརིང་སྲིད་ལ་འཁྱམས་པའི་སྡིག་འབྲས་དེ་ཟབ་པས།  །
ལྷ་འདྲེ་སོ་སོར་སྣང་བའི་མཐུ་ནུས་དང་བྲལ་སོང༌།  །
ཡ་གིའི་ལྷ་ཚོགས་དགྱེས་པའི་སྐྱེ་བོ་ཡི་ཚོགས་ལ།  །
དད་པའི་ལྷ་ཕྱག་བདག་གི་སྙིང་ཁ་ན་བཞུགས་ཡོད།  །
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣམ་རྟོག་གིས་བཞེངས་པའི་འཇིག་རྟེན།

2009-04-05 ཧོར་ཞི་བདེ་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།