ས་སྲོད་ཀྱིས་སྙན་ངག

ཧོར་སྐྱེས་བསྟན་པ་རབ་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-03

 གྲོགས་བཟང་གཡོ་སྒྱུ་དབེན་པའི་དཔག་བསམ་ལྗོན།།

དམར་ཆུང་སེམས་པ་ཕྲ་མོ་དྲན་ཤིང་ཉིད།།

ཁེར་རྐྱང་གོམ་སྒྲས་རི་ལུང་དཀྲོག་བཞིན་དུ།།

རྒྱང་བཞུད་ཕྱི་མིག་ཁྲོད་ན་བསྐྱུར་དགོས་བྱུང་།།

 

ཉེར་གཅིག་བུ་མོ་བཞུད་པའི་རླབས་འོག་ན།།

རིག་པའི་རྩོད་ངག་ལྡིར་བ་གློག་བཞིན་འཁྱུག།

རྙིང་ཞེན་མཁྲེགས་འཛིན་མཐོ་བའི་ལྟ་བ་འདིས།།

ཅོལ་ཆུང་སེམས་པའི་ཆུ་བོ་བཙན་གྱིས་བསྐྱིལ།།

 

ངུར་སྨྲིག་མཚམས་སྤྲིན་མདངས་ཀྱིས་རབ་བརྒྱན་པའི།།

ཤེས་བྱ་བདུད་རྩིའི་ཆུ་གཏེར་རླབས་ཕྲེང་གཡོ།།

འཆད་རྩོད་རྩོམ་པའི་མངའ་དབང་བསྒྱུར་བའི་གྲོགས།།

མཛའ་བརྩེ་དུངས་སེམས་མེ་ཏོག་དུས་ཀུན་བཞད།།

 

བགྲང་བྱ་ཉེར་དྲུག་ཉིན་བྱེད་ཚད་ལས་འདས།།

སེམས་སྟོང་ཁོ་བོ་ན་ཟུག་གྲངས་མེད་ཅིག།

རང་གིས་རང་ལ་སྙིང་གཏམ་བརྗོད་པར་མཐར།།

ད་གཟོད་གཤོག་ཟུང་གཉོམ་པོ་རིག་པར་གཏད།།

 

རེ་སྨོན་ཁུ་བྱུག་མོན་ཡུལ་ཕྱོགས་སུ་འཕུར།།

རྗེས་ལུས་འཇོལ་མོ་ང་རང་ཁེར་རྐྱང་ཡིན།།

གངས་དཀར་རི་བོར་འཁྱིལ་བའི་བརྩེ་སེམས་ཅན།།

གཤིས་བཟང་ལྷག་བསམ་གངྒའི་རྒྱུན་ལ་འགྲོག།

 

ཟླ་བ་ལྷ་མོས་འཛུམ་དཀར་མེ་ཏོག་བཞད།།

ས་སྲོད་མཚམས་སྤྲིན་ཆགས་པའི་དམར་མདངས་འོག།

སེམས་ཀྱི་ཀློང་ལས་བརྡོལ་བའི་ངག་རིག་ཕྲེང་།།

ལྔ་རིག་གྲོགས་དག་དགྱེས་པའི་མཆོད་སྤྲིན་ཡིན།།

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྲོད་ཀྱིས་སྙན་ངག

2010-04-03 ཧོར་སྐྱེས་བསྟན་པ་རབ་རྒྱས། ཀློག་གྲངས། མཆན ཡོད།

 གྲོགས་བཟང་གཡོ་སྒྱུ་དབེན་པའི་དཔག་བསམ་ལྗོན།།

དམར་ཆུང་སེམས་པ་ཕྲ་མོ་དྲན་ཤིང་ཉིད།།

ཁེར་རྐྱང་གོམ་སྒྲས་རི་ལུང་དཀྲོག་བཞིན་དུ།།

རྒྱང་བཞུད་ཕྱི་མིག་ཁྲོད་ན་བསྐྱུར་དགོས་བྱུང་།།

 

ཉེར་གཅིག་བུ་མོ་བཞུད་པའི་རླབས་འོག་ན།།

རིག་པའི་རྩོད་ངག་ལྡིར་བ་གློག་བཞིན་འཁྱུག།

རྙིང་ཞེན་མཁྲེགས་འཛིན་མཐོ་བའི་ལྟ་བ་འདིས།།

ཅོལ་ཆུང་སེམས་པའི་ཆུ་བོ་བཙན་གྱིས་བསྐྱིལ།།

 

ངུར་སྨྲིག་མཚམས་སྤྲིན་མདངས་ཀྱིས་རབ་བརྒྱན་པའི།།

ཤེས་བྱ་བདུད་རྩིའི་ཆུ་གཏེར་རླབས་ཕྲེང་གཡོ།།

འཆད་རྩོད་རྩོམ་པའི་མངའ་དབང་བསྒྱུར་བའི་གྲོགས།།

མཛའ་བརྩེ་དུངས་སེམས་མེ་ཏོག་དུས་ཀུན་བཞད།།

 

བགྲང་བྱ་ཉེར་དྲུག་ཉིན་བྱེད་ཚད་ལས་འདས།།

སེམས་སྟོང་ཁོ་བོ་ན་ཟུག་གྲངས་མེད་ཅིག།

རང་གིས་རང་ལ་སྙིང་གཏམ་བརྗོད་པར་མཐར།།

ད་གཟོད་གཤོག་ཟུང་གཉོམ་པོ་རིག་པར་གཏད།།

 

རེ་སྨོན་ཁུ་བྱུག་མོན་ཡུལ་ཕྱོགས་སུ་འཕུར།།

རྗེས་ལུས་འཇོལ་མོ་ང་རང་ཁེར་རྐྱང་ཡིན།།

གངས་དཀར་རི་བོར་འཁྱིལ་བའི་བརྩེ་སེམས་ཅན།།

གཤིས་བཟང་ལྷག་བསམ་གངྒའི་རྒྱུན་ལ་འགྲོག།

 

ཟླ་བ་ལྷ་མོས་འཛུམ་དཀར་མེ་ཏོག་བཞད།།

ས་སྲོད་མཚམས་སྤྲིན་ཆགས་པའི་དམར་མདངས་འོག།

སེམས་ཀྱི་ཀློང་ལས་བརྡོལ་བའི་ངག་རིག་ཕྲེང་།།

ལྔ་རིག་གྲོགས་དག་དགྱེས་པའི་མཆོད་སྤྲིན་ཡིན།།

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།