དྲང་མོ་བློ་ཡིས་དཔྱད་ན་སུ་ཞིག་བདེན།

རྣམ་དཔྱོད་ལྷ་ཡི་བུ་མོ་བག་མ་རུ་བསུས་ཏེ།།

ལོ་རྒྱུས་གླེགས་བམ་གཅིག་གཅིག་གཉིས་གཉིས་ཀྱིས་ཀློ་དུས།།

དགའ་སྐྱོ་མཆི་མའི་ཀློང་གི་མེས་དབོན་གྱི་འཚོ་བས།།

 བདག་གི་དྲན་པའི་ངོས་སུ་འདྲི་རྟགས་འགའ་བཀོད་བྱུང་ །།

འོད་གསལ་ལྷ་ལས་གྱེས་པ་ཁ་ཅིག་གི་རང་ལུགས།།

རྒྱ་གར་གཡུལ་ལས་བྲོས་པ་ལ་ལ་ཡི་འདོད་པ།།

སཱ་ལའི་ལྗོངས་སུ་འཁྲུངས་པ་འགའ་ཞིག་གི་ཐུགས་བཞེད།།

མཁས་བརྒྱ་མགྲིན་གཅིག་མིན་པ་ཕྱོགས་ལྷུང་གིས་མིན་ནམ།།

དུས་གསུམ་མངོན་པར་གཟིགས་པའི་དུས་མཁྱེན་གྱི་རྒྱལ་བོ།།

མི་མཆོག་ཟས་གཙང་སྲས་ཀྱང་འཇུ་ཐག་ལ་མ་འཇུས།།

འཁོར་བ་སྡུག་བསྔལ་རྒྱ་མཚོ་གཏིང་རིམ་ལ་བྱིང་བའི།།

བོད་རྗེ་ཁྲི་བདུན་འོད་ཀྱི་གོང་བུ་ལ་འཐིམས་སམ།།

ཀུན་གྱིས་སྤྱི་བོར་བཀུར་བའི་རྒྱལ་ཁམས་ཀྱི་རྒྱལ་པོ།།

མི་ངན་བློན་གྱིས་བགྲོངས་པ་བདེན་དོན་དུ་འདུག་མོད།།

ཐལ་སྒྱེ་ཁལ་དུ་བཀལ་བའི་ཁུངས་མེད་ཀྱི་བཤད་རྒྱུན།།

བདེན་ན་བོད་རྗེ་གྲི་གུམ་གླེན་པ་ཞིག་མིན་ནམ།།

ཉ་སྦལ་ཆར་དུ་བབས་པའི་ཉེ་རབས་ཀྱི་བཤད་རྒྱུན།།

མི་ཡི་བློ་ས་འགོང་བའི་ངོ་མཚར་དུ་འདོད་ན།།

བོད་ཆོས་མཁའ་ལས་བབས་པའི་ལོ་རྒྱུས་ཀྱི་བཤད་རྒྱུན།།

མ་དག་རྨོངས་དད་ཡིན་པ་ཅི་ཞིག་གིས་བསྒྲུབ་བམ།།

དགེ་སྦྱོང་ཤཱཀྱའི་རྒྱལ་བོར་གཙུག་ཏོར་ལས་མེད་ན།།

ཁམས་གསུམ་ཟིལ་གྱིས་གནོན་པའི་མི་མཆོག་གི་རྗེ་བོའི།།

སྤྱི་བོའི་ཁྲི་ལ་མགོན་པོ་འོད་དཔག་མེད་བཞུགས་པ།།

མ་དག་འུད་བསྟོད་ཆེན་པོའི་བཤད་རྒྱུན་ཞིག་མིན་ནམ།།

ཡ་གླིང་ཤར་མར་གྲགས་པའི་ངེས་དོན་ཀྱི་དཔའ་བོའི།།

 ཡུམ་ལ་བཞེད་པ་མི་མཐུན་ཕྱོགས་གཉིས་སུ་གྱེས་ཀྱང༌།།

  གྱིམ་ཤིང་རྒྱ་བཟའི་སྲས་སུ་བཞེད་པ་རང་ཡིན་ན།།

  ཞང་བོའི་རྒྱལ་ཁམས་བཅོས་པའི་ཞེ་འཁོན་ཞིག་ཡོད་དམ།།

་བྱུང་བཙུན་པའི་དབང་ཐང་ཤེད་ཤུགས་ཀྱིས་འཕྲོགས་ཤིང༌།།

ལྷ་རྟེན་གཙུག་ལག་བཅོ་པས་བ་གླང་དུ་འགྱུར་ན།།

རང་རེའི་བྱང་དུ་གནས་པའི་ཧོར་དམག་གི་ཁྱུ་ཚོགས།།

རྭ་ཅོ་གནམ་དུ་ཀེར་པའི་གླང་ཁྱུ་ཞིག་ཡིན་ནམ།།

དགའ་ན་དགྲ་ཡི་ཡུལ་ཀྱང་ཆོས་གོས་ཀྱིས་གཡོགས་ལ།།

སྡུག་ན་རྗེ་ཡི་དབུར་ཡང་རྭ་ཅོ་རང་འཛུགས་པའི།།

ཕྱོགས་ལྷུང་དྲི་མས་སྦགས་པའི་རང་རིགས་ཀྱི་བྱ་བྱེད།།

ཁུངས་བཙན་ལོ་རྒྱུས་མཁན་པོའི་གཏད་སོ་རུ་འོས་སམ།།

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲང་མོ་བློ་ཡིས་དཔྱད་ན་སུ་ཞིག་བདེན།

2010-04-16 འབྲོག་མེ་ཕྱེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།