རབ་དཀར་དུང་གི་བུ་མོ་སྙིང་སྡུག་མ།

དོར་ཞི་གདོང་དྲུག་སྙེམ་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-11

མི་ཕྱེད་མཛའ་མདུད་སྲོག་ལ་བཏབ་པའི་སྙིང་སྡུག་སྒེག་མོ་སྙིང་གི་བཅུད།།

བཅུད་ལྡན་གནས་ན་ཁྱོད་འདྲ་ཡོད་ན་མིག་སྟོང་ཅིའི་ཕྱིར་ཁྱོད་ལ་འཁོར།།

འཁོར་བར་བརྟན་པའི་དངོས་པོ་མེད་ཀྱང་ཁྱོད་ཉིད་གཞོན་པའི་ལང་ཚོ་བརྟན།།

བརྟན་གཡོ་དངོས་ཀུན་ཁོ་བོར་བྱིན་ཡང་ཁྱོད་དང་བརྗེ་བའི་རེ་བ་ཕྲ།།

རབ་དཀར་མཛུམ་མདངས་ཁོང་ནས་གྲོལ་བས་ཕྱག་སྟོང་གཡོ་བ་སྙིང་རྗེའི་ལྷ།།

ཉི་གཞོན་འཆར་ཁའི་མདངས་ཀྱིས་རེག་ཚེ་ལི་ཁྲིའི་དཔལ་འཕྲོག་མཁྱེན་པའི་གཏེར།།

སྐབས་འགར་དུད་སྤྲིན་མཐའ་ནས་བསྐོར་ཚེ་སྨིན་མ་བསྡུས་པའི་གློག་གི་གར།།

ལྷ་མིན་གྲོང་ཁྱེར་ཡོམ་ཡོམ་འདར་བས་ལྕང་ལོ་ཅན་གྱི་བདག་པོ་དངོས།།

མཐོ་འབུར་བྲང་གི་ལྷུན་སྟུག་གམ་དུ་འབར་འབུར་སྙེམས་འཆང་ས་འཛིན་རིགས།།

མི་སྡུག་རྒན་མོའི་གནས་སུ་བཀོད་པས་ངོ་ཚས་ས་ཡི་འོག་ཏུ་འཛུམ།།

ཁྱོད་ཀྱི་མྱོས་བུམ་སྤོ་མཐོའི་རྩེ་ལ་ལག་སོར་འགོད་པའང་མཐོ་རིས་ཀྱི།།

བདེ་བའི་རྩེར་རློམ་གླིང་བཞིའི་ཆགས་ལྡན་འགྲན་རྩོད་བུང་བུའི་འདུ་འགོད་བྲེལ།།

སྤྲིན་དཀར་ཁྱོད་ཀྱི་དཔུང་བར་འཁྱུད་ཕྱིར་འོ་མའི་རྒྱ་མཚོར་ལན་བརྒྱར་བཀྲུས།།

ཉི་ཟླས་མཁུར་ཚོས་ཟིལ་མངར་འཇིབ་ཕྱིར་རྣ་ལུང་ཟོལ་གྱིས་ཕྲག་པར་འཁོར།།

གཟའ་སྐར་བྲང་གི་རྒུན་ཆང་ལ་ཆགས་མུ་ཏིག་དོ་ཤལ་གསལ་འཚེར་སྤྲུལ།།

བསུང་ཞིམ་འཐུལ་བའི་མཛེས་སྡུག་ལན་བུར་དབང་གཞུ་འཁྱོག་པོས་དམ་པོར་འཁྲིལ།།

མར་གད་སྐུད་པས་འཐགས་པའི་ཤམ་ཐབས་ཆུ་གཉེར་བདས་པའི་རླབས་ཕྲེང་ཅན།།

དྲི་བཞོན་ལག་པས་ཕྱོགས་མཐར་བརྐྱངས་པས་གཡུ་ལོ་བཀོད་པའི་བདག་མོར་འགྲན།།

སྨིན་ལེགས་ཁྱོད་དང་མཚར་སྡུག་འགྲན་འདོད་འཆི་མེད་བུ་མོ་སྟོང་ཕྲག་བརྒྱ།།

མདངས་མཛེས་མེ་ཏོག་གཟུགས་སུ་སར་འཕོས་སུམ་རྩེན་གནས་ཀྱང་སྟོངས་པར་དོགས།།

ཐོར་ཅོག་ནམ་མཁའི་དབྱིངས་སུ་ལྡེམ་པས་རྒྱུ་སྐར་ཚོགས་རྣམས་ལམ་གཞན་འཚོལ།།

བྱེེ་ཌྰུརྱ་དར་དཔྱངས་རླུང་གིས་འཕྲོགས་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ལ་རྒྱུག།

ཁྱོད་ཀྱི་ལུས་ཀྱི་དྲི་བཟང་བརྐུས་ནས་ཤག་ཤག་འབྲོས་པའི་གངྒྰ་མ།།

ལྷོ་མཐའ་ཡངས་པའི་ལྗོངས་ལ་གནས་པའི་བྲམ་ཟེ་རིགས་ཀྱིས་སྤྱི་བོས་མཆོད།།

ཁྱོད་ཀྱི་གློ་སྙིང་མེ་ཡི་རང་བཞིན་མིག་ཆུའང་ཚ་སྲེག་མེ་ལྕེ་མཆེད།།

རུས་པ་ཞོ་འཐུང་རྒྱུད་ལས་འཁྲུངས་པས་དུས་མཐའི་རླུང་གིས་གཞིག་མི་ནུས།།

ཁྲག་ཀྱང་འོད་དཀར་འཁྱིལ་བའི་རང་བཞིན་མཚན་གྱི་སྒྲོན་མེ་བཞིན་དུ་གསལ།།

བློ་ཁོག་རྒྱ་ཆེན་ནམ་མཁའི་རང་བཞིན་མི་ཤོང་མི་བཟོད་དངོས་པོ་གང་།།

ས་འོག་མུན་སེལ་རིན་ཆེན་གདུ་བུ་འཇིག་རྟེན་རྒུད་པའི་གདུང་བ་འཇོམས།།

འདོད་རྒུའི་ཆར་འབེབས་འོད་ལྡན་གཙུག་གཡུ་སྐྲ་སེར་མིག་ནག་ཁེངས་པ་བསྙིལ།།

ཡིད་འཕྲོག་ཟུར་མིག་ཨུཏྥལ་ལྕགས་ཀྱུས་གླིང་བཞིའི་ཤེས་ལྡན་རྣམ་ཤེས་བཀུག།

མཚན་སྙན་གསེར་མེ་རྒྱ་མཚོའི་ཕར་འགྲན་འཁོར་སྒྱུར་དག་གི་སྙན་ལ་འཁྱུད།།

ཁྱོད་ནི་འོད་སྟོང་འབར་བའི་རླབས་ཞིན་གྲང་ངར་བདེ་དྲོད་རེག་བྱར་སྒྱུར།།

ཁྱོད་ནི་དྭངས་བསིལ་ཉལ་འགྲོའི་རྒྱུན་བཞིན་བཤུལ་རིང་ལམ་གྱི་ངལ་དུབ་སེལ།།

ཁྱོད་ནི་དྲི་ཞིམ་མེ་ཏོག་ཇི་བཞིན་ཡིད་ཀྱི་ལྡུམ་རའི་དཔྱིད་དཔལ་འཛིན།།

ཁྱོད་ནི་དྲི་ཟའི་དབྱངས་སྙན་ཇི་བཞིན་ལྷོད་གྲོལ་དགའ་བདེ་རོ་མཆོག་སྟེར།།

དུང་དུང་སྙིང་ནས་བརྗེད་པར་དཀའ་བ་དུང་གི་བུ་མོ་སྙིང་སྡུག་མ།།

འཛུམ་འཛུམ་རྒོད་པའི་ཡིད་ཀྱི་འདབ་བརྒྱར་འཛུམ་མེར་སྦྲང་རྩིའི་ཐིགས་པ་འཁྱིལ།།

གསལ་གསལ་ཏིང་འཛིན་ཐག་པས་དགུ་བསྒྲིལ་གསལ་ངར་ཤོར་དོགས་དྲན་ཤེས་མིག།།

ཟིམ་ཟིམ་གཡོ་མེད་བྱ་ར་བྱེད་ཅིང་ཟིམ་མེས་དུས་ཀུན་ཁྱོད་ལ་བལྟ།།

རྩོམ་ཁུངས། དོར་ཞིའི་གསུང་རྩོམ་ཐོར་བུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རབ་དཀར་དུང་གི་བུ་མོ་སྙིང་སྡུག་མ།

2010-03-11 དོར་ཞི་གདོང་དྲུག་སྙེམ་བློ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།