བརྩེ་དུང་གི་ལམ་བུ།
ང་ཡི་ཆུང་འདྲིས་བྱམས་པ།།
བྱ་རྡོ་ལམ་འཕྲད་མ་ཡིན།།
མི་ལོ་ལྔ་གསུམ་བཅོ་ལྔའི།།
བརྩེ་དུང་ལམ་བུ་བརྒྱུད་ཡོད།།
བཅུ་གསུམ་བྱིས་པའི་ལོ་ལ།།
ང་གཉིས་སློབ་གྲྭར་འགྲོ་དུས།།
སྒྲོག་ཙེ་གཅིག་གི་སྟེང་ནས།།
གྲོགས་པོའི་མྱུ་གུ་སྐྱེས་བྱུང༌།།
དྲུག་གུསམ་བཅོ་བརྒྱད་ལོ་ལ།།
ང་གཉིས་སློབ་གྲྭར་ཐོན་དུས།།
མིག་ཟུར་ཕར་བལྟས་ཆུར་བལྟས།།
བརྩེ་དུང་མེ་ཏོག་བཞད་བྱུང༌།།
ཉི་ཤུ་རྩ་བཞིའི་ལོ་ལ།།
ང་གཉིས་གཉེན་སྒྲིག་བྱེད་དུས།།
བཞུགས་གྲལ་གཅིག་གི་སྟེང་ནས།།
ལས་འཕྲོའི་འབྲས་བུ་སྨིན་བྱུང༌།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།