སྙན་ཚིག་ངང་བའི་རོལ་རྩེད།

བསེ་ཚང་བློ་བཟང་དཔལ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-02-28

                                            དབང་སྔོན་མདངས་ཀྱིས་མཛེས་པའི་ཆུ་གཏེར་མ། །
        དགྱེས་པའི་རླབས་ཕྲེང་གཡོ་བའི་འཛུམ་གྲོལ་ནས། །
        བཀོད་ལེཊ་ངོ་མཚར་སྣང་བའི་འཛུཊ་སྐྲུན་འབུམ། །
        གསེར་ལྡན་ལྟོ་བར་བཞད་པའི་ལྗོངས་འདིར་བསྔཊ།།
        ལྔ་རིག་ཡོན་ཏན་སྣང་བའི་འོད་པོ་ཆེ། །
        ཆེན་པོའི་རྣམ་དཔྱོད་རྩལ་དགུའི་དྲི་བཞོན་མཆོག །
        མཆོག་ཏུ་འཁྲུགས་པའི་བསིལ་ལྡན་ཁ་བའི་རིས། །
        རི་བོའི་མུ་ཁྱུད་བཀོད་པའི་དགུང་དུ་དྲངས། །
        འོན་ཀྱང་བློ་ངན་ངན་པའི་བདུད་བཞི་ཡི། །
        བསམ་སྦྱོར་ངན་གཡོ་གཡོ་བའི་སྤྲིན་ནག་གིས། །
        ལྔ་རིག་སྣང་གསལ་གསལ་བའི་འོད་ཀྱི་རླབས། །
        རེ་ཞིག་འགོག་དམ་དམ་པོར་བསྒྲིབས་པ་སྐྱོ། །
        སླར་ཡང་མར་ལེ་ལུགས་བཟང་ཆུ་ཤེལ་མདངས། །
        གསར་བ་འཛུམ་པའི་རླབས་ཀྱི་རྩེ་དགའ་ཡིས། །
        གདོང་དམར་རིགས་ཀྱི་ཀུ་མུད་མཛེས་དགའི་ཚལ། །
        གྲོལ་བས་རིག་བྱེད་མངར་བའི་གཏེར་རྒྱ་སྨིན། །
        གངས་ཅན་རིག་པའི་ཡོན་ཏན་རྩལ། །
        གང་དག་རྫོགས་པའི་འཕྲོག་བྱེད་དབང༌། །
        གངས་ཅན་རི་བོའི་རྩེར་འགྱིང་བ། །
        གང་དག་ཕྱོགས་འདིར་ལྷན་འདུས་ནས། །
        བློ་ལྡན་མཁས་པའི་གཞུང་ལུགས་ཆེ། །
        བློ་གསལ་གཞོན་ནུ་འཇུག་པའི་ལམ། །
        བློ་གཏེར་ཤེས་བྱའི་མཛོད་ཀྱི་སྒོ །
        བློ་གྲོས་ལྡེ་མིག་གསར་པས་འབྱེད། །
        ངོ་མཚར་ཡོན་ཏན་པད་མོའི་ཚལ། །
        ཅིག་ཅར་བཞད་པའི་འཛུམ་དགའ་ཡིས། །
        དགྱེས་པའི་བློ་ལྡན་བུང་བའི་ཁྱུས། །
        ཤེས་བྱའི་སྦྲང་བཅུད་རོལ་བས་མྱོས། །
        དམར་དམར་ཏང་གི་སྲིད་ཇུས་རྟ་ལྗང་གཟིས། །
        མང་མང་འགྲོ་བའི་ཡིད་ཀྱི་པད་ཚལ་རྒྱས། །
        མཛེས་མཛེས་རིག་པའི་འདབ་སྟོང་ཀུན་གྲོལ་བས། །
        སྙན་སྙན་གྲགས་པའི་དྲི་ངད་ཕྱོགས་སུ་ཁྱབ། །
        ནམ་ཡང་འགྱུར་མེད་ཏང་གི་རྗེས་འབྲང་བའི། །
        རིགས་མང་རྒྱུ་སྐར་མཐུན་སྒྲིལ་གསར་བའི་འཛུམ། །
        གྲོལ་བས་ངོ་མཚར་ཅན་བཞིའི་འཛུགས་སྐྲུན་ཆེ། །
        བསྒྲུབ་པའི་ཕུགས་སེམས་འོད་བརྒྱའི་དྲ་བ་འཛིན། །
        ལེགས་ལེཊ་གཡུ་མཚོ་རྒྱས་པའི་མདངས་སྔོན་ཅན། །
        ལེཊ་ལེཊ་སྐྱེད་ཚལ་འཁྲིགས་པའི་ལྗོངས་ཀྱི་དབུས། །
        མཛེས་མཛེས་རྒྱུ་སྐར་ས་ལ་འཕོས་འདྲ་བའི། །
        མཛེས་མཛེས་མཚར་སྡུག་བཀྲ་བའི་གྲོང་ཁྱེར་འདིར། །
        ཟབ་ཟབ་རིག་པའི་གནས་ཀྱི་ཆུ་བོའི་གཏེར། །
        མང་མང་ཕྱོགས་སུ་རྒྱས་པའི་ཐབས་ཀྱི་བཀོད། །
        ཡང་ཡང་ལྷུག་པར་སྨྲ་བའི་སྙན་པའི་དབྱངས། །
        དགའ་དགའ་སྙིང་ནས་སྨྲ་བ་འདི་རེ་སྤྲོ། །
        རབ་དགའི་འོ་མཚོ་འཕྱུར་བ་ལས། །
        རབ་དཀར་ངང་བས་ཙིད་རོལ་ཏེ། །
        རབ་སྙན་ངག་གི་ཤིས་ཚིག་དབྱངས། །
        རབ་དྭངས་ལྷག་བསམ་ཡིད་ཀྱིས་ཕུལ། །
  ཞེས་ཀན་སུའུ་ཞིང་ཆེན་གྱི་བསེ་ཚང་བློ་་བཟངདཔལ་ལྡན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་བོད་ཀྱི་
རྩོམ་རིག་བཞུགས་མོལ་ཚོགས་འདུའི་ཐོག་ཟི་ལིང་ནས།

རྩོམ་ཁུངས། 1981ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ཚིག་ངང་བའི་རོལ་རྩེད།

2010-02-28 བསེ་ཚང་བློ་བཟང་དཔལ་ལྡན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།