ང་དང་ཟླ་བ་སྒྲོལ་མ།
འཕྱོངསརྒྱས་ནུབ་མའི་ཆུ་དེ།།
བཙོས་པའི་ཆང་ལས་ཞིམ་པ།།
ཡིད་འོང་ཟླ་བ་སྒྲོལ་མ།།
བཞེངས་པའི་ལྷ་ལས་མཛེས་པ།།
འཕྱོངས་རྒྱས་ལྷ་ཡི་ཡུལ་ལ།
ལྷ་མོ་མི་འདུག་མ་གསུངས།།
མཛེས་ལྡན་ཟླ་བ་སྒྲོལ་མ།།
ལྷ་མོ་མིན་ན་གང་ཡིན།།
ལས་དང་ལས་འཕྲོ་མེད་པ།།
ང་དང་ཟླ་བ་སྒྲོལ་མ།།
ཟླ་བ་འཁྲུངས་པ་སྔ་སོང༌།།
ང་རང་སྐྱེས་པ་ཕྱི་སོང༌།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།