མི་རབས་འདི་ལ་སྨྲས་པ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-11

འུ་ཚོའི་ཀླད་ཀྱི་ནམ་མཁའ་སྔོན་པོ་འདི།།

རྗེ་བློན་སྟོང་གི་ཕྱག་གིས་ཕུབ་པ་ཡིན།།

སྐྱ་དམག་བྱེ་བའི་དཔུང་གིས་བཀྱགས་པ་ཡིན།།     

འདི་ཡི་བདག་པོ་ཐུ་བྷོད་བུ་རབས་ཡིན།།

 

འུ་ཚོའི་འོག་གི་ས་གཞི་ལེབ་མོ་འདི།།

ཡབ་ཆེན་གང་གི་རུས་པས་བསྐྲུན་པ་ཡིན།།

ཡུམ་ཆེན་གང་དེའི་སྐྲ་ལོས་བསླེས་པ་ཡིན།།

འདི་ཡི་མུ་མཐའ་གངས་རིས་བསྐོར་ནས་ཡོད།།

 

འུ་ཚོའི་གུད་ཀྱི་གཡུ་ཡི་མཚོ་མོ་འདི།།

ཕ་བཟང་བུ་ལོའི་ཁྲག་གིས་བསྐྱིལ་བ་ཡིན།།

ཞང་བཟང་ཚ་མོའི་མིག་ཆུས་བཤམས་པ་ཡིན།།

འདི་ཡི་ཡང་ཞུན་ཡན་ལག་བརྒྱད་ལྡན་ཡིན།།

 

འུ་ཚོའི་མགོ་ཡི་རྩིད་སྦྲ་ནག་པོ་འདི།།

བྲེ་སར་འབྲོང་གི་དྲིན་གྱིས་བསྐྱངས་པ་ཡིན།།

མཛངས་མ་སྟོང་གི་བློ་ཡིས་བཏགས་པ་ཡིན།།

འདི་ལ་སྲོལ་དང་ལུགས་ཀྱི་བམ་ཁ་མཐུག།

 

འུ་ཚོའི་སྙིང་གི་དབྱངས་གསལ་སོ་བཞི་འདི།།

སློབ་དཔོན་ཐོན་མིའི་ཐུགས་ཀྱི་ཞུན་མ་ཡིན།།

ཕྱིས་བྱུང་མཁས་པའི་སྲོག་གི་འོད་ཟེར་ཡིན།།

འདི་ལ་རིག་པའི་འཕྲུལ་གྱི་གློག་ཞགས་མྱུར།།

 

འུ་ཚོའི་ངག་གི་ཕ་སྐད་གསོན་པོ་འདི།།

སྔོན་བྱོན་མེས་པོའི་ཞལ་གྱི་དྭངས་མ་ཡིན།།

གངས་དང་གཙང་བོས་སྩལ་བའི་དབུགས་རྒྱུན་ཡིན།།

འདི་ལ་ལོ་རྒྱུས་རིང་མོའི་ཁུངས་ལུང་བཙན།།

 

འུ་ཚོའི་ལུས་ཀྱི་རུས་པ་སྲ་མོ་འདི།།

ཕ་ཡི་རྐང་མར་བཞུས་པའི་ཡང་ཉིང་ཡིན།།

མ་ཡི་ནུ་ཞོ་མངར་མོའི་རྩི་བཅུད་ཡིན།།

འདི་ལ་སྤུར་རྒྱལ་བཙན་པོའི་ཟུངས་ཁྲག་འདུ།།

 

འུ་ཚོའི་ལག་གི་པིར་གྱི་སྨྱུ་གུ་འདི།།

བདེན་གྱི་སྣང་བ་འཚོལ་བའི་སྒྲོན་མེ་ཡིན།།

.དྲོད་ཀྱི་རླབས་རྒྱུན་འདྲེན་པའི་གླིང་བུ་ཡིན།།

འདི་ཡི་སྨྱུག་རྩེ་གློག་དང་མེ་ལྕེ་ཡིན།།

2010-2-26

རྩོམ་ཁུངས། མཚན་ལམ་རིང་མོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་འདི་ལ་སྨྲས་པ།

2010-05-11 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

འུ་ཚོའི་ཀླད་ཀྱི་ནམ་མཁའ་སྔོན་པོ་འདི།།

རྗེ་བློན་སྟོང་གི་ཕྱག་གིས་ཕུབ་པ་ཡིན།།

སྐྱ་དམག་བྱེ་བའི་དཔུང་གིས་བཀྱགས་པ་ཡིན།།     

འདི་ཡི་བདག་པོ་ཐུ་བྷོད་བུ་རབས་ཡིན།།

 

འུ་ཚོའི་འོག་གི་ས་གཞི་ལེབ་མོ་འདི།།

ཡབ་ཆེན་གང་གི་རུས་པས་བསྐྲུན་པ་ཡིན།།

ཡུམ་ཆེན་གང་དེའི་སྐྲ་ལོས་བསླེས་པ་ཡིན།།

འདི་ཡི་མུ་མཐའ་གངས་རིས་བསྐོར་ནས་ཡོད།།

 

འུ་ཚོའི་གུད་ཀྱི་གཡུ་ཡི་མཚོ་མོ་འདི།།

ཕ་བཟང་བུ་ལོའི་ཁྲག་གིས་བསྐྱིལ་བ་ཡིན།།

ཞང་བཟང་ཚ་མོའི་མིག་ཆུས་བཤམས་པ་ཡིན།།

འདི་ཡི་ཡང་ཞུན་ཡན་ལག་བརྒྱད་ལྡན་ཡིན།།

 

འུ་ཚོའི་མགོ་ཡི་རྩིད་སྦྲ་ནག་པོ་འདི།།

བྲེ་སར་འབྲོང་གི་དྲིན་གྱིས་བསྐྱངས་པ་ཡིན།།

མཛངས་མ་སྟོང་གི་བློ་ཡིས་བཏགས་པ་ཡིན།།

འདི་ལ་སྲོལ་དང་ལུགས་ཀྱི་བམ་ཁ་མཐུག།

 

འུ་ཚོའི་སྙིང་གི་དབྱངས་གསལ་སོ་བཞི་འདི།།

སློབ་དཔོན་ཐོན་མིའི་ཐུགས་ཀྱི་ཞུན་མ་ཡིན།།

ཕྱིས་བྱུང་མཁས་པའི་སྲོག་གི་འོད་ཟེར་ཡིན།།

འདི་ལ་རིག་པའི་འཕྲུལ་གྱི་གློག་ཞགས་མྱུར།།

 

འུ་ཚོའི་ངག་གི་ཕ་སྐད་གསོན་པོ་འདི།།

སྔོན་བྱོན་མེས་པོའི་ཞལ་གྱི་དྭངས་མ་ཡིན།།

གངས་དང་གཙང་བོས་སྩལ་བའི་དབུགས་རྒྱུན་ཡིན།།

འདི་ལ་ལོ་རྒྱུས་རིང་མོའི་ཁུངས་ལུང་བཙན།།

 

འུ་ཚོའི་ལུས་ཀྱི་རུས་པ་སྲ་མོ་འདི།།

ཕ་ཡི་རྐང་མར་བཞུས་པའི་ཡང་ཉིང་ཡིན།།

མ་ཡི་ནུ་ཞོ་མངར་མོའི་རྩི་བཅུད་ཡིན།།

འདི་ལ་སྤུར་རྒྱལ་བཙན་པོའི་ཟུངས་ཁྲག་འདུ།།

 

འུ་ཚོའི་ལག་གི་པིར་གྱི་སྨྱུ་གུ་འདི།།

བདེན་གྱི་སྣང་བ་འཚོལ་བའི་སྒྲོན་མེ་ཡིན།།

.དྲོད་ཀྱི་རླབས་རྒྱུན་འདྲེན་པའི་གླིང་བུ་ཡིན།།

འདི་ཡི་སྨྱུག་རྩེ་གློག་དང་མེ་ལྕེ་ཡིན།།

2010-2-26

རྩོམ་ཁུངས། མཚན་ལམ་རིང་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།