ཞུ་འཕྲིན་དབྱར་གྱི་རྔ་གསང་།

བདེ་སྐྱིད་གཞི་མ་སྤྱི་ཚོགས་རིང་ལུགས་དཔལ་ཡོན་ཟུང་གི་འཛུགས་སྐྲུན་ལ། །
ལེགས་སྐྱེས་གསར་བ་སྐྲུན་པའི་སྙིང་སྟོབས་ཆ་ཤས་ཀུན་རྫོགས་འོད་དཀར་ཅན། །
རབ་ཏུ་བསིལ་བ་ལྷག་བསམ་ཟེགས་མས་མི་རིགས་སློབ་གསོའི་ཀུན་དའི་ཚལ། །
རྒྱས་བྱེད་ཟླ་བ་ཁྱོད་ཉིད་བློ་ལྡན་རྒྱུ་སྐར་སྟོང་གི་དབུས་ན་མཛེས། །
རིང་ནས་ངན་གོམས་རྨོངས་ཆེན་ཡིད་ཀྱི་དམུ་རྒོད་རྟ་ཕོ་འདུལ་བ་ལ། །
བློ་གྲོས་རྩལ་རབ་རྫོགས་པའི་སྐྱེས་བུ་ཁྱོད་མིན་ཁྱོད་ལས་ལྷག་པ་ཞིག །
དེང་གི་དུས་འདིར་འབྱོན་པར་དཀའ་ཞེས་ཀུན་གྱི་མགྲིན་གཅིག་གླེང་བའི་སྒྲ། །
གུས་ལྡན་རྨ་བྱ་གཞོན་ནུའི་སྙིང་ལ་དབྱར་སྐྱེས་རྔ་དང་ཐ་མི་དད། །
དེ་ཡང་ཁྱོད་ཀྱི་སྙན་པའི་སྤྲིན་སྒྲ་ཁོ་ན་ཙམ་གྱིས་མ་ཡིན་པར། །
མཁས་བཙུན་བཟང་བའི་ཡོན་ཏན་ཟླ་མེད་གློག་འོད་རྣོན་པོས་ཁོ་བོའི་ཡིད། །
མགྲོན་དུ་བསྡུས་ཚེ་སྤྲོ་དགའི་ཟློས་གར་རྩེན་དང་ལྷན་ཅིག་ལེགས་བཤད་ཀྱི། །
གྲུ་ཆར་བསྐུལ་བའི་ཞུ་འཕྲིན་ཕང་འགྲོ་ལྷག་བསམ་སོར་མོས་ཅིས་མི་དཀྲོལ། །
གངས་ཅན་རིག་གཞུང་ཆུ་སྐྱེས་ཚོམ་བུར་མི་མཐུན་བ་མོ་ཀུན་འཇོམས་པའི། །
རླབས་ཆེན་ཏང་གི་མི་རིགས་སྲིད་ཇུས་ཉི་འོད་གསར་བ་སྤྲོ་དུས་འདིར། །
རང་གིས་རང་ལ་ཤ་ཚའི་སྒོ་ནས་འབད་པའི་ཆར་རྒྱུན་མ་ཕབ་ན། །
“ཅན་བཞིའི”དྲི་བསུང་མངོན་པར་འཐུལ་བའི་སྐྱེད་མོས་ཚལ་དུ་ཅི་ཞིག་ངོམ། །
མེས་རྒྱལ་མ་མའི་པང་འདིར་རྒྱ་སོགས་ཕུ་ནུ་མི་རིགས་གཞན་དག་གིས། །
གངས་ལྗོངས་གསར་བ་སྐྲུན་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་བ་ཡི། །
ཚུལ་འདི་བསམས་ན་མི་རིགས་རང་ཉིད་ལེ་ལོ་དང་ནི་རྨོངས་པ་ཡི། །
ཁུང་དུ་འཛུལ་ནས་བྱི་བ་ཇི་བཞིན་ནམ་ཟླ་གཏོང་བའི་འོས་ཅི་ཞིག །
དེ་ལྟ་མོད་ཀྱང་ཕུགས་བསམ་བྲལ་བའི་ རྨོངས་ཆེན་སྐྱེ་བོ་འགའ་ཞིག་གིས། །
སྒེར་དོན་གཉེར་བའི་འདུ་ཤེས་ཁོ་ནས་ཡོད་ཚད་དངུལ་ལ་ལྟ་བ་འམ། །
བྱ་རོག་ཇི་བཞིན་གྲུང་པོའི་ཚུལ་གྱིས་ཀུན་ལ་དོགས་པ་ཟ་བ་དང༌། །
རང་ཉིད་གཅེས་འཛིན་འབའ་ཞིག་བློ་ཡིས་ཤེས་ཚད་ཁོག་ཏུ་ཅི་ལ་སྦས། །
ཕ་ལ་མི་ཉན་མ་ལ་ཕྱིར་རྒོལ་སློབ་དཔོན་དམ་པར་སྐྱོན་སྨྲ་ཞིང༌། །
ཤེས་བྱའི་གནས་ལ་མ་བསླབས་མི་སློབ་སློབ་པར་འདོད་པའི་བློ་བྲལ་བ། །
ཉིན་དང་མཚན་དུ་ཕྱི་གླིང་ཆགས་གླུ་དབྱངས་སུ་གྱེར་བའི་འཆལ་པོ་དག །
ལྷན་ཅིག་བསྡེབས་ནས་རྒྱལ་ཁབ་དང་ནི་མི་རིགས་ལ་རྒྱ་བཤིགས་དོན་ཅི། །
གང་ན་བཟའ་བཏུང་ལེགས་དེར་རྒྱུག་ཅིང་ཆང་གླུ་རོལ་མོས་མི་ཚེ་གཏོང༌། །
ཆེ་བའི་ལས་དོན་སྒྲུབ་མི་ཤེས་ཤིང་ཆུང་བ་དག་ནི་བྱེད་མི་འདོད། །
ཟླ་རེ་བཞིན་ཡང་གླ་ཕོག་ལེན་དུས་ཁ་གདངས་ལག་པ་ཆེས་རིང་བའི། །
སྐྱེ་བོ་དེ་ཚོར་མེས་རྒྱལ་ཆེན་མོས་དོམ་དང་བུ་ལོན་ཅི་ཙམ་ཆད། །
ཆབ་སྲིད་མཐོང་རྒྱ་ཁབ་མིག་ལས་དོག་ལས་དོན་རང་བཞིན་སྤུ་ཙམ་མེད། །
རིག་པའི་གནས་ལ་ཡེ་ནས་མ་སྦྱངས་ཆེད་ལས་ཤེས་བྱ་རི་བོང་གི །
རྭ་ཡི་རྗེས་སོང་བླུན་རྒན་འགའ་ཞིག་གཡོ་སྒྱུས་ཐོབ་པའི་སྟེགས་བུ་ན། །
ལྟོ་བ་རྟུག་པའི་ལྗིད་ཀྱིས་དྲེགས་ཀྱང་དུས་རབས་གསར་བར་འདི་ཡིས་ཅི། །
མཐོ་ལ་དགའ་ཞིང་མཐོན་པོར་བགྲོད་པའི་ཡོན་ཏན་རིན་ཆེན་ཐེམ་དང་བྲལ། །
དམའ་ལ་དོགས་ཤིང་དམའ་དམའི་ལམ་དུ་གཅིག་ལ་གཅིག་གིས་འགྲན་ནས་རྒྱུག །
རང་སྐྱོན་མི་མཐོང་གཞན་སྐྱོན་འཚོལ་ལ་ཤིན་ཏུ་དགའ་བའི་སྨྱོན་པ་དག །
ཚུལ་མིན་ཐོ་ཅོའི་གར་གྱིས་རྩེན་པས་རང་གཞན་གཉིས་ཀ་ཅིས་མི་ཕུང༌། །
རྩ་དོན་བཞི་ལྡན་ཡིད་བཞིན་དབང་རྒྱལ་གཙུག་གི་རྒྱན་དུ་མི་སྟེན་པར། །
མ་དག་ཀུན་སློང་རོ་མྱགས་འདམས་ནས་ཚུལ་མིན་མཆིང་བུ་བདོག་པ་ཡི། །
ངན་གོམས་རྗེས་སོང་རྙིང་ཞེན་པ་དག་སླར་ཡང་ལོག་པའི་རྨི་ལམ་ངན་དུ། །
སྟོང་བསམ་འཕྲུལ་བའི་རྨི་ལམ་ཟ་ཟི་ཉིན་མོའི་ངོགས་ལ་ཅི་ཕྱིར་རྨིས། །
མདོར་ན་དེང་དུས་གངས་རིའི་ཁྲོད་འདིར་ཀླད་མེད་སྨྱོན་པ་འགའ་ཞིག་གིས། །
ཡ་མ་ཟུང་གི་སྤྱོད་པ་རྩིང་བོས་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལ། །
འགལ་རྐྱེན་བཟོ་བའི་ཚུལ་འདི་བསམས་ན་བློ་ལྡན་རྣམས་ཀྱི་ཐུགས་མཚོ་ལས། །
སྐྱོ་བའི་རླབས་ཕྲེང་གཡོ་དང་ལྷན་ཅིག་ཐབས་ཀྱི་ཟེགས་མ་ཅིས་མི་སྤྲོ། །
བློ་རྒྱ་ཁབ་མིག་རྗེས་སུ་སོང་བའི་མུན་སྤྲུལ་འགའ་ཞིག་ཁྱོད་དྲུང་དུ། །
ལྷགས་པའི་མོད་ལ་རང་རང་འདོད་པའི་སྐུལ་ཚིག་སྣ་ཚོགས་སྨྲ་སྲིད་ཀྱང༌། །
བསམ་འཕེལ་དབང་པོ་མི་རིགས་རང་གི་རྒྱལ་མཚན་རྩེ་མོར་མི་འགོད་པར། །
ནང་རྟེན་ཡིན་ཞེས་ཕྱིང་བས་བཏུམ་ནས་སྒྲོ་བར་འཇུག་འདི་ཕོད་དམ་ཅི། །
དེ་ཕྱིར་ཏང་ལ་མཆོག་ཏུ་བཀུར་ཞིང་དཔལ་དཀྱིལ་མེས་པོའི་རྒྱལ་ཁབ་འདི། །
མིག་གི་འབྲས་བུ་ཇི་བཞིན་གཅེས་པ་རྣམ་དཔྱོད་ཡངས་པའི་བློ་གྲོས་ཅན། །
ཁྱོད་ཀྱི་འཕྲིན་ལས་ཉིན་བྱེད་འོད་ཀྱིས་མི་རབས་གསར་བའི་པད་མོའི་ཚལ། །
གཡེལ་བ་མེད་པར་རྟག་ཏུ་སྐྱོངས་ཞེས་གཞེན་སྐུལ་དྲིལ་བརྡ་ཁོ་བོས་སྒྲོགས། །
མགོན་ཁྱོད་སྙིང་སྟོབས་སྤྲིན་གྱི་ལམ་ལས་གཞན་ཕན་དབྱར་རྔ་སྒྲོག་དང་ལྷན། །
ལེགས་བཤད་གྲུ་ཆར་གསར་བ་འཇོ་བས་སྐལ་ལྡན་རྨ་བྱ་འབུམ་གྱི་སྙིང༌། །
ལྔ་རིག་དགའ་བདེས་རབ་ཏུ་མྱོས་དེ་དཔལ་གྱི་སྒྲོ་གུར་ངོམ་པ་ཡི། །
གངས་ཀྱི་རི་བོའི་ཁོར་ཡུག་ཀུན་ཏུ་དགེ་མཚན་སྣང་བ་རྒྱས་གྱུར་ཅིག །
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞུ་འཕྲིན་དབྱར་གྱི་རྔ་གསང་།

2009-03-31 ནོར་སྡེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།