བྲལ་མེད་ཉ་ཆུའི་བརྩེ་དུང༌།
ཡིད་འོང་མཛེས་ལྡན་ལྷ་མོའི།།
ཞལ་རས་གློ་བུར་མཇལ་བས།།
ནམ་ཟླ་བཞི་པར་སླེབས་ཀྱང༌།།
ལུས་པོ་དབང་མེད་འདར་བྱུང༌།།
བློ་འདོད་བྱམས་པ་འཚོལ་བར།།
ཕ་མས་བཀའ་བཀྱོན་མ་གསུངས།།
ཕ་མ་དགུང་ལོ་ཆུང་དུས།།
ཐུགས་ལ་དྲན་པ་གནང་ཤོག།
ཁྱེད་ཞལ་བཅོ་ལྔའི་ཟླ་བ།།
ང་ལ་ཤར་འདོད་ཡོད་ན།།
བྲལ་མེད་ཉ་ཆུའི་བརྩེ་དུང༌།།
མི་ཚེ་བར་དུ་ཞུས་ཆོག།
རྩོམ་ཁུངས། ཡར་ཀླུང་གླུ་གསར།