བུ་ཆུང་ང་ཡིས་ཞུས་ཆོག
ཀ་ཡེ་རྩེད་ཐང་གཞུང་གི།
གཡས་ཟུར་དེ་ནས་བལྟས་པས།།
ཁ་འབྲས་མེ་ཏོག་བཞད་པའི།།
མཛེས་མ་ཁྱེད་རང་མཇལ་བྱུང༌།།
ག་ལེར་མིག་ཟུར་བལྟས་པས།།
སེམས་པ་དབང་མེད་ཤོར་བྱུང༌།།
ང་གཉིས་ལས་འཕྲོ་ཡོད་ན།།
སྙིང་གི་སྙིང་གཏམ་གསུངས་དང༌།།
ཅ་ག་བྱས་པའི་ལུས་པོ།།
ཁྱེད་ཀྱིས་རྩིས་བཞེས་གནང་ན།།
ཆ་ལུགས་མཐུན་པའི་གཏན་གྲོགས།།
བུ་ཆུང་ང་ཡིས་ཞུས་ཆོག།
རྩོམ་ཁུངས། ཡར་ཀླུང་གླུ་གསར།