པིར་སྨྱུག

རྐ་སར་དགེ་འདུན་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-02

པད་མོའི་འཁྲི་ཤིང་ཟླ་བའི་ལུས་ཅན་ལྷོ་ཕྱོགས་རྒྱ་མཚོའི་མཐོངས་ནས་འཛུམ།།

ལྗགས་རྩེའི་ཁུ་བྱུག་ཚིག་གི་གདེངས་ཀར་རིག་བྱེད་སྟོང་གི་རི་མོ་འགྱུ།།

ནང་གི་མཛེས་སྡུག་ཕྱི་རུ་བཀོད་པའི་ཀུན་རྟོག་པིར་གྱི་གར་སྟེགས་ན།།

དྲུག་ཅུའི་སྒྱུ་རྩལ་རང་དབང་བསྒྱུར་བ་ང་ཚོའི་འཇིག་རྟེན་བདག་མོ་ཉིད།།

 

སེམས་ཉིད་ཆགས་སྡང་རེས་མོས་འཁོར་བ་སྤྱི་མཐུན་འགྲོ་བའི་ལུས་ཀྱི་རྟེན།།

འཚོ་བའི་རེག་བྱ་མེ་ལོང་ཟླ་བར་གཟུགས་བརྙན་རྒྱུ་སྐར་གྱ་མ་གྱུ།།

དབྱིངས་ཀྱི་དྲ་བའི་ངོས་སུ་དཔྱངས་པའི་སྤྲིན་དཀར་སེམས་ཀྱི་དྭངས་གཙང་ལས།།

མངར་སྐྱུར་རོ་ཡི་བཅུད་ཀྱིས་སྙེམས་པ་པིར་རྣོན་འབྲུག་གི་འཁྱུག་རིས་སོ།།

 

ངེས་དོན་ག་བུར་ཟེགས་མའི་སྦྲང་ཆར་དོན་སྣོན་ལུས་ཀྱི་ཁམས་སུ་བརྟས།།

རྟོགས་སད་གནམ་རུའི་སྟོབས་ཀྱིས་བཀུག་ཅིང་དྲང་དོན་ལམ་བུ་བཞུད་པའི་མདས།།

རྨོངས་མུན་སྟུག་པོ་ཁོང་ན་གནས་པའི་མགྲིན་བཅུའི་གཙུག་ཏོར་འཕྲོག་པའི་ཤུལ།།

དུས་ཀྱི་ལང་ཚོ་ཧ་ཅང་སྨིན་པའི་སི་ཏའི་འདོད་ཡོན་ཁྱེད་ཀྱིས་འཐུངས།།

 

མི་ཁའི་རྦ་རླབས་དུག་གི་རླུང་ནག་མཁའ་ལ་འཕྱོ་བའི་སྟངས་ཀ་ལས།།

འཇིག་རྟེན་ཐ་སྙད་མེ་ཡིས་བསྲེགས་ཀྱང་རུས་ཁྲག་དཔུང་ས་བཙན་སྟོབས་ཀྱིས།།

སེམས་ཁམས་སྟོང་གི་རི་རབ་བསྙིལ་བའི་མཚང་རྒོལ་གནམ་ལྕགས་འཁོར་ལོའི་མཚོན།།

མི་འཇིགས་གདོང་ལྔའི་དབྱིངས་ནས་ལྡིར་བ་གངས་སེང་དཀར་མོའི་གད་རྒྱངས་ཉིད།།

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པིར་སྨྱུག

2010-04-02 རྐ་སར་དགེ་འདུན་དར་རྒྱས། ཀློག་གྲངས། མཆན ཡོད།

པད་མོའི་འཁྲི་ཤིང་ཟླ་བའི་ལུས་ཅན་ལྷོ་ཕྱོགས་རྒྱ་མཚོའི་མཐོངས་ནས་འཛུམ།།

ལྗགས་རྩེའི་ཁུ་བྱུག་ཚིག་གི་གདེངས་ཀར་རིག་བྱེད་སྟོང་གི་རི་མོ་འགྱུ།།

ནང་གི་མཛེས་སྡུག་ཕྱི་རུ་བཀོད་པའི་ཀུན་རྟོག་པིར་གྱི་གར་སྟེགས་ན།།

དྲུག་ཅུའི་སྒྱུ་རྩལ་རང་དབང་བསྒྱུར་བ་ང་ཚོའི་འཇིག་རྟེན་བདག་མོ་ཉིད།།

 

སེམས་ཉིད་ཆགས་སྡང་རེས་མོས་འཁོར་བ་སྤྱི་མཐུན་འགྲོ་བའི་ལུས་ཀྱི་རྟེན།།

འཚོ་བའི་རེག་བྱ་མེ་ལོང་ཟླ་བར་གཟུགས་བརྙན་རྒྱུ་སྐར་གྱ་མ་གྱུ།།

དབྱིངས་ཀྱི་དྲ་བའི་ངོས་སུ་དཔྱངས་པའི་སྤྲིན་དཀར་སེམས་ཀྱི་དྭངས་གཙང་ལས།།

མངར་སྐྱུར་རོ་ཡི་བཅུད་ཀྱིས་སྙེམས་པ་པིར་རྣོན་འབྲུག་གི་འཁྱུག་རིས་སོ།།

 

ངེས་དོན་ག་བུར་ཟེགས་མའི་སྦྲང་ཆར་དོན་སྣོན་ལུས་ཀྱི་ཁམས་སུ་བརྟས།།

རྟོགས་སད་གནམ་རུའི་སྟོབས་ཀྱིས་བཀུག་ཅིང་དྲང་དོན་ལམ་བུ་བཞུད་པའི་མདས།།

རྨོངས་མུན་སྟུག་པོ་ཁོང་ན་གནས་པའི་མགྲིན་བཅུའི་གཙུག་ཏོར་འཕྲོག་པའི་ཤུལ།།

དུས་ཀྱི་ལང་ཚོ་ཧ་ཅང་སྨིན་པའི་སི་ཏའི་འདོད་ཡོན་ཁྱེད་ཀྱིས་འཐུངས།།

 

མི་ཁའི་རྦ་རླབས་དུག་གི་རླུང་ནག་མཁའ་ལ་འཕྱོ་བའི་སྟངས་ཀ་ལས།།

འཇིག་རྟེན་ཐ་སྙད་མེ་ཡིས་བསྲེགས་ཀྱང་རུས་ཁྲག་དཔུང་ས་བཙན་སྟོབས་ཀྱིས།།

སེམས་ཁམས་སྟོང་གི་རི་རབ་བསྙིལ་བའི་མཚང་རྒོལ་གནམ་ལྕགས་འཁོར་ལོའི་མཚོན།།

མི་འཇིགས་གདོང་ལྔའི་དབྱིངས་ནས་ལྡིར་བ་གངས་སེང་དཀར་མོའི་གད་རྒྱངས་ཉིད།།

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།