གསོལ་འདེབས།

དེའུ་སྒང་དཀོན་མཆོག་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-18

བཅུ་དྲུག་ལང་ཚོས་སྒེག་པའི་ཟླ་ཤེལ་གྱི་མདངས་འཛིན།།

ཕྱག་ན་ཤེལ་ཕྲེང་འཛིན་པ་འགྲོ་དྲུག་གི་གཙུག་ནོར།།

བྱམས་བརྩེའི་རང་མདངས་གངས་རིའི་སྤུན་ཟླ་རུ་བཞེངས་པའི།།

འཕགས་མཆོག་ཕྱག་ན་པདྨོ་སྙིང་དབུས་སུ་བསུའོ།།

 

ཁུ་བྱུག་བུ་མོ་ལྷོ་ཕྱོགས་མོན་ཡུལ་དུ་འཕུར་སོང་།།

སྨན་ལྗོངས་ཕྱུག་མོ་མྱ་ངམ་ཐང་སྟོང་དུ་གྱུར་ཐལ།།

ལྷན་འཛོམས་སྤྲོ་དགས་འཁྱུད་པའི་བཀྲ་ཤིས་ཀྱི་ཉི་མ།།

མི་རིང་མྱུར་དུ་འཆར་བའི་དངོས་གྲུབ་དེ་སྩོལ་ཅིག།

 

ངན་དགུ་སྡིག་བཅུས་བཅིངས་པའི་ཁ་བ་ཡི་རྒྱལ་ཁམས།།

ནང་དམེ་ནང་འཁྲུག་རྩོད་པ་རང་ས་རུ་ཞི་ནས།།

མཐུན་སྒྲིལ་གསེར་ཟམ་རང་རིགས་ནང་ཁུལ་དུ་བཞེངས་ནས།།

དག་ཞིང་ངོ་མ་བསྐྲུན་པའི་དངོས་གྲུབ་ཅིག་གནོངས་ཤིག།

 

ཤེས་རིག་ཀློང་དུ་རྡོལ་བའི་དེང་སང་གི་དུས་རབས།།

རྨོངས་མུན་ཁུང་དུ་ཞེན་པའི་རང་རིགས་ཀྱི་བོད་པར།།

གོ་ལ་ཧྲིལ་བོར་མཐོང་བའི་ཤེས་རབ་ཅིག་བསྩལ་ནས།།

རྗེས་ལུས་འཆང་ཐག་གཅོད་པའི་རལ་གྲི་ཞིག་གནོངས་དང་།།

 

ཨ་འཐས་རྙིང་བར་ཞེན་པའི་ཨུ་ཚུགས་ཀྱི་རང་གཤིས།།

གསར་བ་གསར་རྐྱང་དགའ་བའི་ཨ་གསར་གྱི་ལྟ་བ།།

དེ་གཉིས་ཕྱོགས་སུ་མ་ལྷུང་ཟུང་འབྲེལ་གྱི་ལམ་བཟང་།།

ང་ཚོ་གངས་ཅན་བོད་པའི་རྒྱལ་ཁམས་ལ་སྩོལ་མཛོད།།

 

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསོལ་འདེབས།

2010-04-18 དེའུ་སྒང་དཀོན་མཆོག་རྒྱ་མཚོ། ཀློག་གྲངས། མཆན ཡོད།

བཅུ་དྲུག་ལང་ཚོས་སྒེག་པའི་ཟླ་ཤེལ་གྱི་མདངས་འཛིན།།

ཕྱག་ན་ཤེལ་ཕྲེང་འཛིན་པ་འགྲོ་དྲུག་གི་གཙུག་ནོར།།

བྱམས་བརྩེའི་རང་མདངས་གངས་རིའི་སྤུན་ཟླ་རུ་བཞེངས་པའི།།

འཕགས་མཆོག་ཕྱག་ན་པདྨོ་སྙིང་དབུས་སུ་བསུའོ།།

 

ཁུ་བྱུག་བུ་མོ་ལྷོ་ཕྱོགས་མོན་ཡུལ་དུ་འཕུར་སོང་།།

སྨན་ལྗོངས་ཕྱུག་མོ་མྱ་ངམ་ཐང་སྟོང་དུ་གྱུར་ཐལ།།

ལྷན་འཛོམས་སྤྲོ་དགས་འཁྱུད་པའི་བཀྲ་ཤིས་ཀྱི་ཉི་མ།།

མི་རིང་མྱུར་དུ་འཆར་བའི་དངོས་གྲུབ་དེ་སྩོལ་ཅིག།

 

ངན་དགུ་སྡིག་བཅུས་བཅིངས་པའི་ཁ་བ་ཡི་རྒྱལ་ཁམས།།

ནང་དམེ་ནང་འཁྲུག་རྩོད་པ་རང་ས་རུ་ཞི་ནས།།

མཐུན་སྒྲིལ་གསེར་ཟམ་རང་རིགས་ནང་ཁུལ་དུ་བཞེངས་ནས།།

དག་ཞིང་ངོ་མ་བསྐྲུན་པའི་དངོས་གྲུབ་ཅིག་གནོངས་ཤིག།

 

ཤེས་རིག་ཀློང་དུ་རྡོལ་བའི་དེང་སང་གི་དུས་རབས།།

རྨོངས་མུན་ཁུང་དུ་ཞེན་པའི་རང་རིགས་ཀྱི་བོད་པར།།

གོ་ལ་ཧྲིལ་བོར་མཐོང་བའི་ཤེས་རབ་ཅིག་བསྩལ་ནས།།

རྗེས་ལུས་འཆང་ཐག་གཅོད་པའི་རལ་གྲི་ཞིག་གནོངས་དང་།།

 

ཨ་འཐས་རྙིང་བར་ཞེན་པའི་ཨུ་ཚུགས་ཀྱི་རང་གཤིས།།

གསར་བ་གསར་རྐྱང་དགའ་བའི་ཨ་གསར་གྱི་ལྟ་བ།།

དེ་གཉིས་ཕྱོགས་སུ་མ་ལྷུང་ཟུང་འབྲེལ་གྱི་ལམ་བཟང་།།

ང་ཚོ་གངས་ཅན་བོད་པའི་རྒྱལ་ཁམས་ལ་སྩོལ་མཛོད།།

 

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།