མགུར་གླུ་ལྟ་སྤྱོད་དགུ་སྐོར་མ།(ཞར་བཀོད་གཅིག་ཡོད)

སྣང་སྲིད་ཆོས་ཀྱི་རང་བཞིན་གནས་ལུགས་ཀུན།།
ཚད་མར་གཞལ་ཏེ་བདེན་པར་སྨྲ་བ་བོ།།
ལྟ་བ་རྣམ་དག་དུས་ཀྱི་མཐར་གསལ་བའི།།
བསམ་བློའི་དེད་དཔོན་དེ་ལ་མཆོད་ཅིང་བསྔགས།།
དགྲ་གཉེན་བར་མའི་སྐྱེ་བོ་སུ་ཞིག་གིས།།
ཕན་གནོད་གང་བྱས་ལས་ལ་ལྟོས་མེད་པར།།
མ་ལྟར་བྱམས་ཀྱིས་སྐྱོང་བའི་མཛད་སྤྱོད་ཅན།།
སྟོན་པ་མི་ཡི་མཆོག་ཁྱོད་དེ་རིང་དྲན།།
གདོད་ནས་འཁོར་བར་འཁྱམས་པའི་མི་བུ་བདག།
མུན་པའི་ཀློང་ནས་འོད་སྣང་ཕྲན་ཙམ་མཐོང་།།
ལམ་ནོར་མ་ཐེབས་ཁྱོད་ཀྱི་དྲུང་དུ་སླེབས།།
བདེན་དོན་སྨྲ་བའི་ལྕེ་ཞིག་ཁྱོད་ཀྱིས་བསྩལ།།
དེའི་ཕྱིར་བདག་གིས་བླངས་པའི་མགུར་དབྱངས་འདིར།།
མྱོང་བའི་སྟོབས་དང་བདེན་པའི་གཏམ་གྱིས་ཕྱུག།
ལྷད་མེད་དྭངས་ཤིང་གཙང་བའི་མེ་ལོང་འདི།།
རང་གི་ཕྱི་ནང་གསལ་ཕྱིར་ཁྱོད་ལ་སྟོན།།
འདི་ལས་ལྷག་པའི་བདེན་པ་བདག་ལ་མེད།།
དགེ་བའི་དངོས་པོའང་འདི་ལས་གཞན་ཡོད་མིན།།
མཛེས་སྡུག་ཀུན་གྱི་ཉིང་བཅུད་གཅིག་བསྡུས་པ།།
དྲང་བོའི་སྤྱོད་པ་ལག་ཏུ་བསྟར་བ་ཉིད།།
དེང་འདིར་སྲིད་པ་འདི་ཡི་སྐྱེ་བོ་རྣམས།།
བློ་མིག་ལྡོངས་ནས་བདེན་པའི་ལམ་མི་མཐོང་།།
སྣང་བ་འཁྲུལ་ནས་ཆོས་ཉིད་ངོས་མི་ཟིན།།
རྒྱུ་འབྲས་སྣོག་པའི་སྨྱོ་གར་ཅི་ཡང་འཁྲབ།།
སྲིད་པའི་ཕུན་ཚོགས་རྒྱ་མཚོའི་ཀློང་ལྟར་བརྡོལ།།
སེམས་ཀྱི་ཆགས་སྡང་མཁའ་ཡི་སྤྲིན་བཞིན་འཐབ།།
ལུས་ཀྱི་སྤྱོད་པ་འཆལ་འཆོལ་ཡ་མ་ཟུང་།།
སྙིགས་མའི་དུས་ཀྱི་བསྟན་པ་ཉིན་བཞིན་དར།།
འདི་འདྲའི་ཕྱི་ཡི་ཁོར་ཡུག་རྫོབ་པོ་དང་།།
ནང་གི་རྐྱེན་མང་འཛོམས་པའི་སེམས་ཁམས་འདིས།།
དུས་ཀྱི་བར་ཆད་བཟློག་ཐུབ་མི་འདུག་པས།།
ཆོས་ཉིད་ཅི་བཞིན་དང་དུ་ལེན་པར་བྱ།།
དེས་ན་རིང་ནས་གཅེས་ཤིང་བསྐྱངས་པ་ཡི།།
སྒྱུ་མའི་ལུས་འདི་འབྱུང་བཞིར་མ་ཐིམ་བར།།
མི་ཡི་སྤྱོད་ཚུལ་དངོས་སུ་ལག་བསྟར་ཏེ།།
དལ་འབྱོར་ཞེས་པར་གོ་བ་གཞན་ཞིག་ལེན།།
ད་བར་མིག་བཞིན་སྲུང་བའི་དམ་སྡོམ་དང་།།
ལོ་མང་གྱོན་པའི་གཟན་གོས་དམར་བོ་འདིར།།
དུས་འགྱུར་ཤྭ་འོད་དྲག་ཏུ་བརྡོལ་བའི་ཀློང་།།
གང་འདོད་འབགས་བཙོག་བཟོ་བར་བློས་མི་བཟོད།།
རྒྱལ་བསྟན་གསེར་སྦྱངས་བཙོ་མའི་རིན་ཐང་གིས།།
རང་གི་ལྟོ་རྒྱབ་གསོ་བའི་སེར་གཟུགས་མཁན།།
དེང་འདིར་སྒར་གྲོང་གཉིས་ན་གྲངས་ཀྱིས་དབེན།།
ཨ་ཧོ་འདི་འདྲའི་བགྱི་བར་བདག་མི་འཇུག།
རང་གི་སྐྱེ་གཟུགས་གཞན་ལས་མི་དམན་ཞིང་།།
རྐང་ལག་འགུལ་སྐྱོད་བྱེད་ལ་དཀའ་བ་མེད།།
མི་ཚེ་ཕྱེད་ཀར་སྦྱངས་པའི་ཡོན་ཚད་འདིས།།
ཁ་རྒྱབ་གཉིས་པོ་སོས་པར་འདང་རྒྱག་མེད།།
དེའི་ཕྱིར་གྲོང་ཆོག་བདའ་བར་བདག་མི་མོས།།
རྩོམ་ཡིག་བྲིས་ནས་སྒོར་མོ་བསག་ན་ཆོག།
གཏོར་མ་ལས་ནས་སྦྱིན་བདག་འགུགས་འདོད་མེད།།
འདྲ་པར་ཁ་ཤས་ལེན་དང་དངུལ་ལོར་རེད།།
ཆོས་པར་བརྫུས་ནས་ཆོས་སྤོང་ལས་གསོག་པ།།
འདི་ལས་ལྷག་པའི་ཉེས་སྐྱོན་གཞན་མེད་པས།།
ཁྱིམ་པ་ཕལ་བ་ཞིག་གི་ཚུལ་བཟུང་སྟེ།།
གཞུང་དྲང་མི་ཞིག་བྱས་ན་ཉེས་པ་ཅི།།
གོས་ཀྱི་ཁ་དོག་གཙོ་བོ་མ་རེད་དེ།།
སེམས་ཀྱི་རང་མདོག་གོས་ཀྱིས་བསྒྱུར་ཐབས་མེད།།
གཟན་ཤམ་འོག་ན་སྤྱང་ཀི་ཡོད་སྲིད་ཅིང་།།
འཁོར་གསུམ་བཏགས་པའི་སངས་རྒྱས་ཡོད་སྐད་དོ།།
ལུས་ལ་གཟན་ཤམ་ཙམ་ཞིག་གྱོན་པ་དེས།།
སེམས་ཀྱི་ཆགས་སྡང་སྤངས་པར་མ་ངེས་ཤིང་།།
ཆོས་སྤྱོད་འུར་འདོན་བྱེད་པའི་སྐད་སྒྲ་འདིས།།
ཕྱི་མར་ཕན་པའི་ཁ་ཚོན་སུ་ཡིས་གཅོད།།
འདུལ་ཁྲིམས་སྲོག་ཆད་བཞིན་དུ་འཁུར་བ་ལས།།
ཁྲིམས་མེད་གྲོང་སྔགས་ཤིག་གི་འཚོ་བ་སྐྱིད།།
ཆགས་པའི་དོན་དུ་ཚུལ་མིན་བྱེད་པ་ལས།།
མི་ཆོས་སྲུང་སྟེ་མི་མོར་འགྲོགས་པས་དགའ།།
བཀའ་པོད་སྐེད་ལ་བཅིངས་པའི་དགེ་བཤེས་ཚོས།།
ཐལ་སྒྲའི་ཀློང་ན་འཇིག་རྟེན་ཆོས་བརྒྱད་རྩོད།།
གསེར་གྱི་ཁྲི་ལ་བཏེགས་པའི་བླ་ཆེན་རྣམས།།
འགྲོ་དོན་བསྐྱུར་ནས་རང་དོན་བསྒྲུབ་ལ་བྲེལ།།
ཆོས་གོས་ལྷུང་བཟེད་ཐོགས་པའི་སྒོམ་ཆེན་པ།།
སྒྲུབ་ཕུག་ནང་དུ་མཁའ་འགྲོའི་ཟུར་མིག་བསྒོམས།།
ང་དང་ང་འདྲའི་གྲྭ་རྐྱང་ཅང་མེད་ཚོ།།
གང་གི་གྲས་སུའང་མ་སླེབས་རང་མགོ་འཁོར།།
དགོན་གྲོང་གང་གི་ལུགས་གཉིས་བྱ་བ་ཀུན།།
བླ་དཔོན་རྣམས་ཀྱིས་འཕྲོག་རྩོད་བྱས་ནས་སྒྲུབ།།
འགྲོ་དོན་ཞེས་པའི་བྱ་བཞག་རླབས་ཆེན་དེ།།
ང་འདྲའི་གྲྭ་རྐྱང་ཚོ་ལ་བསྒྲུབ་སྐལ་མེད།།
དེ་འདྲའི་ངང་ལ་མི་ལོ་བཅུ་ཕྲག་ལྷག།
ཅི་ཡིན་འདི་ཡིན་མེད་པར་ངང་གིས་ཟད།།
ད་ནི་མི་སྡོད་འཁོར་བའི་ཁྱིམ་ལ་འགྲོ།།
མི་བུ་ཚུལ་ལྡན་ཞིག་གི་སྤྱོད་པ་སྐྱོང་།།
དབེན་པ་མིན་པའི་དགོན་པ་འདིར་བྲལ་ཏེ།།
གྲག་འགུལ་ཉུང་བའི་གྲོང་ཁྱེར་ཞིག་ལ་འགྲོ།།
ལུས་སེམས་གཉིས་པོར་བཙོན་གྲོལ་ཐོབ་པ་བཞིན།།
མི་ཚེའི་མཐའ་མཇུག་རང་དབང་ངང་དུ་སྐྱེལ།།
སྔོན་ཆད་སྐྱབས་རྗེ་ཡོངས་འཛིན་བླ་མའི་མདུན།།
དགེ་ཚུལ་ཞིག་གི་སྡོམ་པ་བླངས་ནས་བཟུང་།།
ཉོན་མོངས་དུག་གི་སྒོ་རྣམས་དམ་པོར་བསྡམས།།
རྩ་བ་བཞི་བོ་མིག་འབྲས་བཞིན་དུ་སྲུང་།།
ཆུང་ནས་འགྲོགས་ཤིང་འདྲིས་པའི་ཆོས་གྲོགས་རྣམས།།
འཕྲོ་རིམ་འཕྲོ་ལ་སྐྱ་སར་བབས་ན་ཡང་།།
རང་གི་ཚོད་ཀྱིས་རང་ཚུགས་ལེགས་བཟུང་ནས།།
ད་བར་དམ་ཚིགས་ཉམས་རྒྱུའི་བློ་མ་སྐྱེས།།
བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ལ་ཉུལ།།
དགོན་སྡེ་ཆེ་མ་ཆུང་གསུམ་སྣ་ཚོགས་མཇལ།།
བཙུན་མ་མཛེས་མ་ཁ་ཤས་ངོ་ཤེས་ཀྱང་།།
ཆོས་གྲོགས་ཙམ་ལས་བསམ་ཚུལ་གཞན་མ་བཅངས།།
ཡུལ་ལ་ལོག་ཚེ་ཁྱིམ་མཚེས་གཡས་གཡོན་གྱི།།
ན་མཉམ་བུ་མོ་མང་བོ་བལྟར་འོངས་ནས།།
རྣམ་འགྱུར་སྣ་ཚོགས་སྟོན་བཞིན་ལྐོག་ཏུ་ནི།།
དེ་བ་ཚང་གི་ཨ་ཁུ་ཡག་རབས་བཤད།།
སྦྱིན་བདག་ཚང་གི་རིམ་བྲོ་སྒྲུབ་པའི་སྐབས།།
ཡོན་བདག་མ་ཡིས་ཟུར་མིག་ཐེངས་མང་འཕེན།།
ཕྱིར་ལན་ཕར་ཞོག་ཁ་སྐྱེངས་ངོ་གནོང་ནས།།
མ་མཐོང་ཁུལ་དུ་མགོ་བོ་གཟན་གྱིས་བཏུམས།།
དེ་བཞིན་ཉེ་བའི་ལོ་ངོ་འདི་དག་རིང་།།
གཞན་ཡུལ་སློབ་གྲྭ་ཁག་ཅིག་འགྲིམ་སྐབས་ཀྱང་།།
རྒྱུ་འབྱོར་ངོ་སོ་ཅན་གྱི་ཨར་མོ་དང་།།
བཟང་ས་བྱས་ཀྱང་དགའ་ས་བྱེད་མ་བསམས།།
ད་དུང་གུས་བརྩི་ཆེ་བའི་འཇར་མོ་དང་།།
ཨུ་རུ་སུ་ཡི་ན་ཆུང་སྒེག་ལྡན་མ།།
གོ་རི་ཡ་ཡི་སྙིང་སྡུག་བཞིན་ལེགས་དང་།།
གཡོ་ལྡན་རྒྱ་མོ་ལ་སོགས་དུ་མར་འཕྲད།།
ཡིན་ཡང་སློབ་གྲོགས་ཙམ་གྱི་འབྲེལ་བ་ལས།།
དམིགས་བསལ་ཕོ་མོའི་འབྲེལ་ཐག་ཅི་ཡང་མེད།།
དེ་ལྟར་གྲགས་ཅན་རྒྱལ་ཁབ་གང་མང་གི།
མཛེས་མ་རྐང་དྲུག་འདྲ་བ་གང་མང་ལ།།
སློབ་གླིང་སྐྱེད་ཚལ་འདི་ནས་འཕྲད་མོད་ཀྱང་།།
དམ་ཚིགས་འདམ་སྐྱེས་འདམ་མ་ཟུམ་ནས་བསྡད།།
བོད་ལ་དགའ་རབས་བཤད་ནས་འགྲོག་མཁན་དང་།།
ཕོ་གསར་ཡག་གི་ཟེར་ནས་དགའ་མཁན་སོགས།།
ཁ་ཤས་བྱུང་མོད་རང་གི་ཐོབ་ཐང་འདི།།
གྲྭ་བ་ཡིན་པས་དང་དུ་ལེན་མ་ནུས།།
མཛེས་མའི་བསླུ་བྲིད་བཟློག་པའི་དཔའ་བོ་སྟེ།།
བཙུན་པ་ང་འདྲ་གྲྭ་གཞོན་ནང་ན་ཉུང་།།
ད་ལྟ་བསམས་ན་ལྷད་མེད་དྭངས་གཙང་གི།
གཞུང་དྲང་ང་འདྲའང་མི་ཡི་ཁྲོད་དུ་དཀོན།།
འོན་ཀྱང་ཉིས་སྟོང་བཅུ་ཡི་ལོ་མགོ་འདིར།།
གློ་བུར་སེམས་ལ་འཆར་སྣང་མང་བོ་བྱུང་།།
ད་བར་གཙང་མར་སྲུང་བའི་བསླབ་པ་འདི།།
བླ་མ་གང་དེར་འབུལ་རྒྱུའི་བློ་ཐག་བཅད།།
ཁྱིམ་མི་ཞིག་གིས་སེམས་ཁ་དཀྲུགས་དང་གཅིག།
དགོན་ཆེན་འགའ་ལ་མཆོད་མཇལ་བྱས་དང་གཉིས།།
གྲྭ་བའི་འཚོ་བར་ཆ་རྒྱུས་ལོན་དང་གསུམ།།
ཁ་ཅིག་དྲ་ཐོག་གྲྭ་བར་སྡིགས་དང་བཞི།།
གཞན་གྱི་སྣང་ངོར་སྤྱོད་པ་འཆལ་ཀྱང་ཆོག།
མི་གཞི་བཟང་མིན་རང་གི་སེམས་ན་གསལ།།
ཇི་ལྟར་བྱས་ཀྱང་གཞན་ཁ་མི་ཆོད་པས།།
ད་ནི་རང་འདོད་བཞིན་དུ་རང་དོན་བསྒྲུབ།།
གྲྭ་བ་ལོག་ཀྱང་ལྟ་བ་ལོག་མི་སྲིད།།
གོས་མདོག་འགྱུར་ཡང་སེམས་མདོག་འགྱུར་ངེས་མིན།།
ཐོབ་ཐང་ཙམ་ཞིག་བརྗེ་བོ་བརྒྱབ་པ་དེར།།
ཐན་ལྟས་ཟེར་ནས་སྡིགས་མིན་ཁྱོད་ཀྱིས་ལྟོས།།
གང་ཞིག་གནས་ལུགས་སྟོན་པའི་ཆོས་ལུགས་དེར།།
སྲོག་ལ་བབ་ཀྱང་དད་ལོག་བྱེད་མི་ནུས།།
བྱམས་བརྩེའི་བདག་ཉིད་བདེན་པ་འཆད་མཁས་པའི།།
སྐྱེས་བུ་སུ་ཡོད་ནམ་ཡང་ཕྱག་གིས་མཆོད།།
རྒན་གཞོན་ལོ་ཡི་མང་ཉུང་ང་ལ་མེད།།
ཕོ་མོའི་ཐོབ་ཀྱི་མཐོ་དམན་ངས་མི་འབྱེད།།
སྐྱ་སེར་གོས་ཀྱི་མདོག་ལ་ལྟོས་མེད་པར།།
མི་གཞི་བཟང་བོ་ཅན་རྣམས་ང་ཡི་གྲོགས།།
ཆོས་ཀྱི་སྦྱིན་པས་སེམས་ཅན་སྨིན་བྱེད་པའི།།
རླབས་ཆེན་སྤྱོད་པ་དེ་འདྲ་ངས་མི་ནུས།།
ཡིན་ཡང་ད་བར་བསགས་པའི་ཐོས་པའི་ནོར།།
སྐལ་མཉམ་དག་ལ་སྟེར་བར་ང་མི་ཕངས།།
མཛོད་དུ་རུལ་རྒྱུའི་དངུལ་ལོར་མེད་ན་ཡང་།།
ཉམ་ཐག་སྤྲང་བོར་ཟ་མ་བཟའ་སྤྱད་དང་།།
སློབ་མ་དཀའ་ཚེགས་ཅན་ལ་དཔེ་རིན་ཙམ།།
རོགས་སྐྱོར་བྱེད་རྒྱུར་ང་ལ་སེར་སྣ་མེད།།
མི་ཚེའི་ཕྱེད་ཀ་ཐོས་པའི་ཁྲོད་དུ་བསྐྱལ།།
དུས་ཚོད་ཕལ་ཆེར་བསམ་གཞིག་བྱས་ནས་ཚར།།
གཞར་ཡང་སྙིང་ལ་མི་རིགས་འདི་བསྒོམས་ནས།།
རྩོམ་ཡིག་སྣ་ཚོགས་ཉིན་མཚན་མཐུད་དེ་འབྲི།།
ང་ལ་བརྩེ་ཞིང་དུངས་པ་ཟབ་པ་དང་།།
ང་ཡི་ཆེད་དུ་ཡོད་ཚད་བློས་གཏོང་བའི།།
མཛངས་མ་མ་བཟང་བུ་མོ་སུ་ཡོད་ན།།
ང་ཡི་སྲོག་གིས་དེ་ལ་གཅེས་སྐྱོང་བྱེད།།
དེ་སྐད་དྲང་བོའི་གཏམ་གྱིས་ཕྱུག་པ་ཡི།།
རང་གི་ལྟ་སྤྱོད་གསལ་བོར་བླངས་པའི་མགུར།།
སྲིད་པའི་ཀློང་ན་མགོ་བོ་འཐོམ་པ་རྣམས།།                                    
ཆོས་ཉིད་བདེན་པ་རྟོགས་པའི་ཐབས་སུ་བསྔོའོ།།                                                                          
ཉིས་སྟོང་བཅུ་ལོའི་སྤྱི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་མཇུག་རྫོགས་པར་བྲིས་པ་དགེའོ།།
 
       བཙུན་ཆུང་འདུན་པའི་སྣང་གླུ།
                                
                དམིགས་མེད་ཆོས་དབྱིངས་ཟབ་མོའི་ཀློང་རོལ་ན་བཞུགས་པའི།།
                                               གཡོ་མེད་བརྩེ་ཆེན་རྒྱས་པ་གྲུ་འཛིན་གྱི་བདག་པོ།།
                                               མཐའ་མེད་འཁོར་བར་འཁྱམས་པའི་མདོ་མེད་ཀྱི་བུ་ང་།།
                                               ཟག་མེད་ལུས་སེམས་བདེ་བའི་དགའ་སྟོན་ལ་སྦྱོར་ཅིག།
                                               འཆི་མེད་སྒེག་མོ་སྟོང་གི་མཛེས་སྡུག་གི་དྭངས་མ།།
                                               ལྷག་མེད་གཅིག་ཏུ་བསྡུས་པ་སྙན་ངག་གི་ན་ཆུང་།།
                ཟད་མེད་དབྱངས་བདུན་རྫོགས་པའི་འགྱུར་ཁུག་དེ་འཁྲོལ་བཞིན།།
                                               ནུས་མེད་བཙུན་ཆུང་མགྲིན་པའི་པད་མཚོ་རུ་བཞུགས་ཤིག།
                                               ཟབ་ཟབ་ཆོས་ཀྱི་དབྱངས་སྙན་ཕྱོགས་མཐའ་ལ་འཕུར་བའི།།
                                               དུལ་དུལ་ཁྲིམས་སྲུང་བྱེ་བའི་བསྟི་གནས་ཀྱི་ཞིང་དུ།།
                                               ཐུང་ཐུང་མི་ཚེའི་བཤུལ་ལམ་སྤྲོ་སྣང་གིས་སྐྱེལ་བའི།།
                                               མཛེས་མཛེས་ལས་ལ་གཞོལ་མཁན་བཙུན་ཆུང་ངར་ཅི་བྱུང་།།
                                               ལྷབ་ལྷབ་ངུར་སྨྲིག་གཟན་ཤམ་རླུང་ཁ་ན་སྐྱོད་བཞིན།།
                                               མྱུར་མྱུར་གོམ་པའི་འདེགས་འཇོག་གྲོང་སྒོ་རུ་བསྒྱུར་ཏེ།།
                                               ཞིམ་ཞིམ་རོ་མངར་བཟའ་བཏུང་ལོངས་སྤྱོད་ལ་རེམ་དུས།།
                                               ཆེམ་ཆེམ་འདྲེན་བྱེད་མཐའ་ནས་སྤྲོ་འཛུམ་ཞིག་མངོན་བྱུང་།།
                                               སྐྱིད་སྐྱིད་གང་དྲན་ངང་ནས་སྣ་གླུ་རེ་ལེན་ཞོར།།
                                               མངར་མངར་སིལ་ཁུ་འཐུང་བཞིན་རྒྱ་སྲང་དུ་ཉུལ་ཏེ།།
                                               མཚར་མཚར་སྒྱུ་འཕྲུལ་གློག་གི་ལྟད་མོ་ལ་རོལ་སྐབས།།
                                               འཇིགས་འཇིགས་དགེ་བསྐོས་བཙན་པོའི་འགྲམ་ལྕག་དེ་བརྗེད་འདུག།
                                               ཧ་ཧ་སྤྲོ་བའི་གད་མོ་མཐོངས་དབྱིངས་སུ་སྒྲོག་ཚེ།།
                                               ཨེན་ཆུང་སྣང་བ་རི་མགོའི་སྤྲིན་དཀར་ལས་མཐོ་ཡང་།།
                                               ཧ་ཅང་གོ་དཀའི་རིག་འཕྲུལ་བསྡུས་གྲྭ་དེ་རྩོད་དུས།།
                                               ཨ་ར་ཨུ་རེའི་སྡུག་སྐད་འདོན་དགོས་ཤིག་བྱུང་སོང་།།
                                               བདེ་ལྡན་རེག་བྱ་འཇམ་པའི་འབོལ་གདན་གྱི་སྟེང་དུ།།
                                               སྒྱུ་མའི་ལུས་པོ་རེ་ཞིག་བག་ཕབ་ཏུ་བསྡད་དེ།།
                                               སྣ་རིང་མདུན་དུ་བླངས་ནས་ལྟ་ཁུལ་ཙམ་བྱས་ཀྱང་།།
                                               སེམས་ཀྱི་མགྱོག་འགྲོ་ཕྱི་རོལ་ལྟད་མོ་ལ་ཆས་སོང་།།
                                               ལན་གཅིག་ངུར་སྨྲིག་འཆང་བའི་རྟེན་བཟང་དེ་ཐོབ་ཀྱང་།།
                                               རིམ་གཉིས་གསང་ཆེན་ལམ་གྱི་ངོ་བོ་ཙམ་མ་ཟིན།།
                                               སྒོ་གསུམ་ལས་ཀྱི་སྤྱོད་པ་རྒྱ་ཡན་དུ་ཤོར་ཏེ།།
                                               དུས་བཞིའི་འཚོ་བ་རྨི་ལམ་ཞིང་ཁམས་ན་རོལ་འདུག།
                                               མི་རྟག་འཇིག་རྟེན་སྒྱུ་མའི་གར་སྟེགས་ཀྱི་སྟེང་དུ།།
                                               མི་ཚེའི་འཚོ་བ་མངར་སྐྱུར་ཁ་གསུམ་གྱིས་གྲུབ་པས།།
                                               མི་ཡུལ་ཐེངས་ཤིག་འགྲིམས་པའི་བཙུན་ཆུང་གི་སྣང་བ།།
                                               མི་སེམས་སྐྱོམ་པར་བྱེད་པའི་རོ་མཆོག་དེར་ཕྱོགས་སོང་།།
                                               དཀའ་བ་སྤྱད་ནས་དབེན་པའི་རི་ཁྲོད་དུ་བསྡད་ཀྱང་།།
                                               བདེན་པའི་ལྷ་ཞལ་མཐོང་བའི་སྐལ་བ་ནི་མི་འདུག།
                                               དེ་བས་ལུས་སེམས་མནར་བའི་བཙོན་ཁང་འདི་གཏོར་ནས།།
                                               རང་དབང་འཇིག་རྟེན་ཞིག་ཏུ་མི་ཚེ་དེ་སྐྱེལ་ལོ།།                          

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགུར་གླུ་ལྟ་སྤྱོད་དགུ་སྐོར་མ།(ཞར་བཀོད་གཅིག་ཡོད)

2010-04-20 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།