བྱེ་ཐང་གི་བསམ་གཞིག

འབྲོང་སྐྱེས་ལྟག་ལྷ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-10

ཁ་བའི་རང་གཤིས་དཀར་པོ་རྒྱུན་དུ་བྲལ།།

སྤྲིན་པའི་གཡོ་འགུལ་དྲག་པོ་དགྲ་རུ་སྡང༌།།

ལོག་རྟོག་འཁྲུལ་སྣང་ཆེན་པོའི་སོ་མཚམས་ནས།།

གཞུང་དྲངས་གླེན་པའི་བུ་ལོ་བགྲོད་དམ་ཅི།།

 

མུན་པའི་རྔམ་ཁ་འཐུག་པོ་མཁའ་དང་མཉམ།།

སླད་མེད་ལྷག་བསམ་དཀར་པོ་མེ་རུ་བསྲེགས།།

སྦྱིན་པའི་དྲིན་ལན་ལེགས་པོ་དུག་ཆུར་སེམས།།

མདུང་རྩེ་རྣོན་པོའི་ཟུར་ཁ་གཞན་ལ་བསྣུན།།

 

ཚུལ་འཆོས་ཀི་ཅོའི་རླབས་ཕྲེང་བྲག་ཆར་འཁོར།།

བརྩེ་སེམས་འོ་སྤྲིའི་མངར་ཁ་རིམ་གྱིས་ཡལ།།

རླུང་ནག་འཚུབ་མ་རྒོད་པོའི་རི་ཀླུང་ནས།།

 རེ་ཐག་ཆད་པའི་སེམས་ངལ་རྡོ་ལ་བྲིས།།

 

 

མཐུན་སྒྲིལ་སློབ་གསོའི་ཕྱོགས་ལ་འདུ་ཤེས་བྲལ།།

དུག་གསུམ་སྨྱོན་པའི་གཤིས་ལ་བྲེལ་འཚབ་ལངས།།

བསམ་བློའི་ཁ་ཕྱོགས་བོར་བའི་ཕྱོགས་ལྷུང་བ།།

ཁྲེལ་མེད་མི་རུ་གྱུར་བ་ཤེས་སམ་ཅི།།

 

ཕྱི་ལ་གོས་གསར་གྱོན་པས་ལང་ཚོ་མཛེས།།

ནང་དུ་སྤྲུལ་ནག་སྟོང་གིས་ཟློལ་གར་སྒྱུར།།

གཡོ་བཅོལ་ནོར་ཝ་མོའི་ལྟ་བ་ཐ་ཤལ་པ།།

མིག་ཟུང་ལག་པས་བཀབ་ཀྱང་བརྗིད་ཐབས་བྲལ།།

 

 

 

འཇིག་རྟེན་བསླུ་བྲིད་ཐེབས་པའི་གཞི་མ་ཉིད།།

རྣམང་གཡེང་ལེ་ལོར་གཡེང་བ་སྒྱུ་མའི་གཤིས།།

དར་རྒྱུད་རིང་མོ་འཕར་རྩར་བཀོད་པ་ནས།།

སྨྱུག་ཆུང་འཛུམ་རྩེར་བཟུང་སྟེ་བྲོ་འདི་འཁྲབ།།

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱེ་ཐང་གི་བསམ་གཞིག

2010-04-10 འབྲོང་སྐྱེས་ལྟག་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

ཁ་བའི་རང་གཤིས་དཀར་པོ་རྒྱུན་དུ་བྲལ།།

སྤྲིན་པའི་གཡོ་འགུལ་དྲག་པོ་དགྲ་རུ་སྡང༌།།

ལོག་རྟོག་འཁྲུལ་སྣང་ཆེན་པོའི་སོ་མཚམས་ནས།།

གཞུང་དྲངས་གླེན་པའི་བུ་ལོ་བགྲོད་དམ་ཅི།།

 

མུན་པའི་རྔམ་ཁ་འཐུག་པོ་མཁའ་དང་མཉམ།།

སླད་མེད་ལྷག་བསམ་དཀར་པོ་མེ་རུ་བསྲེགས།།

སྦྱིན་པའི་དྲིན་ལན་ལེགས་པོ་དུག་ཆུར་སེམས།།

མདུང་རྩེ་རྣོན་པོའི་ཟུར་ཁ་གཞན་ལ་བསྣུན།།

 

ཚུལ་འཆོས་ཀི་ཅོའི་རླབས་ཕྲེང་བྲག་ཆར་འཁོར།།

བརྩེ་སེམས་འོ་སྤྲིའི་མངར་ཁ་རིམ་གྱིས་ཡལ།།

རླུང་ནག་འཚུབ་མ་རྒོད་པོའི་རི་ཀླུང་ནས།།

 རེ་ཐག་ཆད་པའི་སེམས་ངལ་རྡོ་ལ་བྲིས།།

 

 

མཐུན་སྒྲིལ་སློབ་གསོའི་ཕྱོགས་ལ་འདུ་ཤེས་བྲལ།།

དུག་གསུམ་སྨྱོན་པའི་གཤིས་ལ་བྲེལ་འཚབ་ལངས།།

བསམ་བློའི་ཁ་ཕྱོགས་བོར་བའི་ཕྱོགས་ལྷུང་བ།།

ཁྲེལ་མེད་མི་རུ་གྱུར་བ་ཤེས་སམ་ཅི།།

 

ཕྱི་ལ་གོས་གསར་གྱོན་པས་ལང་ཚོ་མཛེས།།

ནང་དུ་སྤྲུལ་ནག་སྟོང་གིས་ཟློལ་གར་སྒྱུར།།

གཡོ་བཅོལ་ནོར་ཝ་མོའི་ལྟ་བ་ཐ་ཤལ་པ།།

མིག་ཟུང་ལག་པས་བཀབ་ཀྱང་བརྗིད་ཐབས་བྲལ།།

 

 

 

འཇིག་རྟེན་བསླུ་བྲིད་ཐེབས་པའི་གཞི་མ་ཉིད།།

རྣམང་གཡེང་ལེ་ལོར་གཡེང་བ་སྒྱུ་མའི་གཤིས།།

དར་རྒྱུད་རིང་མོ་འཕར་རྩར་བཀོད་པ་ནས།།

སྨྱུག་ཆུང་འཛུམ་རྩེར་བཟུང་སྟེ་བྲོ་འདི་འཁྲབ།།

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།