དྲན་སྣང་གི་རོལ་དབྱངས།

འབྲི་ལུང་ལེགས་བཤད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-22

ཟག་མེད་བདེ་བ་ཆེན་པོའི་ཁང་བཟང་ལ་ཁྲིད་པའི།།

བརྩེ་ཆེན་ཞུན་མར་འཁྱིལ་བའི་བདག་ཉིད་ཀྱི་བླ་མ།།

སྒོ་གསུམ་དྲི་མ་མེད་པའི་སྲོག་ཟུངས་ལ་བསྟེན་ན།།

བྱིན་རླབས་བདུད་རྩི་ལེན་པའི་སྐལ་བ་ནི་ལྡན་ཡོད།།

ཁ་ཟས་མངར་མོ་བྲལ་བ་སློབ་གཉེར་གྱི་བདག་རྐྱེན།།

ཅི་འདོད་སྒོར་མོ་མེད་པ་དགེ་སྦྱོང་བའི་རང་ལུགས།།

ཐིག་སྐམ་ཆུ་ལ་སྦང་བའི་འཚོ་ཐབས་ཙམ་བསྟེན་ཏེ།།

རིག་ལམ་མུ་ཏིག་དཀར་པོའི་ས་བོན་ཞིག་བསྐྲུན་འདོད།།

གནམ་སའི་མཚམས་འདིར་བགྲང་བྱ་ག་ཚོད་ཅིག་འདས་སོང༌།།

ཕྱི་ནང་སྣོད་བཅུད་ལྟད་མོ་སྣ་ཚོགས་ཤིག་མཐོང་ཡོང༌།།

མཐོང་ཐོས་གཟུགས་མཚར་གཡོ་བའི་སྦོམ་ཚིག་གི་སྐད་འདིས།།

ཉེ་རིང་གྲོགས་ཀྱི་བར་ལ་འགལ་འདུ་ཞིག་འཁྲུངས་ཉེན།།

འཁོར་བ་སྒྱུ་མར་ཟློས་པའི་ནགས་ཀློང་འདིའི་ཁྲོད་ནས།།

དག་མིན་ལས་ཀྱིས་སེམས་ལ་བདེ་བ་ཞིག་མིས་སྟེར།།

ས་མཐའི་གནས་མལ་བསྟེན་པའི་གྲྭ་རྐྱང་གི་སེམས་ངོར།།

བཙན་པོ་གཉའ་ལ་བྱོན་པའི་སྡུག་ཡུས་ཤིག་འཁུར་ཡོད།།

ཕྱི་ཡི་དངོས་པོ་སྐད་ཅིག་སྐད་ཅིག་ཏུ་འགྱུར་འགྲོ།།

རང་ཉིད་རྒས་པའི་རྫོབ་རྟགས་མེ་ལོང་ལས་བསྟན་བྱུང༌།།

རྒྱང་རིང་ཕ་མ་རྣམ་གཉིས་སེམས་སྟེང་ལ་འཁོར་ཚེ།།

གོམ་པའི་འདེགས་འཇོག་ཕ་ཡུལ་མ་མདོ་རུ་བསྒྱུར་འདོད།།

ཆུ་ཆེན་དཀར་ནགས་གཉིས་ཀྱི་འདྲེས་མདོ་རུ་སྡོད་པའི།།

མི་རྐྱང་སེམས་པ་རྒྱང་རིང་ཕ་ཡུལ་ལ་ཕྱོགས་ཀྱང༌།།

དཔག་ཚད་འབུམ་གྱིས་ཆོད་པའི་རྒྱང་ཐག་ལ་བསམ་ཏེ།།

ཡིད་སེམས་ཨ་ཐང་ཆད་ནས་རེ་ཞིག་ཏུ་ལུས་སོང༌།།

རྩམ་ནག་ཆུ་ལ་སྦྱར་བའི་ཤིང་ཕོར་གྱི་ཁ་ལ།།

དུས་གསུམ་ཨ་མ་དྲན་པའི་མིག་ཆུ་ཞིག་ལྷུང་སོང༌།།

རས་རྐྱང་ཟླ་གམ་ནང་གི་གཤོག་ཐོགས་ཀྱི་སེམས་པ།།

ཕ་ཡུལ་རེབ་གོང་ཕྱོགས་ལ་དབང་མེད་དུ་ཤོར་འགྲོ།།

ཉི་མ་ནུབ་རིར་ཡིབ་པའི་ས་སྲོད་ཀྱི་དུས་རེར།།

མིག་སེར་འུག་པའི་ཐན་སྐད་བར་མེད་དུ་བསྒྲགས་འོང༌།།

གླེགས་བམ་སྔས་སུ་བྱས་པའི་གློག་སྒྲོན་གྱི་ངོགས་ནས།།

ཞེད་སྣང་དབུགས་རིང་བརྩེགས་པའི་རྒྱུ་བ་འདི་མི་ཆོད།།

སྤྲིན་དཀར་བང་རིམ་བརྟོལ་བའི་ཁྲུང་ཁྲུང་ལ་བལྟས་ཏེ།།

དྲན་སྣང་མཆི་མའི་ཀློང་ནས་སྙན་ངག་ཅིག་བྲིས་ཡོད།།

རྒྱང་བཞུད་གཙང་ཆུའི་རྒྱུན་ལ་ཚོམ་མེད་དུ་བསྲིངས་ན།།

དྲིན་ཆེན་ཕ་མའི་དྲུང་ལ་འབྱོར་བ་ཞིག་ཡོད་དམ།།

ཞོགས་གསར་རླུང་གིསསྐྱོམས་པའི་རྒྱུ་སྐར་གྱི་ཁྲོད་དུ།།

ནུབ་རིའི་ཟླ་བ་ལྷ་མོའི་ཕྱེད་ཀ་ལས་མི་མཐོང༌།།

ས་མཐའི་བུ་ཆུང་སེམས་ཀྱི་སྐྱོ་སྣང་ལ་བཏབ་པའི།།

དོ་ནུབ་ཁ་བས་སྒེའུ་འགྲམ་ལྷག་ལྷག་ཏུ་མནན་སོང༌།།

གཏི་མུག་མལ་ལ་གཟིམ་ཀྱང་སྐྱིད་པོ་ཞིག་མི་འོང༌།།

ཕྱི་ཡི་ལྷག་པ་མི་རྐྱང་ཁང་མིག་ཏུ་ལྡང་ཡོང༌།།

པགས་གདན་སྐྱ་བོའི་སྟེང་ནས་ཙོག་ཙོག་གིས་བསྡད་དེ།།

དགུན་ཟླ་མཁའ་དབུགས་ཁྲོད་ནས་ཡུན་རིང་དུ་ལུས་འགྲོ།།

རྩམ་པ་ཀོ་རེས་ལྟོ་བ་འགྲངས་ཐབས་ཤིག་ཡོང་ཡང༌།།

དཔེ་ཀློག་ཁྲོད་ཀྱི་སྣང་ཞེན་དྭངས་མོ་ཞིག་མ་རེད།།

གཙང་པོ་ལྷོད་ཀྱིས་བཞུར་བའི་ཕ་རོལ་ལ་བལྟས་ཏེ།།

ལྟར་སྣང་ལྷ་རག་དཀར་པོ་རང་སེམས་ལ་ཉར་ཡོད།།

མི་རྟག་འཁོར་བའི་བྱ་གཞག་སེམས་སྟེང་དུ་ཁྱེར་ཏེ།།

སྒྱུ་མའི་གྲོང་ལ་ཉུལ་བའི་ཕྱིར་མིག་ཅིག་བསླངས་སོང༌།།

ཆུང་འདྲིས་ཕ་ཡུལ་དྲན་པའི་ཀུན་རྟོག་གི་ངོས་ནས།།

དུངས་སྣང་གྱ་གྱུའི་རོལ་མོ་འདི་ཙམ་དུ་ཐལ་ལོ།།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག༣

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་སྣང་གི་རོལ་དབྱངས།

2010-04-22 འབྲི་ལུང་ལེགས་བཤད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།