འགྱོད་གདུང་ཁྱོད་ལ་བཞག་ཡོད།

                                                     བུ་ཆུང་གི་ཚབ་ཏུ་རང་ལ་བྲིས་པ།
སྲེད་པའི་མེ་འོབས་ཀྱི་རྟིང་དུ།།
འདོད་པའི་སྣུམ་ཁུ་ཞིག་བླུགས་ཏེ།།
གང་འདོད་འཐམ་འཁྱུད་ཀྱི་གཞུང་དུ།།
རྣམ་ཤེས་འཁྱམ་པོ་ཞིག་བཅུག་སོང༌།།

འདོད་པའི་ལོངས་སྤྱོད་ཀྱི་སྦུབས་སུ།།
ལས་ངན་རྣམ་ཤེས་ཤིག་འཁོར་སྟེ།།
འཁོར་བའི་དཔྱང་ཐག་གི་ངོས་སུ།།
མྱ་ངན་འཁུན་སྒྲ་ཞིག་བཞག་སོང༌།།


འཇིག་རྟེན་སྣང་བ་ཡི་བར་ནས།།
རྩེད་འདོད་དགའ་མ་ལ་འཁོར་ཞིང༌།།
སྲེད་པའི་མེ་འོད་དུ་བསྡེབས་ཏེ།།
ཚེ་སྲོག་ལྷག་མ་ཞིག་ལས་བྱུང༌།།

འཇིག་རྟེན་དཀར་ངོགས་སུ་འབྱོར་དུས།།
བརྩེ་བའི་དྲོད་ཁོལ་དེ་མ་ཐོབ།།
བུ་ཆུང་བསམ་མེད་ཀྱི་འཚོ་བ།།
སྡུག་གི་མུན་ནག་ཏུ་འདྲེས་སོང༌།།

ཉམ་ཆུང་མི་ལུས་ཞིག་ལས་ན།།
བྱམས་བརྩེའི་རང་མདངས་ཤིག་ལོས་དགོས།།
བུ་ཕྲུག་ཕ་མེད་དུ་གྱུར་བས།།
འཚོ་བའི་བདེ་སྐྱིད་དེ་མ་མཐོང༌།།

ཕ་འཛོམས་མ་འཛོམས་ཀྱི་བུ་ཕྲུག།
སྤྲོ་དགའི་སྣང་བ་ཡིས་བཟི་འདུག།
ཕ་མེད་ཁེར་རྐྱང་དུ་ལུས་པས།།
མཆི་མ་རྐང་སྣེ་ལ་ཟགས་བྱུང༌།།

དྭངས་གསལ་རྣམ་ཤེས་ཀྱི་སྟེང་དུ།།
སྨྲ་བརྗོད་རང་དབང་ཞིག་ཐོབ་ཡོད།།
ཕ་མེད་དྭ་ཕྲུག་ཏུ་ལུས་པས།།
ངག་གི་སྨྲ་བརྗོད་དེ་བོར་སོང༌།།

སྐྱིད་སྐྱིད་བདེ་བདེ་རུ་སྣང་བའི།།
འཚོ་བར་བྲོ་བ་ཞིག་མི་འདུག།
བྱམས་སྐྱོང་མ་ཐོབ་པའི་བུ་ལ།།
སྙིང་རྗེ་སྒོམ་མཁན་ཞིག་མི་འདུག།

ཨ་མའི་ལུས་དྲོད་ཀྱིས་བསྐྱངས་པའི།།
བུ་ཆུང་ལས་ཅན་ཞིག་རེད་འདོད།།
ཨ་ཕ་མཐོང་ས་ན་མེད་པས།།
དཔའ་ཡ་དཔུང་རོགས་ཤིག་མི་འདུག།

ཁ་ཡ་ན་ཟླ་ཚོའི་གྲལ་ནས།།
ཁ་བདེ་ལྕེ་བདེ་ཞིག་མ་འཁྱོངས།།
ལོ་ཆུང་བྱིས་པ་ཚོའི་ཁྲོད་ནས།།
སྤྲོ་དགའི་འཛུམ་མདངས་ཤིག་མ་བསྟན།།

རྒྱུ་འབྱོར་ལོངས་སྤྱིད་ཀྱི་ཕྱོགས་སུ།།
ཧེབ་ཀྱི་རྟ་ཁ་ཞིག་བསྐོར་མེད།།
ཨ་ཕའི་ལུས་དྲོད་ཀྱི་སྣང་བ།།
སེམས་ཀྱི་ལོངས་སྤྱོད་དུ་འདོད་ཡོད།།

ཤེས་རིག་དར་ཆ་ཞིག་མི་དགོས།།
མཐོན་པོའི་གོ་ས་ཞིག་མི་དགོས།།
གསེར་དངུལ་རྒྱན་ཆ་ཞིག་མི་དགོས།།
ཕ་མའི་བྱམས་བརྩེ་ཞིག་འཐོབ་དགོས།།
༢༠༡༠ལོའི་ཟླ་གསུམ་པའི་ཚེས༢༥ཉིན་གུང་སློབ་མའི་མལ་ཁང་དུ་ད་ལྟའི་བུ་ཆུང་གི་རྣམ་པར་བལྟས་ཏེ་འགྱོད་གདུང་དྲག་པོ་ཞིག་དང་མཉམ་དུ་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱོད་གདུང་ཁྱོད་ལ་བཞག་ཡོད།

2010-03-28 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

                                                     བུ་ཆུང་གི་ཚབ་ཏུ་རང་ལ་བྲིས་པ།
སྲེད་པའི་མེ་འོབས་ཀྱི་རྟིང་དུ།།
འདོད་པའི་སྣུམ་ཁུ་ཞིག་བླུགས་ཏེ།།
གང་འདོད་འཐམ་འཁྱུད་ཀྱི་གཞུང་དུ།།
རྣམ་ཤེས་འཁྱམ་པོ་ཞིག་བཅུག་སོང༌།།

འདོད་པའི་ལོངས་སྤྱོད་ཀྱི་སྦུབས་སུ།།
ལས་ངན་རྣམ་ཤེས་ཤིག་འཁོར་སྟེ།།
འཁོར་བའི་དཔྱང་ཐག་གི་ངོས་སུ།།
མྱ་ངན་འཁུན་སྒྲ་ཞིག་བཞག་སོང༌།།


འཇིག་རྟེན་སྣང་བ་ཡི་བར་ནས།།
རྩེད་འདོད་དགའ་མ་ལ་འཁོར་ཞིང༌།།
སྲེད་པའི་མེ་འོད་དུ་བསྡེབས་ཏེ།།
ཚེ་སྲོག་ལྷག་མ་ཞིག་ལས་བྱུང༌།།

འཇིག་རྟེན་དཀར་ངོགས་སུ་འབྱོར་དུས།།
བརྩེ་བའི་དྲོད་ཁོལ་དེ་མ་ཐོབ།།
བུ་ཆུང་བསམ་མེད་ཀྱི་འཚོ་བ།།
སྡུག་གི་མུན་ནག་ཏུ་འདྲེས་སོང༌།།

ཉམ་ཆུང་མི་ལུས་ཞིག་ལས་ན།།
བྱམས་བརྩེའི་རང་མདངས་ཤིག་ལོས་དགོས།།
བུ་ཕྲུག་ཕ་མེད་དུ་གྱུར་བས།།
འཚོ་བའི་བདེ་སྐྱིད་དེ་མ་མཐོང༌།།

ཕ་འཛོམས་མ་འཛོམས་ཀྱི་བུ་ཕྲུག།
སྤྲོ་དགའི་སྣང་བ་ཡིས་བཟི་འདུག།
ཕ་མེད་ཁེར་རྐྱང་དུ་ལུས་པས།།
མཆི་མ་རྐང་སྣེ་ལ་ཟགས་བྱུང༌།།

དྭངས་གསལ་རྣམ་ཤེས་ཀྱི་སྟེང་དུ།།
སྨྲ་བརྗོད་རང་དབང་ཞིག་ཐོབ་ཡོད།།
ཕ་མེད་དྭ་ཕྲུག་ཏུ་ལུས་པས།།
ངག་གི་སྨྲ་བརྗོད་དེ་བོར་སོང༌།།

སྐྱིད་སྐྱིད་བདེ་བདེ་རུ་སྣང་བའི།།
འཚོ་བར་བྲོ་བ་ཞིག་མི་འདུག།
བྱམས་སྐྱོང་མ་ཐོབ་པའི་བུ་ལ།།
སྙིང་རྗེ་སྒོམ་མཁན་ཞིག་མི་འདུག།

ཨ་མའི་ལུས་དྲོད་ཀྱིས་བསྐྱངས་པའི།།
བུ་ཆུང་ལས་ཅན་ཞིག་རེད་འདོད།།
ཨ་ཕ་མཐོང་ས་ན་མེད་པས།།
དཔའ་ཡ་དཔུང་རོགས་ཤིག་མི་འདུག།

ཁ་ཡ་ན་ཟླ་ཚོའི་གྲལ་ནས།།
ཁ་བདེ་ལྕེ་བདེ་ཞིག་མ་འཁྱོངས།།
ལོ་ཆུང་བྱིས་པ་ཚོའི་ཁྲོད་ནས།།
སྤྲོ་དགའི་འཛུམ་མདངས་ཤིག་མ་བསྟན།།

རྒྱུ་འབྱོར་ལོངས་སྤྱིད་ཀྱི་ཕྱོགས་སུ།།
ཧེབ་ཀྱི་རྟ་ཁ་ཞིག་བསྐོར་མེད།།
ཨ་ཕའི་ལུས་དྲོད་ཀྱི་སྣང་བ།།
སེམས་ཀྱི་ལོངས་སྤྱོད་དུ་འདོད་ཡོད།།

ཤེས་རིག་དར་ཆ་ཞིག་མི་དགོས།།
མཐོན་པོའི་གོ་ས་ཞིག་མི་དགོས།།
གསེར་དངུལ་རྒྱན་ཆ་ཞིག་མི་དགོས།།
ཕ་མའི་བྱམས་བརྩེ་ཞིག་འཐོབ་དགོས།།
༢༠༡༠ལོའི་ཟླ་གསུམ་པའི་ཚེས༢༥ཉིན་གུང་སློབ་མའི་མལ་ཁང་དུ་ད་ལྟའི་བུ་ཆུང་གི་རྣམ་པར་བལྟས་ཏེ་འགྱོད་གདུང་དྲག་པོ་ཞིག་དང་མཉམ་དུ་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།