དཔང་རྟགས་ལྷག་བསམ་ཅན།(ཚན་པ་གཉིས་ཡོད)

    དཔང་རྟགས་ལྷག་བསམ་ཅན།
                   —རྒྱལ་རྩེའི་དབྱིན་འགོག་མེ་སྒྱོགས་སྟེགས་བུ།

ལུས་དཀའ་ཐུབ་དྲག་པོའི་རྩོལ་བ་ཡིས། །
སྲོག་གསར་བ་སྦྱིན་པའི་ལྷག་བསམ་ཅན། །
ཁོང་སྔ་རབས་འབངས་ཀྱི་བཀའ་དྲིན་དེ། །
གཞལ་ཨེ་ནུས་སྙམ་ནས་སྡོད་པ་ཡིན། །
དེ་མིན་ན་ཉིན་བྱེད་འོད་སྣང་ལས། །
དུས་ངེས་མེད་སྤྲོས་པའི་དྲོད་ཐིག་ཙམ། །
རྒྱབ་གྲང་བའི་གོས་སུ་བསྟེན་པ་ལས། །
ང་འབྱུང་བཞིའི་ཁམས་ལ་ཐིམ་ན་སྐྱིད། །
སྲོག་དམར་པོ་གཏོང་བའི་བརྟུལ་ཕོད་ཀྱིས། །
བོད་མངའ་རིས་སྲུང་བའི་དཔའ་རྒོད་ཚོའི། །
ལུས་ཟུངས་ཁྲག་དྲོན་མོས་བརྒྱན་པ་འདི། །
དོན་ཨེ་ལྡན་སྙན་ནས་ལྟ་བ་ཡིན། །
དེ་མིན་ན་སྤྲིན་སྔོན་ཁུགས་པ་ནས། །
རེས་ལན་རེར་བྲན་པའི་ཆར་རྒྱུན་ཙམ། །
ལྟོ་བཀྲེན་པའི་ཟས་སུ་བསྟེན་པ་ལས། །
ང་འབྱུང་བཞིའི་ཁམས་ལ་ཐིམ་ན་སྐྱིད། །
སྔར་བྱུང་བའི་བསླབ་བྱ་འདིའོ་ཞེས། །
བོད་མགོ་བོ་འཐོམས་པའི་ཕྱི་འབངས་ལ། །
དོན་ངེས་ཤེས་སྐྱེད་པའི་དཔང་རྟགས་ཙམ། །
ཡོང་ཨེ་སྲིད་རེ་ནས་སྡོད་པ་ཡིན། །
དེ་མིན་ན་འཇག་སྐྱའི་སྡོང་བུ་ལ། །
རླུང་སྐྱི་བསེར་ལྡང་བའི་ཤུགས་གླུ་ཙམ། །
གཏམ་སྨྲ་བའི་གྲོགས་སུ་བསྟེན་པ་ལས། །
ང་འབྱུང་བཞིའི་ཁམས་ལ་ཐིམ་ན་སྐྱིད། །

        རྨས་སྐྱོན་ཤོར་བའི་བརྩེ་དུང༌། 
                  —ཕོ་བྲང་ཡུམ་བུ་བླ་སྒང༌།

འཛམ་གླིང་འཛིན་མའི་ཟེ་བ་རྒྱ་མཚོ་ལས་འཕགས་པས། །
ང་ལ་གཞན་ལས་མཐོ་བའི་རྐང་སྟེགས་ཤིག་གནས་བྱུང༌། །
ངས་ཀྱང་གཡེལ་བ་མེད་པའི་ལྷག་བསམ་གྱི་སྤྱོར་བས། །
བསིལ་ལྡན་བཙན་པོའི་ཕྲེང་བར་ཞབས་ཏོག་རེ་བསྒྲུབས་ཀྱང༌། །
སྙན་པ་གཡེར་བག་ཆེ་བ་སྤུར་རྒྱལ་གྱི་བཙན་པོ། །
ཞལ་གསུང་དོན་ལ་གནས་པའི་ཁྲེལ་ཡོད་རང་མི་འདུག །
དགུ་ཚིགས་དབྱིངས་ནས་དཔྱངས་པའི་རྨུ་ཐག་དེ་ཟིན་ཚེ། །
ཕྱི་མིག་གཟིགས་པ་མེད་པར་བག་ཡངས་སུ་ཕེབས་ཐལ། །
བོད་འབངས་བདེ་ལ་འགོད་པ་རླབས་ཆེན་གྱི་སྲིད་བྱུས། །
མཐའ་བརྒྱད་དབང་དུ་བསྡུ་བ་དཔའ་མཛངས་ཀྱི་འཐབ་ཇུས། །
རྒྱ་ཆོས་བོད་དུ་འདྲེན་པ་ཤེས་རིག་གི་ས་བོན། །
སྣ་ཚོགས་གསང་གྲོས་མོལ་བའི་དཔང་བོ་རུ་བསྡད་ཀྱང༌། །
དྲེགས་ལྡན་བློན་པོའི་འཁོར་ཡང་ཁྲེལ་ཡོད་དུ་མ་མཐོང༌། །
ན་རིམ་བཙན་པོའི་ཕྲེང་ཐག་དུམ་བུ་རུ་ཆད་ཚེ། །
རང་བཙོང་གཞན་འདྲེན་དབང་གི་ཐོབ་ཤོར་ལ་རྔམ་བཞིན། །
མནོག་ཆུང་ཁ་མཆུའི་ཆུ་སྣ་སྒོ་ཐེམ་ནས་དྲངས་བྱུང༌། །

རང་རྒྱུས་རང་ལ་མི་གསལ་བོད་འབངས་ཀྱི་ཚོགས་ལ། །
ཤེས་རིག་བྱུང་བ་མི་དམན་འདི་ག་རུ་གཟིགས་ཞེས། །
ཡི་ཆད་སྐྱོ་བ་བསང་བའི་རྟེན་འབྱུང་ཙམ་བསམས་ཏེ། །
རང་བྱུང་འབྱུང་བཞིའི་གཡུལ་ངོ་ཡུན་རིང་དུ་བཟློགས་ཀྱང༌། །
བོད་མི་ཁྲེལ་གཞུང་ཐུང་བའི་དེ་ཉིད་དེ་མཐོང་བྱུང༌། །
འཕྲལ་རྐྱེན་གཞན་དབང་ལག་པས་སྐད་བརྡ་ཙམ་བསྒྱུར་ཚེ། །
འཇིགས་རུང་ལྕགས་ནག་ཐོ་བ་ནམ་མཁའ་རུ་ཕྱར་ཏེ། །
རང་མི་གཤེད་དུ་ལྡང་བའི་ལྟད་མོ་ཞིག་བསྟན་བྱུང༌། །
རང་རིགས་ལ་རྒྱ་ཟེར་བ་མི་ཆེན་གྱི་ཞལ་མཚར། །
རང་སྐྲ་རང་གིས་འབལ་བ་སྨྱོན་མ་ཡི་མུ་ཅོར། །
རང་མཚང་གཞན་ལ་སྟོན་པ་ཀླད་མེད་ཀྱི་ཅོལ་ཆུང༌། །
རང་གཞན་བྱ་བ་འདི་ལ་ཞེན་པ་རེ་ལྡོག་ཀྱང༌། །
དམར་སེར་ལྕང་ལོ་འཕྱང་བ་རྒྱང་རིང་གི་མགྲོན་པོས། །
ཟུར་ཟའི་མིག་འབྲས་སྔོན་པོ་རིག་རིག་ཏུ་བསྒྱུར་ཚེ། །
བདག་ལ་དུས་རྐྱེན་ཁོ་ནས་འདི་འདྲ་རུ་གྱུར་ཅེས། །
རང་མཚང་གཞན་མགོར་དཀྲི་བའི་བརྫུ་བག་ཅིག་ཤོར་སོང༌། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔང་རྟགས་ལྷག་བསམ་ཅན།(ཚན་པ་གཉིས་ཡོད)

2009-03-31 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།