ལྷོ་ཕྱོགས་སྤྲིན་དཀར་འོག་ལ།
ལྷོ་ཕྱོགས་སྤྲིན་དཀར་འོག་ལ།།
ང་ཡི་བྱམས་པའི་གཟིམ་ཁང༌།།
སེམས་ལ་ལྷང་ལྷང་དྲན་ཡང༌།།
ལ་དང་ལ་མོས་ཆོད་སོང༌།།
མཇལ་འཕྲད་གསེར་ལས་དཀོན་པའི།།
ང་དང་ཐག་རིང་བྱམས་པ།།
སྦོ་ལ་གཤོག་པ་ཡོད་ན།།
འཕུར་ཐེངས་གཅིག་ལ་མཇལ་ཆོག།
ཁྱེད་ཀྱིས་ལ་རྒྱབ་ལྷས་རར།།
སྤྱང་ཀིས་མི་ཤོར་གནང་དང༌།།
ང་ཡི་སྲང་ལམ་བར་གྱི།།
ཆུ་ངན་མ་འདྲེས་ཞུས་ཆོག།
རྩོམ་ཁུངས། ཡར་ཀླུང་གླུ་གསར།