སྣང་ཚུལ།

འཕྲིན་ལས་ལྷུན་འགྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-11

སྟོན་མཇུག་རླུང་བུ་ཡི་སྐྱོ་དབྱངས་དྲག་པོས།།

དབེན་པའི་ལུང་ཁུག་དེ་ཁྱུར་མིད་བྱས་ཀྱང༌།།

གཡང་དཀར་མ་བུ་ཡི་བྱམས་བརྩེའི་འབའ་སྒྲ།།

དགུན་འཁྱག་བུ་ཡུག་གི་ཀློང་ནའང་ལྷང་ལྷང༌།།

 

ཁ་བ་ནག་པོ་དེ་འབབ་ཐེངས་གཅིག་ལ།།

འཛིན་མའི་མཛེས་ཞལ་དེ་བཙན་གྱིས་བསྒྲིབས་ཀྱང༌།།

ལྷོ་བཞུད་ཁུ་བྱུག་གི་གསུང་དབྱངས་སྙན་མོ།།

ཁྲོན་པའི་སྦལ་བས་ཀྱང་རེ་ཞིང་སྒུག་ཡོད།།

 

འདང་ཅན་བུ་མོ་ཡི་འཛུམ་མདངས་ལྷོད་པོས།།

སྲིད་པའི་མཛེས་པ་ཀུན་ཁྱེར་ནས་སོང་ཡང༌།།

རེ་བཞག་ཉི་ཟླ་ཟུང་མཁའ་ལ་ཤར་དུས།།

འཆར་ནུབ་འཕེལ་འགྲིབ་ཀྱི་ཆོས་ཉིད་བརྗེད་འགྲོ།།

 

མཚོན་ཆ་མི་མངོན་པའི་གཡུལ་ས་འདི་ནས།།

བརྩེ་མེད་བྱམས་སྐྱོང་གི་ཟློས་གར་འཁྲབ་དུས།།

ལྷ་ཁང་མཐོན་པོ་རུ་འཁྲིགས་པ་མེད་ན།།

མཛོད་ཁང་ཆེན་པོ་དེའི་མུ་གེར་ཅི་སྐྱོན།།

 

རྨི་ལམ་ལྗང་ཁུ་ལ་གཤོག་པ་ཐོགས་ཏེ།༌།

ཕུགས་ཀྱི་མཁའ་དབྱིངས་ལ་དུངས་པས་བསྙེག་དུས།།

གཏན་འདུན་དུང་ཟླ་དེ་གར་ཕེབས་ཆ་མེད།།

མུན་པའི་ལག་ཟུང་འདི་མི་བསྲིངས་ཀ་མེད།།

 

དཀར་ནག་དབྱེར་མེད་ཀྱི་གྲུ་ཀ་འདི་ནས།།

གཡང་ཟོག་འབྲི་མོ་དེ་མགོ་འཁོར་བྱུང་ཡང༌།།

ཕ་ཞིང་ཐེམ་པ་ཡང་རྨོ་བའི་གཏམ་དཔེ།།

ལམ་མདོའི་སྤྲང་པོས་ཀྱང་བློ་ན་བཟུང་འདུག།

                                          ༢༠༠༠ལོའི་ཟླ༤པའི་ཚེས༢༤ཉིན་ལན་གྲུ་ནས།

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་ཚུལ།

2010-05-11 འཕྲིན་ལས་ལྷུན་འགྲུབ། ཀློག་གྲངས། མཆན ཡོད།

སྟོན་མཇུག་རླུང་བུ་ཡི་སྐྱོ་དབྱངས་དྲག་པོས།།

དབེན་པའི་ལུང་ཁུག་དེ་ཁྱུར་མིད་བྱས་ཀྱང༌།།

གཡང་དཀར་མ་བུ་ཡི་བྱམས་བརྩེའི་འབའ་སྒྲ།།

དགུན་འཁྱག་བུ་ཡུག་གི་ཀློང་ནའང་ལྷང་ལྷང༌།།

 

ཁ་བ་ནག་པོ་དེ་འབབ་ཐེངས་གཅིག་ལ།།

འཛིན་མའི་མཛེས་ཞལ་དེ་བཙན་གྱིས་བསྒྲིབས་ཀྱང༌།།

ལྷོ་བཞུད་ཁུ་བྱུག་གི་གསུང་དབྱངས་སྙན་མོ།།

ཁྲོན་པའི་སྦལ་བས་ཀྱང་རེ་ཞིང་སྒུག་ཡོད།།

 

འདང་ཅན་བུ་མོ་ཡི་འཛུམ་མདངས་ལྷོད་པོས།།

སྲིད་པའི་མཛེས་པ་ཀུན་ཁྱེར་ནས་སོང་ཡང༌།།

རེ་བཞག་ཉི་ཟླ་ཟུང་མཁའ་ལ་ཤར་དུས།།

འཆར་ནུབ་འཕེལ་འགྲིབ་ཀྱི་ཆོས་ཉིད་བརྗེད་འགྲོ།།

 

མཚོན་ཆ་མི་མངོན་པའི་གཡུལ་ས་འདི་ནས།།

བརྩེ་མེད་བྱམས་སྐྱོང་གི་ཟློས་གར་འཁྲབ་དུས།།

ལྷ་ཁང་མཐོན་པོ་རུ་འཁྲིགས་པ་མེད་ན།།

མཛོད་ཁང་ཆེན་པོ་དེའི་མུ་གེར་ཅི་སྐྱོན།།

 

རྨི་ལམ་ལྗང་ཁུ་ལ་གཤོག་པ་ཐོགས་ཏེ།༌།

ཕུགས་ཀྱི་མཁའ་དབྱིངས་ལ་དུངས་པས་བསྙེག་དུས།།

གཏན་འདུན་དུང་ཟླ་དེ་གར་ཕེབས་ཆ་མེད།།

མུན་པའི་ལག་ཟུང་འདི་མི་བསྲིངས་ཀ་མེད།།

 

དཀར་ནག་དབྱེར་མེད་ཀྱི་གྲུ་ཀ་འདི་ནས།།

གཡང་ཟོག་འབྲི་མོ་དེ་མགོ་འཁོར་བྱུང་ཡང༌།།

ཕ་ཞིང་ཐེམ་པ་ཡང་རྨོ་བའི་གཏམ་དཔེ།།

ལམ་མདོའི་སྤྲང་པོས་ཀྱང་བློ་ན་བཟུང་འདུག།

                                          ༢༠༠༠ལོའི་ཟླ༤པའི་ཚེས༢༤ཉིན་ལན་གྲུ་ནས།

རྩོམ་ཁུངས། རྨ་ཆུའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།