འཆར་སྣང་གི་རེ་བ།
ང་ནི་ཡིད་འོང་མཛེས་མ་ཁྱེད་ཀྱི།།
ཤེལ་སྒོ་ཆུང་ཆུང་ཡིན་ན་དགའ་བ།།
ཁྱེད་རང་ཞལ་འཁྲུས་གནང་ཐེངས་རེ་རེར།།
མཚར་སྡུག་ཞལ་རས་རེ་རེ་མཇལ་ཆོག།
ང་ནི་ཡིད་འོང་མཛེས་མ་ཁྱེད་ཀྱི།།
ཞལ་རྩི་དམར་པོ་ཡིན་ན་དགའ་བ།།
བིམ་པར་མཛེས་རྒྱན་སྤྲོས་ཐེངས་རེ་རེར།།
མཆུ་ཡི་སྦྲང་རྩི་རེ་རེ་བཏུངས་ཆོག།
ང་ནི་ཡིད་འོང་མཛེས་མ་ཁྱེད་ཀྱི།།
དག་བྱེད་ཆུ་མོ་ཡིན་ན་དགའ་བ།།
ཁྱེད་རང་སྐུ་གཟུགས་འཁྲུ་སྟངས་རེ་རེར།།
འདོད་པའི་དགའ་སྟོན་རེ་རེ་སྤྱད་ཆོག།
རྩོམ་ཁུངས། ཡར་ཀླུང་གླུ་གསར།