གསེར་མིག་འདོད་པའི་ལྕགས་ཀྱུ།
ཆུ་ལ་རྡོ་གཅིག་གཞུས་པས།།
ཉ་མོས་དབུ་ལྕོག་གནང་བྱུང༌།།
ཕལ་ཆེར་གསེར་ཉའི་ཐུགས་ལ།།
བུ་མོ་ཡོད་པ་མིན་ནམ།།
བློ་འདོད་གསེར་གྱི་ཉ་དང༌།།
བུ་མོ་ལས་འཕྲོ་ཡོད་ན།།
མཐའ་ཡས་རྒྱ་མཚོའི་གཏིང་ལ།།
འགྲོ་དགོས་བྱུང་ཡང་ལས་རེད།།
གསེར་མིག་འདོད་པའི་ལྕགས་ཀྱུ།།
བདག་ལ་རྟག་ཏུ་གཟིགས་ནས།།
སྙིང་གི་ཚི་ལུ་བཞུར་བའི།།
མཆོདམེ་ཁྱེད་ལ་ཕུལ་ཆོག།
ཁྱེད་དང་ང་ཡི་སྙན་ངག
ཡིད་འོངཁྱེད་ཀྱི་ཞལ་རས།།
ང་ཡི་སྙན་ངག་འདྲ་བྱུང༌།།
ཞལ་རས་མིག་ལ་མཛེས་པ།།
སྙན་ངག་རྣ་བར་འཇེབས་པ།།
ཡིད་འོང་ཁྱེད་ཀྱི་སྤྱན་ཟུར།།
ང་ཡི་སྙན་ངག་འདྲ་བྱུང༌།།
སྤྱན་ཟུར་ལས་འཕྲོའི་མདའ་མོ།།
སྙན་ངག་བརྩེ་དུང་མདུད་པ།།
ཡིད་འོང་ཁྱེད་ཀྱི་བཀའ་མོལ།།
ང་ཡི་སྙན་ངག་འདྲ་བྱུང༌།།
བཀའ་མོལ་སྙིང་གི་སྙིང་གཏམ།།
སྙན་ངག་དམ་བཅའི་རི་མོ།།
རྩོམ་ཁུངས། ཡར་ཀླུང་གླུ་གསར།