སེམས་ཀྱི་རང་སྒྲ།

ཁྲ་ཆིལ་མེ་ཏོག་རྣམ་པར་རྒྱས་ཤིང་སྣ་ཚོགས་དྲི་བསུང་ཕྱོགས་བཅུར་འཐུལ།།

དྲི་འཛིན་མྱོས་པའི་ཕྱོགས་ཀྱི་བུང་བ་ལྷོ་སྤྲིན་བཞིན་དུ་རི་ལུང་དཀྲིགས།།

གཡུ་ལོ་རྒྱས་པའི་སྤང་ཐང་སྔོན་མོར་རྟ་མཆོག་རྒོད་པས་བང་རྩལ་ངོམ།།

འདབ་བཟང་དབང་བོས་ནམ་འཕང་སྟོད་ཀྱིན་རྒྱང་རིང་ཡུལ་ལ་མིག་གིས་ལྟ།།

ཨ་ཐང་ཆད་པའི་གཞོན་ནུའི་ལྷམ་ཆུང་རྐང་ལམ་ཕྲ་མོས་ཟོས་ཏེ་ཚར།།

གཙང་ཆབ་སྔོན་མོའི་གྲོགས་སུ་བཏང་བའི་སེམས་འདུན་ཕྲ་མོ་རླུང་གིས་གཡོ།།

འདོད་ཡོན་བདུད་ཀྱི་སྤང་མོར་ཟིན་པའི་ཉམ་ཆུང་རྣམ་ཤེས་སྒོམ་ལ་བཞུགས།།

གངས་དཀར་དབུ་འཕང་དགུང་དུ་ཟུག་ཅིང་སྤྲིན་དཀར་བླ་བྲེའི་འགྱུར་བག་རྒོད།།

སྲིད་པའི་བདེ་སྡུག་ཐུགས་ལ་ཐོགས་ཤིང་ཕྱིར་བལྟས་ལན་ཆགས་མཆི་མར་གྱུར།།

མགྲིན་པ་བརྣངས་པའི་གླུ་སྐད་ཐོར་བུས་རི་དྭགས་ཞེ་རྩ་ལྷོད་དུ་བཅུག།

མཁུར་ཚོས་དམར་པོའི་བུ་མོའི་རེ་སྒུག་སྦྲ་ནག་འདབས་ནས་བསྐལ་བར་ལུས།།

འཕྲིན་ཡིག་ཁུ་བྱུག་གསུངས་དབྱངས་སྙན་མོ་གྲང་འཁྱག་ངར་མས་ཕྱོགས་སུ་བདས།།

ཕ་ཤུལ་ཆད་པའི་གཞིས་ཀའི་དར་ལྕོག་བསེར་མ་རླུང་གི་མཚོན་ལ་དྲངས།།

སྒོ་ཟོག་འབྲི་མོའི་ངར་སྒྲ་སྙན་མོ་རྨི་ལམ་ནང་ནས་འཚོལ་དགོས་བྱུང་།།

ལྟེམ་མེར་འཁྱིལ་བའི་སེམས་ཀྱི་མཚོ་མོ་བྱང་རླུང་ངར་མས་སྐྱོམ་ཞིང་དཀྲིགས།།

ལྷག་བསམ་གངས་ཀྱི་རང་མདངས་ཅན་དེ་ལྟར་སྣང་རྫུན་མའི་ཟོལ་ལ་བརྟེན།།

མི་འདོད་སྡུག་བསྔལ་ཕར་ལ་དེད་ཀྱང་གྲིབ་མ་བཞིན་དུ་འབྲལ་མི་འགྱུར།།

འདོད་པའི་བདེ་བ་ཚུར་ལ་བོས་ཀྱང་འཇའ་ཚོན་བཞིན་དུ་རྒྱང་ལ་འབྲོ།།

འཇིག་རྟེན་མི་ལོ་ཉི་ཤུ་ཟད་ཀྱང་ཟས་རིན་ཙམ་ཡང་རྙེད་མ་གྱུར།།

པོ་ཏ་ལ་ཡི་བྱིན་རླབས་ཐོབ་པར་རྒྱང་རིང་ཡུལ་ནས་ཕྱག་གསུམ་འཚལ།།

བསོད་ནམས་འོད་ཀྱི་གོང་བུ་རེ་རེས་བདག་གི་ལམ་སྣ་གསལ་བར་ཤོག།

ཕྲག་དོག་དུག་གི་ཁ་རླབས་བར་ནས་དཔྱོད་ཤེས་བློ་རྩ་ཕྱི་མར་བསྐྱལ།།

དར་ལ་བབ་པའི་བརྩེ་དུངས་འོ་མ་ཁ་ལག་གཉིས་ཀྱི་བར་ནས་བསྐམས།།

ཕྱི་ཕྱིར་འཁྲེང་བའི་མིག་གི་རི་མོ་གཡང་ཞིང་གྲུ་བཞིའི་མཐའ་ལ་བྲིས།།

མདུན་དུ་སྐྱོད་པའི་གོམ་སྟབས་རྗེས་ན་གསེར་གྱི་སྙེ་མ་རྐང་རེ་བཞད།།

སྤོབས་པའི་མགོ་བོ་མཐོ་རུ་བཏེགས་ཏེ་ལང་ཚོའི་གླུ་དབྱངས་ངག་ནས་ལེན།།

འབྱུང་འགྱུར་འཚོ་བ་རི་མོར་འབྲི་བཞིན་ཕུགས་བསམ་མེ་ཏོག་ཕྱོགས་སུ་བཏབ།།

ས་སྲོད་སྤྲིན་གྱི་འགྱུ་བར་ལྟ་བཞིན་སང་ཉིན་ཕྱོགས་ལ་འདང་ཞིག་བརྒྱབ།།

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་རང་སྒྲ།

2010-04-03 སྒང་སྐྱེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།