བཙོན་མའི་གླུ།

ལྕགས་རི་མཐོན་པོ་དགུང་དུ་ཟུག་པས་གཡུ་མདོག་ནམ་མཁའ་མེ་ལོང་འདྲ།།

སྒེའུ་ཁུང་ཆུང་ཆུང་ལྕགས་མདོང་བསྟར་བས་གཟེབ་ཏུ་ཚུད་པའི་བྱེའུ་ཆུང་འདྲ།།

སྒོ་ལྕགས་སྲ་མོ་དམ་དུ་བཅིངས་པས་མི་གཙང་སྒམ་དུ་འཚོ་བ་འདྲ།།

རྡོ་འཁྱག་གོར་མོའི་སྟེང་དུ་ཉལ་བས་རྒྱུན་དུ་ཆམ་ནད་བྱུང་བ་འདྲ།།

 

རླངས་བཙོས་གོར་རྡོག་རེ་རེ་ཟོས་ནས་ཐུན་གཅིག་ལྟོ་བ་འགྲངས་ཐབས་བྱེད།།

རས་རྐྱང་ཁུག་གི་དྲོད་ཙམ་བརྟེན་ནས་མཚན་ཐུན་རིང་མོ་སྐྱེལ་ཐབས་བྱེད།།

སྔར་བྱས་དོན་རྣམས་ཕྱིར་དྲན་བྱེད་བཞིན་ཉི་མ་དལ་མོ་འགྲོ་ཐབས་བྱེད།།

གཅིན་སྐྱག་ཟེའུ་སྔས་འགོར་བཟུང་ནས་དྲི་ངན་སྣོམ་བཞིན་སྡོད་ཐབས་བྱེད།།

 

གཉེན་ཉེ་མཛུམ་མདངས་ཡིད་ལ་དྲན་དུས་མཆི་མའི་དོག་པ་ཁྲོམ་ཁྲོམ་འཐོར།།

མཛའ་བཤེས་ཚོགས་ཀྱི་ཁྲེལ་གཞུང་བསམ་ཚེ་སྐྱོ་བའི་ཤུགས་རིང་ནར་ནར་འབྱིན།།

སྣུམ་ལྡན་ལུག་ཤ་ཚོན་པོ་འདོད་སྐབས་མཆིལ་མ་སྐྱུར་བོ་ཁ་རུ་འཁྱིལ།།

དྲོད་འཇམ་ཚ་རུ་ཡིད་ལ་འཁོར་ཚེ་ཁོང་འདར་ཡང་ཡང་ལུས་ལ་འབབ།།

 

ཕྱི་ནས་ངར་སྐད་བཙན་པོ་ཐོས་ཚེ་ནང་ནས་བྲེད་ཤ་བར་མེད་ལངས།།

ཕྱི་ནས་གོར་རྡོག་གཅིག་རེ་སྤྲད་ཚེ་ནང་ནས་དགའ་བ་དཔག་མེད་རྒྱས།།

ཕྱི་ནས་ལྡོག་འོད་ཕྲ་མོ་འཕྲོས་ཚེ་ནང་ནས་བདེ་བ་ཚད་མེད་མྱོང་།།

ཕྱི་ནས་མུན་པ་དྲག་པོ་འཐིབ་ཚེ་ནང་ནས་ལོ་ཟླའི་སྡུག་བསྔལ་མཐོང་།།

 

 

རྩོམ་ཁུངས། མེ་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཙོན་མའི་གླུ།

2010-03-28 ཨ་འཇམ། ཀློག་གྲངས། མཆན ཡོད།

ལྕགས་རི་མཐོན་པོ་དགུང་དུ་ཟུག་པས་གཡུ་མདོག་ནམ་མཁའ་མེ་ལོང་འདྲ།།

སྒེའུ་ཁུང་ཆུང་ཆུང་ལྕགས་མདོང་བསྟར་བས་གཟེབ་ཏུ་ཚུད་པའི་བྱེའུ་ཆུང་འདྲ།།

སྒོ་ལྕགས་སྲ་མོ་དམ་དུ་བཅིངས་པས་མི་གཙང་སྒམ་དུ་འཚོ་བ་འདྲ།།

རྡོ་འཁྱག་གོར་མོའི་སྟེང་དུ་ཉལ་བས་རྒྱུན་དུ་ཆམ་ནད་བྱུང་བ་འདྲ།།

 

རླངས་བཙོས་གོར་རྡོག་རེ་རེ་ཟོས་ནས་ཐུན་གཅིག་ལྟོ་བ་འགྲངས་ཐབས་བྱེད།།

རས་རྐྱང་ཁུག་གི་དྲོད་ཙམ་བརྟེན་ནས་མཚན་ཐུན་རིང་མོ་སྐྱེལ་ཐབས་བྱེད།།

སྔར་བྱས་དོན་རྣམས་ཕྱིར་དྲན་བྱེད་བཞིན་ཉི་མ་དལ་མོ་འགྲོ་ཐབས་བྱེད།།

གཅིན་སྐྱག་ཟེའུ་སྔས་འགོར་བཟུང་ནས་དྲི་ངན་སྣོམ་བཞིན་སྡོད་ཐབས་བྱེད།།

 

གཉེན་ཉེ་མཛུམ་མདངས་ཡིད་ལ་དྲན་དུས་མཆི་མའི་དོག་པ་ཁྲོམ་ཁྲོམ་འཐོར།།

མཛའ་བཤེས་ཚོགས་ཀྱི་ཁྲེལ་གཞུང་བསམ་ཚེ་སྐྱོ་བའི་ཤུགས་རིང་ནར་ནར་འབྱིན།།

སྣུམ་ལྡན་ལུག་ཤ་ཚོན་པོ་འདོད་སྐབས་མཆིལ་མ་སྐྱུར་བོ་ཁ་རུ་འཁྱིལ།།

དྲོད་འཇམ་ཚ་རུ་ཡིད་ལ་འཁོར་ཚེ་ཁོང་འདར་ཡང་ཡང་ལུས་ལ་འབབ།།

 

ཕྱི་ནས་ངར་སྐད་བཙན་པོ་ཐོས་ཚེ་ནང་ནས་བྲེད་ཤ་བར་མེད་ལངས།།

ཕྱི་ནས་གོར་རྡོག་གཅིག་རེ་སྤྲད་ཚེ་ནང་ནས་དགའ་བ་དཔག་མེད་རྒྱས།།

ཕྱི་ནས་ལྡོག་འོད་ཕྲ་མོ་འཕྲོས་ཚེ་ནང་ནས་བདེ་བ་ཚད་མེད་མྱོང་།།

ཕྱི་ནས་མུན་པ་དྲག་པོ་འཐིབ་ཚེ་ནང་ནས་ལོ་ཟླའི་སྡུག་བསྔལ་མཐོང་།།

 

 

རྩོམ་ཁུངས། མེ་དེབ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།