སྐྱོ་གདུང་གི་དབྱངས་རྟ།

སྣང་བྱེད་དབང་བོ་ཕྱི་མིག་དང་བཅས་ནུབ་རིའི་ཕག་ཏུ་ལྷོད་ཀྱིས་བཞུད།།

ནག་རོག་གྲིབ་མ་ཐོལ་གྱིས་སླེབས་ཏེ་མཛེས་པའི་སྐྱེད་ཚལ་རྒས་པར་བྱས།།

ཁྲི་འབུམ་སྐར་མའི་མིག་ཟུང་ཕྱེས་ཏེ་འཇིག་རྟེན་ཁམས་ལ་ཤུགས་ཀྱིས་ཅེར།།

མུན་པའི་ཆོ་འཕྲུལ་གནས་འདིར་ཐོན་པས་ཕྲན་ཆུང་སྙིང་ལ་སྐྲག་སྣང་བྱིན།།

བསིལ་འཇམ་རླུང་བུ་ལྷོད་ཀྱིས་ལྡང་བས་ལུས་ཀྱི་བ་སྤུ་རླབས་བཞིན་འཁྱོམ།།

དྲན་གདུང་རྨ་ཁ་སྙིང་ལ་བསླངས་པས་ཤུགས་རིང་ངག་ནས་རླུང་ལ་སྤུར།།

རེས་སྐྱིད་རེས་སྡུག་འཚོ་བའི་ཁྲོད་ན་བརྗོད་མེད་སྡུག་གི་དྲན་ཤིང་རེ།།

ཅང་མེད་རང་ཤག་གྲུ་བཞིའི་ནང་དུ་དཀར་སྡུག་རི་མོ་ཐོད་ལ་བབས།།

བདུན་གསུམ་དུས་རབས་འཛུམ་གྱིས་བསུས་ནས་རེ་བའི་མིག་ཟུང་རྒྱང་ལ་བཏགས།།

བགྲང་བྱའི་འཁོར་ལོ་རིམ་གྱིས་ཟད་པའི་མེ་ཚེ་ཕྱེད་ཀ་གདུང་བས་བསྐྱལ།།

གྲང་ངར་ལྷགས་རླུང་ཁྲོས་པའི་ཆོ་འཕྲུལ་གནས་འདིར་ལྷགས་པའི་གདུག་རྩུབ་འདིས།།

འཛད་མེད་སྡུག་བསྔལ་རྒྱ་མཚོའི་རླབས་རྒྱུན་དམར་ཆུང་སྙིང་ན་དྲག་ཏུ་འཕྱོ།།

མཚན་སྨག་མུན་པ་རྔམས་སུ་མཐུག་པས་ཁོར་ཡུག་འཛིན་མར་ལང་ཚོ་དབེན།།

ཕུལ་འདིའི་ཉམས་ཆུང་ཀུ་མུད་ཚོགས་ཀྱིས་སྡུག་ཡུས་སྟོང་ཕྲག་སྙིང་ལ་བསུས།།

ཁྲི་ཕྲག་སྐྱོ་ངལ་འཕྱུར་བའི་ཀློང་ནས་གཉོམ་ཆུང་སེམས་འདི་ལག་པས་སྐྱོར།།

དྲན་གདུང་སེམས་ཀྱི་གཞས་དབྱངས་སྙན་མོ་ལྷོ་ཕྱོགས་མཁའ་མཐའི་སྤྲིན་བསྐུར།།

རབ་དཀར་དུང་གི་ཟླ་བའི་འོད་སྣང་ཆུ་འཛིན་ནག་པོས་ཡོངས་སུ་བསྒྲིབས།།

སྟག་ཤར་གཞོན་ནུས་བདེ་བའི་མལ་ན་རྨོངས་པའི་མུན་པ་སེམས་སུ་བརྩེགས།།

ན་ཆུང་བུ་མོས་གཞོན་པའི་ལང་ཚོ་ལྕི་འདམ་ཁྲོད་ནས་ཡུན་གྱིས་ཟད།།

གདུང་བའི་ལས་འདི་སེམས་ཀྱིས་མ་བཟོད་དབང་མེད་སྨྱུག་གུའི་རྩེ་ལ་དྲངས།།

སྐྱོ་སྣང་སྟོང་ཕྲག་དུ་མས་གཟིར་ཞིང་སྡུག་གི་མགོ་བོ་ཐེག་དཀའ་བས།།

རང་སེམས་གསོབ་འི་གླུ་ཆུང་འདི་ཡང་ལྡོག་བཞུར་གཙང་པོའི་རྒྱུན་ལ་འདྲེས།།

སྟོང་འདང་འཕྲུལ་གྱི་འཁོར་ལོའི་དངོས་ནས་སྐྱོ་གདུང་བྱེ་བ་ཀློག་བཞིན་དུ།།

སྡུག་གི་མཆི་མ་སེམས་སུ་བཞུར་བས་རླབས་སྒྲ་ཡིད་ཀྱི་བྲག་ལས་མཆེད།།

དེ་སྐད་གདུང་འབོད་སེམས་ཀྱི་གླུ་སྒྲ་སྟོང་འཇགས་ནམ་མཁའི་དབྱིངས་སུ་འཕུར།།

ཆུ་ཤེལ་དབང་བོས་འཛུམ་ལ་རེ་བའི་ཉམ་ཆུང་ཀུ་མུད་སྡུག་གིས་གཟིར།།

དྲན་གདུང་མིག་ཆུ་སེམས་ལ་བབས་པས་ཡིད་ཀྱི་ཕྱེད་ཀ་བརླན་གྱིས་བཟུང༌།།

མ་བཅོས་སེམས་ཀྱི་སྡུག་ཡུས་མཐའ་དག་ཁེར་རྐྱང་བུ་ཡིས་གདོས་སུ་ལྕི།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་གདུང་གི་དབྱངས་རྟ།

2010-04-25 ལྡོང་བསྟན་ཤེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།