ཆོལ་གསུམ་ཡུལ་ལ་ཕུལ་བའི་དྲི་མེད་དར་གྱི་ཁ་བཏགས།

ལྕགས་ཐར་རྩེ་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-30

འབྲལ་མེད་བརྩེ་བས་སྐྱོངས་པའི་བླ་མ་དང་དམ་པ། 

ཡུན་རིང་བཟླས་བརྗོད་བརྩོན་པའི་རི་ཁྲོད་ཀྱི་བྱ་བྲལ། 

མགུར་མའི་མགྲིན་དབྱངས་རྫོགས་པའི་གངས་ཅན་གྱི་མཁས་དབང༌། 

སྙན་ལུང་དར་གྱི་མདུད་པ་ཅུང་ཙམ་རང་གཡོར་དང༌།  

འཛམ་གླིང་ཟླུམ་པོའི་རི་རྒྱལ་ལྷུན་པོ་རུ་ཆགས་པའི། 

ས་ཆེན་གོར་མོའི་ཏོག་གི་ཤེལ་དཀར་གྱི་ལྗོངས་ཆེན། 

ཆོལ་གསུམ་གཞོན་ནུར་ཕུལ་བའི་དྲི་མེད་ཀྱི་ཁ་བཏགས། 

མི་གཙང་གྲིབ་ཀྱིས་མ་བསླུས་དྲང་བོ་རུ་འབུལ་ལོ། 

སྔོན་བྱུང་མེས་པོའི་ཞལ་སྒྲོས་བུམ་བཟང་གི་ཁ་ཡིས། 

ལུང་རིག་བདུད་རྩིའི་ཆར་རྒྱུན་སྐལ་བཟང་དུ་འཇོ་ཡང༌། 

བསླབས་ནས་རང་སྟེང་ལེན་པའི་བུ་རྒོད་ཀྱི་ཁྲོད་ན། 

ལག་ལེན་མཐིལ་ཏུ་ཕྱིན་པའི་དཔའ་བོ་ཞིག་མི་འདུག 

ཚན་རྩལ་འཕྲུལ་ལ་དུས་ངན་སྙིགས་མ་རུ་འབོད་ཅིང༌། 

སྲོལ་བཟང་གསར་བར་བདུད་ཀྱི་ནད་ཡམ་དུ་སྙམ་འདུག 

ཡབ་མེས་གོང་མའི་རེ་བའི་ཕྱིར་མིག་གི་རྡོག་ཕྲེས། 

ང་ཚོའི་ཕྲག་ཏུ་གཏོད་པའི་རིན་ཐང་ཡང་མི་འདུག 

གཞན་སྐད་བཤད་ན་ཤར་མཆོངས་ཆུ་བོ་དང་འདྲ་འདུག 

རང་སྐད་སྨྲ་ན་ནེ་ཙོའི་བཟླས་བརྗོད་ལས་མི་འདུག 

ར་མིན་ལུག་མིན་མགོ་རྣ་ཡ་མ་རུ་བསླེས་པའི། 

བོད་པའི་བུ་དང་བུ་མོའི་ལམ་བུ་ཡང་བོར་འདུག 

སྤྱང་ཀི་ལུག་ལ་བརྫིས་པའི་གཏམ་རྒྱུད་ཅིག་ཡོད་མོད། 

གཟིག་པགས་བོང་བུར་བཀབ་པའི་འཚར་གཏམ་ཡང་མངའ་བས། 

དོན་མིན་ལས་ཀྱི་བགྱི་བས་རང་མགོ་དེ་བསླུས་པའི། 

ན་གཞོན་ཁ་ཁུར་དཔའ་བོ་ལག་རྡུམ་དང་འདྲ་བྱུང༌། 

མ་བསླབ་ཐ་ཤལ་སྐྱེས་པོ་སྤྱི་བོ་རུ་བཀུར་ཞིང༌། 

བསླབས་ནས་སྦྱངས་པའི་མཁས་པ་བླུན་པོ་རུ་བལྟ་བའི། 

གངས་ཅན་འགྲོ་བའི་ཆགས་སྡང་མ་རིག་གི་གོམས་གཤིས། 

བསྒྱུར་ནས་ཚངས་པའི་ཐིག་བཞིན་འཐེན་མཁན་ཡང་མ་བྱུང༌། 

རྟོགས་པ་ལྷ་དང་མཉམ་པའི་མི་རིགས་ཀྱི་སྨྱུག་འཛིན། 

སྤྱོད་པ་འདྲེ་ལས་རྩིངས་པའི་རྣམ་ཐར་ཡང་འཁྲབ་སྟེ། 

དོན་མེད་ཚིག་རོ་གཅིག་གིས་འཇིག་རྟེན་ཡང་བསླུས་པས། 

མི་རིགས་འཚར་ལོངས་འབྱུང་བའི་གོམ་ཁ་དེ་འཕྱུག་བྱུང༌། 

མེད་པོ་མུག་གིས་སྐམ་པའི་དབང་ཤེད་ཀྱི་ལོ་ཟླ། 

ཕྱུག་པོ་ཤ་ཡིས་རྒྱག་པའི་དུས་རབས་ཀྱིས་བསྐོར་ཏེ། 

ཚན་རིག་ཉི་ཟླ་བསླབས་ནས་ལག་ལེན་དུ་འཁྱོངས་མཁན། 

གངས་ཅན་སྐྱེ་དགུའི་ཁྲོད་ན་གཅིག་གཉིས་ལས་མི་མངའ། 

ཆོས་སྲིད་དུང་གི་སྒྲ་ཆེན་དུས་རབས་སུ་འཁོར་ཞིང༌། 

སྣ་མང་ཇུས་བཟང་གྲོང་དང་གྲོང་སྡེ་རུ་བསྟར་བས། 

ཤེས་རིག་ཁྱབ་གདལ་ཡོང་བའི་འགག་རྩ་རུ་ལངས་ནས། 

མི་རིགས་ཡར་རྒྱས་འགྲོ་བའི་གནད་འགག་རང་འཚོལ་རོགས། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོལ་གསུམ་ཡུལ་ལ་ཕུལ་བའི་དྲི་མེད་དར་གྱི་ཁ་བཏགས།

2010-04-30 ལྕགས་ཐར་རྩེ་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།