རྨི་ལམ་ཡིན་ཡིན་འདྲ་བའི་ཁ་སང༌།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-12

ཅན་ཁ་འཚོས་ཤིང་ཁྱིམ་སྒོ་བསྲུངས་ཏེ་མི་ལོ་ལྔ་བཅུ་ཁད་ཀྱིས་འདས།།

ངག་སྒོ་བསྡམས་ཏེ་ལག་ཟུང་བསྐུམས་ནས་མི་ལོ་ལྔ་བཅུ་ཡུན་གྱིས་ཕྱིན།།

དབང་ལ་སྒུར་ནས་བཀའ་ལ་སྒུག་སྟེ་མི་ལོ་ལྔ་བཅུ་རིམ་གྱིས་ཐལ།།

དེ་རིང་བྱང་ཁོག་ཁྲག་གིས་བསྒྲེས་ཏེ་ཀི་གསུམ་བཏབས་པས་ངལ་བ་བསངས།།

འཁྲིགས་བྱུང་འཁྲིགས་བྱུང་ནམ་མཁའ་འཁྲིགས་བྱུང་ནམ་མཁའི་ཉི་ཟླ་ལྷུང་ལ་ཁད།།

འགུལ་བྱུང་འགུལ་བྱུང་ས་གཞི་འགུལ་བྱུང་ས་གཞིའི་རི་རབ་བསྙིལ་ལ་ཁད།།

གླེང་བྱུང་གླེང་བྱུང་འདྲ་མཉམ་གླེང་བྱུང་སྨྲ་ལྕེའི་འཆིང་མདུད་གྲོལ་ལ་ཁད།།

རྩད་བྱུང་རྩད་བྱུང་བདེན་ལུགས་རྩད་བྱུང་བཅོས་མའི་རྫུ་བག་བཤུ་ལ་ཁད།།

ལག་ལ་རལ་གྲི་ངར་མ་ཐོགས་པའི་རྟུལ་ཕོད་ཅན་དེ་ཤོར་ནས་ཐོན།།

སྙིང་ལ་རིགས་ཀྱི་ཤ་ཞེན་བཅངས་པའི་དཔའ་རྒོད་རེ་གཉིས་འབར་ནས་ཡོང༌།།

ཐོད་ལ་ཁྲག་གི་ཡིག་ཆུང་བརྐོས་པའི་ལ་རྒྱ་ཅན་དེ་ཀེར་ནས་བྱུང༌།།

སེམས་ལ་སྡུག་གི་མུན་པ་འཐིབས་པའི་ཡུལ་གྱར་བ་དེ་མཆོངས་ནས་ཐོན།།

དབུ་ལ་དངུལ་གྱི་རྨོག་དཀར་མནབས་པའི་བཙན་པོའི་སྐྱ་དམག་ཐོན་འདྲ་བོ།།

དཔའ་དང་རྩལ་གྱི་མེ་སྟག་མཆེད་པའི་འཛམ་གླིང་འཁྲུག་ཆེན་བཤམས་འདྲ་བོ།།

ཀི་ཀི་སོ་སོའི་ངར་སྒྲ་སྒྲོག་པའི་ཐུ་བྷོད་དཔུང་ཆེན་དྲངས་འདྲ་བོ།།

བདེན་པའི་དོན་དུ་ཚེ་སྲོག་སྒྲོན་པའི་གངས་ཀྱི་གཟི་བྱིན་ཡིན་ནོ་ལོ།།

གསར་འགྱུར་རྫུན་མའི་གཏིང་ཕུགས་རེ་ན་ཉེས་པའི་ཞྭ་མོ་གདུགས་ལྟར་འཁོར།།

ལུགས་མིན་སྤྱོད་པའི་བྱེད་སྟངས་རེ་ན་ཉམ་ཆུང་སྟོང་གི་ཚེ་སྲོག་འདར།།

ཕྱོགས་ལྷུང་ཁྲིམས་ཀྱི་སྒོ་མོའི་ཟུར་ན་ཤ་ཁྲག་བསྟར་བའི་ཉིང་ཁུ་བཞུར།།

ཕ་མ་ཤོར་བའི་ངུ་འབོད་ཀློང་ན་དྭ་ཕྲུག་ཁེར་རྐྱང་སྐྱོ་བས་གཟིར།།

དེ་རིང་སྲོང་བཙན་སྒམ་པོ་ཡོད་ན་གཉེན་ཚང་དཔུང་བ་གཅོག་ངེས་ཡིན།།

དེ་རིང་བློན་པོ་སྟོང་བཙན་ཡོད་ན་བྱེ་དམག་རིག་པས་བཤའ་ངེས་ཡིན།།

དེ་རིང་བཀའ་བློན་སྡེ་སྲིད་ཡོད་ན་ཡེར་བའི་འཕྲུལ་ཞིག་སྟོན་ངེས་ཡིན།།

དེ་རིང་དགེ་འདུན་ཆོས་འཕེལ་ཡོད་ན་བདེན་པའི་རྩོམ་ཞིག་རྒྱག་ངེས་ཡིན།།

མི་ལོ་ལྔ་བཅུའི་དུད་སྤྲིན་མོག་པོ་ལང་ལོང་འཕྱུར་ཞིང་ལྷོག་ལྷོག་གདུ།།

མི་ལོ་ལྔ་བཅུའི་ན་ཟུག་ཚ་བོ་འུར་འུར་འབར་ཞིང་ལྷེམ་ལྷེམ་མཆེད།།

མི་ལོ་ལྔ་བཅུའི་མཆི་མ་འཁྱག་པོ་ཤམ་ཤམ་འབབ་ཅིང་ལྷོད་ལྷོད་བཞུར།།

མི་ལོ་ལྔ་བཅུའི་སྐྱོ་གླུ་སྡུག་པོ་ཤར་ཤར་ལེན་ཞིང་ལྷང་ལྷང་གྲགས།།

2009-2=7

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ཡིན་ཡིན་འདྲ་བའི་ཁ་སང༌།

2010-05-12 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།