འདི་བདེན་ནམ།

ཀཿཐོག་སྤྲུལ་སྐུ་པདྨ་དབང་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-07

དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།།

རྩ་བའི་བླ་མ་རྣམས་གསུམ་དེ་མཁྱེན་ནོ།།

བདེ་མེད་འཁོར་བའི་བཙོན་ར་འདི་གཏོར་ནས།།

རྣམ་གྲོལ་གདོད་མའི་རྒྱལ་ས་ལ་སྐྱོལ་ཅིག།

 

ད་ལྟ་བདག་གི་མིག་ལམ་ལ་སྣང་བའི།།

ཚུལ་མིན་འགྲོ་བའི་བྱ་སྤྱོད་དེ་མཐོང་ཚེ།།

འདི་མིན་ཞིང་ཁམས་གཞན་དག་ལ་སྐྱེ་བའི།།

སྨོན་པ་དྲག་པོ་འདེབས་རན་ལ་སླེབས་འདུག།

 

བླ་མ་རྣམས་ཀྱིས་དམ་ཆོས་དེ་བཙོང་ནས།།

བརྗིད་ལྡན་ལྷ་ཁང་བརྩེགས་ཐབས་ལ་འབད་འདུག།

དག་པའི་ཞིང་ལ་ལྷ་ཁང་གིས་ཕོངས་ནས།།

འཇིག་རྟེན་འདི་རུ་སྐུ་སྐྱེ་རུ་ཕེབས་སམ།།

 

དགེ་འདུན་རྣམས་ཀྱིས་རྟེན་རྙིང་དག་བཙོང་སྟེ།།

བཟོ་གྲྭ་མགྲོན་ཁང་རྒྱག་རྒྱུ་དེ་བསྒོམ་འདུག།

ལྷར་བཅས་སྟོན་པ་ཟས་གཙང་གི་སྲས་པོས།།

བསླབ་སྡོམ་བཅའ་ཁྲིམས་འདི་འདྲ་ཞིག་མཛད་དམ།།

 

ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལྡན་གྱི་དགེ་སྤྱོང་།།

གྲྭ་ཆུང་རྣམས་ཀྱི་བརླ་ཤ་དེ་མ་རྩོད།།

ལྷག་མ་དང་པོ་ཉིན་བཞིན་བྱུང་ན།།

ཚུལ་ལྡན་དགེ་སྤྱོང་མིང་ཙམ་ལས་ཅི་ཡོད།།

 

གོས་དཀར་ལྕང་ལོ་ཤིགས་ཤིག་ཏུ་གཡོ་བའི།།

སྔགས་པ་རྣམས་ཀྱི་ཁ་ཕོ་དེ་མ་སྔ།།

ན་ཆུང་སྙིང་རྩ་འགུག་ནུས་ཙམ་མེད་པའི།།

མངོན་སྤྱོད་བྱ་བ་ཅི་འདྲ་ཞིག་ཡིན་འོང་།།

 

མཛེས་མ་འགའ་རེས་ལྟོ་གོས་ཀྱི་ཆེད་དུ།།

ཉིན་མཚན་མེད་པར་སྒེག་ཉམས་ཤིག་བཏོད་དེ།།

རྒྱུན་ཆད་མེད་པར་རྐུར་ཚོང་ལ་འབད་འདུག།

མཛང་མའི་བྱ་བ་འདི་འདྲ་ཞིག་ཡིན་ནམ།།

 

སྐྱེས་པ་འགའ་ཞིག་ཤྭ་ཁང་དུ་སོང་ནས།།

གཅེས་པའི་བུ་དང་ཆུང་མ་བཅས་ཤོར་དེ།།

ཆང་སྐྱུར་འཐུང་ཞིང་མལ་ས་ན་བརྒྱལ་འདུག།

ཡ་རབས་ཕོ་རྒོད་བྱ་བ་དེ་ཡིན་ནམ།།

 

ཁ་ཡག་ཞེ་རྩུབ་རོང་འཚམས་ཀྱི་སློབ་མས།།

བླ་མ་དགོངས་པ་ནམ་རྫོགས་ལ་སྒུག་ནས།།

བླ་མའི་ཕྱག་རྒྱ་ཐོབ་ཐབས་ལ་འབད་པ།།

གསང་སྔགས་སློབ་དཔོན་བསྟེན་ཚུལ་དང་མཐུན་ནམ།།

 

མགོ་རིལ་གྲྭ་བས་མགོ་རིལ་གྱི་ཨ་ནེ།།

ངོ་ཤེས་མེད་པའི་གྲོང་གསེབ་ཏུ་ཁྲིད་ནས།།

ཁྱིམ་པ་ཕོ་མོའི་སྤྱོད་པ་དེ་སྐྱོང་གི།

བཙུན་པའི་མཛད་པ་འདི་འདྲ་ཞིག་ཡིན་ནམ།།

 

གྲྭ་བའི་ཕྱག་ན་བུ་གསོད་ཀྱི་སྨན་རྫས།།

ཨ་ནེའི་རུམ་ན་ཕྱི་རྒྱལ་གྱི་མཇེ་ཚབ།།

ཀུན་གྱི་རྒྱབ་ན་ཆོས་གོས་དང་རྣམ་སྤྱར།།

ཤྰཀྱའི་རྗེས་འཇུག་འདི་འདྲ་ཞིག་ཡིན་ནམ།།

 

དད་འདུན་ཡོད་ཅེས་རང་སྟོད་ལ་བྲེལ་བའི།།

སྤྱིན་བདག་སྐྱེ་བོས་དཀར་སེར་གྱི་སྡེ་གཉིས།།

དབྱེ་བ་མི་ཤེས་སྐུར་འདེབས་ཀྱིས་སྨོད་པ།།

སྐྱབས་འགྲོའི་བསླབ་སྡོམ་ཤེས་པ་དེ་ཡིན་ནམ།།

 

སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་ལྡན།།

དམ་པའི་ཚུལ་ཅན་འདི་འདྲ་ཞིག་མ་ལགས།།

རྒྱ་བལ་གྲྭ་སྨྱོན་འགའ་ཞིག་གི་སྤྱོད་པ།།

སྨྲས་པ་ཡིན་གྱིས་ཐམས་ཅད་ལ་མ་ཡིན།།

 

མུར་སྨྱོན་གཏམ་འདི་རྒྱ་ཁབ་དང་འདྲ་བས།།

སྐྱོན་ལྡན་ཞིག་གི་མིག་ནང་ལ་འཛེར་སྲིད།།

མཁས་པ་འགའ་ཞིག་ཐུགས་ཕམ་ཡང་བཟོ་སྲིད།།

སྐྱེ་བོ་འགའ་རེ་བཞག་གད་ཡང་སློང་སྲིད།།

 

སྨྲས་པའི་གཏམ་འདི་ངག་འཆལ་དུ་སྲིད་ན།།

སྟོབས་བཞིའི་སྒོ་ནས་བླ་མ་ལྷར་བཤགས་སོ།།

སྐྱོན་ལྡན་རེ་ཟུང་ལོག་ལམ་ལས་ལྡོག་ན།།

དེ་ཡི་དགེ་བ་འགྲོ་ཀུན་ལ་ཐོབ་ཤོག།

 

རྩོམ་ཁུངས། ཀཿཐོག་སྤྲུལ་སྐུ་པདྨ་དབང་ཆེན་གྱི་སྙན་རྩོམ་ཐོར་བུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་བདེན་ནམ།

2010-03-07 ཀཿཐོག་སྤྲུལ་སྐུ་པདྨ་དབང་ཆེན། ཀློག་གྲངས། མཆན ཡོད།

དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།།

རྩ་བའི་བླ་མ་རྣམས་གསུམ་དེ་མཁྱེན་ནོ།།

བདེ་མེད་འཁོར་བའི་བཙོན་ར་འདི་གཏོར་ནས།།

རྣམ་གྲོལ་གདོད་མའི་རྒྱལ་ས་ལ་སྐྱོལ་ཅིག།

 

ད་ལྟ་བདག་གི་མིག་ལམ་ལ་སྣང་བའི།།

ཚུལ་མིན་འགྲོ་བའི་བྱ་སྤྱོད་དེ་མཐོང་ཚེ།།

འདི་མིན་ཞིང་ཁམས་གཞན་དག་ལ་སྐྱེ་བའི།།

སྨོན་པ་དྲག་པོ་འདེབས་རན་ལ་སླེབས་འདུག།

 

བླ་མ་རྣམས་ཀྱིས་དམ་ཆོས་དེ་བཙོང་ནས།།

བརྗིད་ལྡན་ལྷ་ཁང་བརྩེགས་ཐབས་ལ་འབད་འདུག།

དག་པའི་ཞིང་ལ་ལྷ་ཁང་གིས་ཕོངས་ནས།།

འཇིག་རྟེན་འདི་རུ་སྐུ་སྐྱེ་རུ་ཕེབས་སམ།།

 

དགེ་འདུན་རྣམས་ཀྱིས་རྟེན་རྙིང་དག་བཙོང་སྟེ།།

བཟོ་གྲྭ་མགྲོན་ཁང་རྒྱག་རྒྱུ་དེ་བསྒོམ་འདུག།

ལྷར་བཅས་སྟོན་པ་ཟས་གཙང་གི་སྲས་པོས།།

བསླབ་སྡོམ་བཅའ་ཁྲིམས་འདི་འདྲ་ཞིག་མཛད་དམ།།

 

ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལྡན་གྱི་དགེ་སྤྱོང་།།

གྲྭ་ཆུང་རྣམས་ཀྱི་བརླ་ཤ་དེ་མ་རྩོད།།

ལྷག་མ་དང་པོ་ཉིན་བཞིན་བྱུང་ན།།

ཚུལ་ལྡན་དགེ་སྤྱོང་མིང་ཙམ་ལས་ཅི་ཡོད།།

 

གོས་དཀར་ལྕང་ལོ་ཤིགས་ཤིག་ཏུ་གཡོ་བའི།།

སྔགས་པ་རྣམས་ཀྱི་ཁ་ཕོ་དེ་མ་སྔ།།

ན་ཆུང་སྙིང་རྩ་འགུག་ནུས་ཙམ་མེད་པའི།།

མངོན་སྤྱོད་བྱ་བ་ཅི་འདྲ་ཞིག་ཡིན་འོང་།།

 

མཛེས་མ་འགའ་རེས་ལྟོ་གོས་ཀྱི་ཆེད་དུ།།

ཉིན་མཚན་མེད་པར་སྒེག་ཉམས་ཤིག་བཏོད་དེ།།

རྒྱུན་ཆད་མེད་པར་རྐུར་ཚོང་ལ་འབད་འདུག།

མཛང་མའི་བྱ་བ་འདི་འདྲ་ཞིག་ཡིན་ནམ།།

 

སྐྱེས་པ་འགའ་ཞིག་ཤྭ་ཁང་དུ་སོང་ནས།།

གཅེས་པའི་བུ་དང་ཆུང་མ་བཅས་ཤོར་དེ།།

ཆང་སྐྱུར་འཐུང་ཞིང་མལ་ས་ན་བརྒྱལ་འདུག།

ཡ་རབས་ཕོ་རྒོད་བྱ་བ་དེ་ཡིན་ནམ།།

 

ཁ་ཡག་ཞེ་རྩུབ་རོང་འཚམས་ཀྱི་སློབ་མས།།

བླ་མ་དགོངས་པ་ནམ་རྫོགས་ལ་སྒུག་ནས།།

བླ་མའི་ཕྱག་རྒྱ་ཐོབ་ཐབས་ལ་འབད་པ།།

གསང་སྔགས་སློབ་དཔོན་བསྟེན་ཚུལ་དང་མཐུན་ནམ།།

 

མགོ་རིལ་གྲྭ་བས་མགོ་རིལ་གྱི་ཨ་ནེ།།

ངོ་ཤེས་མེད་པའི་གྲོང་གསེབ་ཏུ་ཁྲིད་ནས།།

ཁྱིམ་པ་ཕོ་མོའི་སྤྱོད་པ་དེ་སྐྱོང་གི།

བཙུན་པའི་མཛད་པ་འདི་འདྲ་ཞིག་ཡིན་ནམ།།

 

གྲྭ་བའི་ཕྱག་ན་བུ་གསོད་ཀྱི་སྨན་རྫས།།

ཨ་ནེའི་རུམ་ན་ཕྱི་རྒྱལ་གྱི་མཇེ་ཚབ།།

ཀུན་གྱི་རྒྱབ་ན་ཆོས་གོས་དང་རྣམ་སྤྱར།།

ཤྰཀྱའི་རྗེས་འཇུག་འདི་འདྲ་ཞིག་ཡིན་ནམ།།

 

དད་འདུན་ཡོད་ཅེས་རང་སྟོད་ལ་བྲེལ་བའི།།

སྤྱིན་བདག་སྐྱེ་བོས་དཀར་སེར་གྱི་སྡེ་གཉིས།།

དབྱེ་བ་མི་ཤེས་སྐུར་འདེབས་ཀྱིས་སྨོད་པ།།

སྐྱབས་འགྲོའི་བསླབ་སྡོམ་ཤེས་པ་དེ་ཡིན་ནམ།།

 

སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་ལྡན།།

དམ་པའི་ཚུལ་ཅན་འདི་འདྲ་ཞིག་མ་ལགས།།

རྒྱ་བལ་གྲྭ་སྨྱོན་འགའ་ཞིག་གི་སྤྱོད་པ།།

སྨྲས་པ་ཡིན་གྱིས་ཐམས་ཅད་ལ་མ་ཡིན།།

 

མུར་སྨྱོན་གཏམ་འདི་རྒྱ་ཁབ་དང་འདྲ་བས།།

སྐྱོན་ལྡན་ཞིག་གི་མིག་ནང་ལ་འཛེར་སྲིད།།

མཁས་པ་འགའ་ཞིག་ཐུགས་ཕམ་ཡང་བཟོ་སྲིད།།

སྐྱེ་བོ་འགའ་རེ་བཞག་གད་ཡང་སློང་སྲིད།།

 

སྨྲས་པའི་གཏམ་འདི་ངག་འཆལ་དུ་སྲིད་ན།།

སྟོབས་བཞིའི་སྒོ་ནས་བླ་མ་ལྷར་བཤགས་སོ།།

སྐྱོན་ལྡན་རེ་ཟུང་ལོག་ལམ་ལས་ལྡོག་ན།།

དེ་ཡི་དགེ་བ་འགྲོ་ཀུན་ལ་ཐོབ་ཤོག།

 

རྩོམ་ཁུངས། ཀཿཐོག་སྤྲུལ་སྐུ་པདྨ་དབང་ཆེན་གྱི་སྙན་རྩོམ་ཐོར་བུ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།