༄༅།།གནའ་དེང་གི་ལོ་རྒྱུས་སྨྲ་བ་ཚོར་ཕུལ་བའི་སྙིང་གཏམ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

རྫ་ཤུལ་བློ་བཟང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-22

མི་འགྱུར་བདེ་ཆེན་ཟུང་འཇུག་སྐུར་བཞེངས་པའི།།

རྒྱལ་ཀུན་འཕྲིན་ལས་དངོས་གྲུབ་འདོད་འཇོ་མ།།

དྲན་པའི་མོད་ལ་བར་ཆད་ཀུན་སེལ་ནས།།

སྲིད་ཞིའི་ཕྱྭ་གཡང་འགུག་པའི་ཤིས་པ་སྩོལ།།

གནའ་བོའི་ལོ་རྒྱུས་དྭངས་གཙང་འོ་མའི་མཚོ།།

དེང་རབས་རིག་པའི་བཅུད་ཀྱིས་ཕྱུག་དགོས་ཞེས།།

ཐོད་རྒལ་སྙིང་ཁམས་ཅན་གྱི་བོད་པ་འགས།།

བདེན་པ་རྫུན་དུ་གཏོང་ལ་སེམས་མ་བདེ།།

མཁྲེགས་འཛིན་ལྟ་བ་ངན་པའི་ཕྱོགས་བཟུང་ནས།།

དགའ་སྐྱོ་ཆགས་སྡང་སེམས་ཀྱི་སྡུག་ཡུས་སོགས།།

བཤད་ཕོད་ལས་སྒྲུབ་ཐུབ་པའི་དཔའ་གཏམ་གྱིས།།

བདེན་པའི་ལོ་རྒྱུས་རྫུན་རྐྱལ་གཏོང་བར་དོགས།།

གྲུབ་མཐའི་བཙན་ཤེད་ཡུལ་གྱི་ཕྱོགས་ཞེན་སོགས།།

དོན་མེད་ལ་རྒྱའི་ཁུ་ཚུར་རིང་དོར་ནས།།

བདེན་འབྱུང་ཟླ་བ་དཀར་བོའི་འོད་ཐིགས་ཤིག།

གདོང་དམར་བོད་པ་ཚང་ལ་ཕུལ་དགོས་སྙམ།།

ལོ་རྒྱུས་རིག་པ་བསྙད་པའི་དགོས་དོན་ནི།།

དུས་སྐབས་རེ་རེའི་སྤྱི་ཚོགས་འཕོ་འགྱུར་དང་།།

གདོད་མའི་དུས་ཀྱི་བྱུང་རིམ་སྣ་མང་ཞིག།

ཡང་དག་གཏམ་གྱིས་གསལ་བར་བཤད་དགོས་སོ།།

རིག་པ་འདི་ཉིད་བཤད་པའི་དགོས་པ་ནི།།

འདས་ཟིན་ཁོ་ནའི་དོན་རྐྱེན་ཙམ་མིན་པར།།

ད་ལྟའི་དུས་དང་མ་འོངས་ཁ་ཕྱོགས་སོགས།།

གསལ་འཆར་མེ་ལོང་ནང་གི་གཟུགས་བཞིན་འགོད།།

ཆོས་ལུགས་སྟོབས་ཤུགས་གྲུབ་མཐའི་ཕྱོགས་ཞེན་དང་།།

བླ་མའི་ཐོབ་ཐང་ཁྲི་གདན་མཐོ་དམན་སོགས།།

སྣ་རགས་ངན་སྤྱོད་རྒོད་དུ་ཤོར་དྲགས་ན།།

བདེན་གཏམ་ལོ་རྒྱུས་འདི་ཡང་རྫོབ་པའི་གཞི།

སྟོབས་འབྱོར་མངའ་ཐང་རིགས་རུས་མཐོ་དམན་དང་།།

དུད་ཁྱིམ་མང་ཉུང་ས་ཆུའི་རྒྱ་ཁྱོན་སོགས།།

བརྩད་ན་ཚར་རྒྱུ་མེད་པའི་ཆགས་སྡང་གཏམ།།

ལོ་རྒྱུས་ཕུང་བོ་བརླག་པའི་རྒྱུ་ཡིན་ནོ།།

དཔྱད་གསུམ་དག་པའི་ཐབས་འཕྲུལ་ལས་འོང་བའི།།

བོད་པའི་ལོ་རྒྱུས་ཆུ་རྒྱུན་དྭངས་མོ་འདི།།

ཆགས་སྡང་ཕྱོགས་རིས་གཏམ་གྱིས་སླད་གྱུར་ན།།

ཕན་ལས་གནོད་ཚབ་ཆེ་བས་ཐུགས་ཉམས་བཞེས།།

ཡ་མཚར་སྲོལ་རྒྱུད་ཡར་རྒྱས་བཀག་རྡོ་ཞེས།།

ཡ་མ་བརླ་ཡི་དོན་མེད་བརྡོལ་གཏམ་ལ།།

ཡ་ཐོད་མིག་འབྲས་བྲལ་བའི་ཉན་མིན་ན།།

ཡ་རབས་མཁས་པ་དག་ནི་ཁྲེལ་རྒོད་གཞི།།

གནའ་བོའི་བོད་མི་རྙིང་ཞེན་མངའ་ཚུལ་དང་།།

ད་ལྟའི་བོད་རྒན་མཁྲེགས་འཛིན་ཆེ་ཚུལ་སོགས།།

གཞོན་ནུའི་འགའ་ཡི་སྨྱུག་རྩེ་གཏོད་ཡུལ་དུ།།

གྱུར་ཀྱང་མཐར་ཐུགས་གནས་ལུགས་སུ་ཡིས་རྟོག།

གནའ་མི་རྒན་པོ་ཆོས་ལ་དད་ཞེན་ཆེ། །

དེང་རབས་འགའ་ཞིག་ཆོས་ལ་ལོག་ལྟ་ངན། །

ཐ་དད་བསམ་བློའི་གཡུལ་ངོ་དྲགས་པོ་ནས། །

ལྟ་བ་མི་མཐུན་ལྟ་ངན་སྤེལ་མཁན་མང་། །

འབྲེལ་ཡོད་ལོ་རྒྱུས་དག་ལ་ཁུངས་བཅོལ་ཏེ།།

ཀུན་སློང་གཙང་མས་དཔྱད་བསྡུར་བགྱིས་པའི་མཐར།།

དངོས་ཐོག་བདེན་འཚོལ་རྒྱབ་ལྗོངས་ལ་བསྟེན་ནས།།

གཟུ་བོར་བློ་ཡིས་དྲང་གཏམ་བསྙད་འབྲི་བགྱི།།

ཞེས་བྱ་བ་ནི་གནས་དེང་གི་ལོ་རྒྱུས་སྨྲ་བ་ཚོར་ཐོག་མར་ཕུལ་བའི་སྙིང་གཏམ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་ལོ་རྒྱུས་བཤད་པའི་དགོས་པའི་འདབ་མ་སྟེ་དང་བའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅།།གནའ་དེང་གི་ལོ་རྒྱུས་སྨྲ་བ་ཚོར་ཕུལ་བའི་སྙིང་གཏམ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

2010-01-22 རྫ་ཤུལ་བློ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།