བཅུ་དྲུག་ལང་ཚོའི་མཛེས་མ།
བཅུ་དྲུག་ལང་ཚོའི་མཛེས་མ་ནི། །
ངོ་མཚར་མེ་ཏོག་སོས་པ་འདྲ།།
ཡིད་དབང་འཕྲག་པའི་ཞལ་རས་ནི།།
དཀར་གསལ་བཅོ་ལྔའི་ཟླ་བ་འདྲ།།
བཅུ་དྲུག་ལང་ཚོའི་མཛེས་མ་ནི།།
རབ་མཛེས་ལྷ་ཡི་བུ་མོ་འདྲ།།
ལྡེམ་འགྱུར་མཁས་པའི་སྐུ་གཟུགས་ནི།།
གནས་བཟང་ཙ་རིའི་སྨྱུག་མ་འདྲ།།
བཅུ་དྲུག་ལང་ཚོའི་མཛེས་མ་ནི།།
ཡིད་དུ་འོང་བའི་རྨ་བྱ་འདྲ།།
དཀྱུས་རིང་བཀྲ་བའི་སྤྱན་ཟུར་ནི།།
གཞན་སེམས་འགུགས་པའི་ལྕགས་ཀྱུ་འདྲ།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།