དུས་ཀྱི་ཕ་མཐའ་བརྒལ་བའི་གླུ།

སྨིན་མ་གཡོ་བ་འཇའ་ཚོན་རིས།།

ཁྲག་གི་མཆུ་སྒྲོས་འགུལ་བ་ཡིས།།

ས་སྟེང་གྲོག་མ་ཟས་ཁུར་བ།།

འཁྱོམ་ཞིང་འགྱེལ་བའི་གར་ལ་རོལ།།

                                

ཕར་ལ་བྲག་གི་གཟེངས་མཐོ་ཞིང༌།།

ཚུར་ལ་ནགས་ཀྱི་འབྱམས་ཆེ་བའི།།

སྐྱིལ་ཀྲུང་ཏིང་འཛིན་ལ་ཞུགས་པའི།།

ལྕང་ལོ་ཅན་དེས་ཆོས་གླུ་འགུགས།།

 

བྱ་ཆེན་གཤོག་པ་རྣག་གིས་སྦྲན།།

རླུང་ཆེན་འཚུབ་ཤ་སྤྲིན་ལས་མངོན།།

འདམ་ལ་བྱིངས་པའི་ཅེ་སྤྱང་གིས།།

སྡུག་གི་ངུ་འབོད་ཅི་ཡང་སྒྲོག

 

སོ་སྒྲ་དྲག་ཏུ་འཆའ་བ་ཡིས།།

གནམ་ས་ལྷན་དུ་བསྡེབས་པ་དང༌།།

ཁྲོ་བའི་སྡང་མིག་བགྲད་པ་ཡིས

སྙིང་ཁམས་འགས་པ་སུ་ཞིག་ཡོད།།

 

དཀར་པོ་དངུལ་གྱི་ལྷེབ་ཆེན་དེ།།

ཟླ་བ་མཁའ་ནས་ལྷུང་ངམ་ཅི།།

དམར་པོ་དྲོད་ཀྱིས་འགངས་པ་དེ།།

ཉི་མ་མཚོ་རུ་ཟགས་སམ་ཅི།།

 

ཐེ་ཚོམ་དྲ་བའི་གྲུ་ཁུད་དུ།།

རུས་སྦལ་ལེབ་མོས་འགྲེ་ལོག་རྒྱག

ཆུ་སྲིན་མཇུག་མའི་འཕྱོ་སྟབས་ལས།།

བཀྲེས་པའི་ཁ་ཆུ་མཚོ་ལ་འདྲེས།།

 

མཚོ་རླུང་བགད་པའི་ལག་ཟུང་གིས།།

ནམ་མཁའ་སྔོན་མོར་འགྲམ་ལྕག་བྱིན།།

ཟུག་གཟེར་གཏིང་དུ་ལྷུང་བ་ན།།

མཆི་མའི་ཐིགས་པ་རྩྭ་ལོས་ཁྱེར།།

             

འཇའ་ཚོན་འཁྱོག་པོའི་གུར་ཁང་དུ།།

སྤྲིན་པས་སྤྲིན་པ་དམ་དུ་འཁྱུད།།

ཉི་འོད་ཟེར་མ་གསལ་བ་ཡིས།།

སྐྱེངས་པའི་གདོང་ལ་ཁྲག་མདངས་བབས།།

 

རྗེ་བོའི་བཀའ་ལུང་སྣུམ་པ་དང༌།།

འབངས་ཀྱི་འཛུམ་ཆུང་ཞིམ་པ་ན།།

རང་གི་སྐྲ་ལོའི་རྩར་འཐམས་ནས།།

ཆོ་ངོ་འདོན་དེ་གདོན་གྱིས་བརླམས།།

 

འབུ་ནག་འགུལ་བའི་དྲག་ཤུགས་གཟིས།།

ལྷུན་པོའི་ཚོགས་ཀྱང་ཡོམ་ཡོམ་འདར།།

རི་བོང་བྲོས་པའི་རྗེས་ཤུལ་དུ།།

རྡུལ་གྱི་ཤ་མོ་མེད་འདི་ཅི།།

 

གནག་རྫིའི་གཞས་ལ་ལྷོད་ཆགས་ཤིང༌།།

སྤྲིན་གྱི་རྒྱུ་ཚུལ་ལྷོད་ལ་བབས།།

དུག་གི་གྲོང་ཁྱེར་འབར་བ་དེས།།

ས་གནམ་གཉིས་ཀ་བསྣད་ནས་སོང༌།།

 

རི་དྭགས་ཤ་བའི་ཆགས་སྲེད་སྒྲས།།

ཡུ་མོའི་ཁྱུ་ཚོགས་བསྐོར་ཅིང་འཁོར།།

ཚ་བས་གདུང་བའི་གླང་བོ་ཆེ།།

མཚོ་མོའི་དབུས་སུ་གཟའ་སྐོར་རྒྱག

 

སྲ་མཁྲེགས་འཁྱག་གི་གས་སྲུབས་སུ།།

ཉ་མོའི་མིག་ཆུ་དར་དུ་སྦྲུམ།།

བཙག་རླུང་ཁ་བའི་ཡང་ཤོད་དུ།།

ཕྱེ་ལེབ་ཁྲ་མོའི་གཤོག་པ་འཐོར།།

 

རྒྱུངས་པ་ལེབ་མོའི་ཡང་སྟེང་དུ།།

ལྕགས་ཀྱིས་དྲབས་ཤུལ་རྨ་ཡིས་བཟུང༌།།

མི་ཆེན་ཁྲོས་པའི་ཁ་ཕོ་དེ།།

སུམ་སྒྱེད་སྟེང་ནས་མེ་ཡིས་གཞིལ།།

 

ཕར་ལ་བརྩེ་བའི་གླུ་བླངས་པ།།

ཤ་འཁོན་སློག་པའི་དོ་ཡ་མིན།།

ཚུར་ལ་མདུང་མོས་འོ་བྱེད་པ།།

ཁྲག་དྲོན་གཞིབས་པའི་དོད་དུ་མིན།།

 

དེ་ཕོས་སྐད་ངག་འདར་བ་ལ།།

བུང་བུས་རྔ་འཚུབ་རྒྱུན་ཆད་མེད།།

ཁ་ཆར་དྲག་ཏུ་བྱོ་བ་ཡིས།།

འཇག་མ་སྐྱ་བོ་སྦངས་ནས་མིན།།

 

རྒྱ་སྟག་ངར་སྐད་སྒྲོག་པ་ཡིས།།

ནགས་ཀྱི་སིལ་ཏོག་གཏོར་ན་ཡང༌།།

འཕོང་འདྲེ་ཝ་རྔ་རྫོབ་པོ་འདིས།།

དོམ་ནག་ཁྲོས་པར་བཞད་གད་སློང༌།།

 

མཁའ་ཆེན་སྤྲིན་ནག་བམ་ཁས་བསྒྲིབས།།

འབྲུག་ལྡིར་དྲག་ཆར་རྔམ་གྱིས་འཇོ།།

མཛེས་པའི་འཇའ་ཁྲ་སྐ་རགས་སུ།།

རློམ་པའི་མི་ཡི་ཞེ་རྩ་གཉོམ།།

 

མོན་གྱི་ཁུ་བྱུག་ལྷང་ལྷིང་གྲགས།།

དྲན་པས་གདུང་ནས་ལྷང་ལྷིང་གྲགས།།

ལྷང་ལྷིང་གྲགས་པའི་འཇོལ་མོ་ཡང༌།།

བྱང་ཕྱོགས་ནགས་ན་ལྷང་ལྷིང་གྲགས།།

 

བྱང་བགྲོད་རྟ་མཆོག་རྨིག་སྒྲ་ཡིས།།

ས་གཞིའི་གདོང་ལ་ཁུ་ཚུར་བསྣུན།།

ཉི་མ་སེར་པོས་སྐྱོ་ཤས་ཀྱིས།།

སྤྲིན་པ་བཞུས་ཏེ་ཆར་དུ་བསྙིལ།།

 

བྲག་གི་གཤོག་པ་བརྐྱངས་པའི་རྩེར།།

བྱ་གླག་སྲེ་བོས་ལྡིང་སྐོར་རྒྱག

ཧམ་ཅན་རྔོན་པའི་བོའུ་ཁ་ན།།

དུ་བ་སྔོན་པོས་ཀྱུ་ལོག་རྒྱག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཀྱི་ཕ་མཐའ་བརྒལ་བའི་གླུ།

2010-01-15 གེའུ། ཀློག་གྲངས། མཆན ཡོད།

སྨིན་མ་གཡོ་བ་འཇའ་ཚོན་རིས།།

ཁྲག་གི་མཆུ་སྒྲོས་འགུལ་བ་ཡིས།།

ས་སྟེང་གྲོག་མ་ཟས་ཁུར་བ།།

འཁྱོམ་ཞིང་འགྱེལ་བའི་གར་ལ་རོལ།།

                                

ཕར་ལ་བྲག་གི་གཟེངས་མཐོ་ཞིང༌།།

ཚུར་ལ་ནགས་ཀྱི་འབྱམས་ཆེ་བའི།།

སྐྱིལ་ཀྲུང་ཏིང་འཛིན་ལ་ཞུགས་པའི།།

ལྕང་ལོ་ཅན་དེས་ཆོས་གླུ་འགུགས།།

 

བྱ་ཆེན་གཤོག་པ་རྣག་གིས་སྦྲན།།

རླུང་ཆེན་འཚུབ་ཤ་སྤྲིན་ལས་མངོན།།

འདམ་ལ་བྱིངས་པའི་ཅེ་སྤྱང་གིས།།

སྡུག་གི་ངུ་འབོད་ཅི་ཡང་སྒྲོག

 

སོ་སྒྲ་དྲག་ཏུ་འཆའ་བ་ཡིས།།

གནམ་ས་ལྷན་དུ་བསྡེབས་པ་དང༌།།

ཁྲོ་བའི་སྡང་མིག་བགྲད་པ་ཡིས

སྙིང་ཁམས་འགས་པ་སུ་ཞིག་ཡོད།།

 

དཀར་པོ་དངུལ་གྱི་ལྷེབ་ཆེན་དེ།།

ཟླ་བ་མཁའ་ནས་ལྷུང་ངམ་ཅི།།

དམར་པོ་དྲོད་ཀྱིས་འགངས་པ་དེ།།

ཉི་མ་མཚོ་རུ་ཟགས་སམ་ཅི།།

 

ཐེ་ཚོམ་དྲ་བའི་གྲུ་ཁུད་དུ།།

རུས་སྦལ་ལེབ་མོས་འགྲེ་ལོག་རྒྱག

ཆུ་སྲིན་མཇུག་མའི་འཕྱོ་སྟབས་ལས།།

བཀྲེས་པའི་ཁ་ཆུ་མཚོ་ལ་འདྲེས།།

 

མཚོ་རླུང་བགད་པའི་ལག་ཟུང་གིས།།

ནམ་མཁའ་སྔོན་མོར་འགྲམ་ལྕག་བྱིན།།

ཟུག་གཟེར་གཏིང་དུ་ལྷུང་བ་ན།།

མཆི་མའི་ཐིགས་པ་རྩྭ་ལོས་ཁྱེར།།

             

འཇའ་ཚོན་འཁྱོག་པོའི་གུར་ཁང་དུ།།

སྤྲིན་པས་སྤྲིན་པ་དམ་དུ་འཁྱུད།།

ཉི་འོད་ཟེར་མ་གསལ་བ་ཡིས།།

སྐྱེངས་པའི་གདོང་ལ་ཁྲག་མདངས་བབས།།

 

རྗེ་བོའི་བཀའ་ལུང་སྣུམ་པ་དང༌།།

འབངས་ཀྱི་འཛུམ་ཆུང་ཞིམ་པ་ན།།

རང་གི་སྐྲ་ལོའི་རྩར་འཐམས་ནས།།

ཆོ་ངོ་འདོན་དེ་གདོན་གྱིས་བརླམས།།

 

འབུ་ནག་འགུལ་བའི་དྲག་ཤུགས་གཟིས།།

ལྷུན་པོའི་ཚོགས་ཀྱང་ཡོམ་ཡོམ་འདར།།

རི་བོང་བྲོས་པའི་རྗེས་ཤུལ་དུ།།

རྡུལ་གྱི་ཤ་མོ་མེད་འདི་ཅི།།

 

གནག་རྫིའི་གཞས་ལ་ལྷོད་ཆགས་ཤིང༌།།

སྤྲིན་གྱི་རྒྱུ་ཚུལ་ལྷོད་ལ་བབས།།

དུག་གི་གྲོང་ཁྱེར་འབར་བ་དེས།།

ས་གནམ་གཉིས་ཀ་བསྣད་ནས་སོང༌།།

 

རི་དྭགས་ཤ་བའི་ཆགས་སྲེད་སྒྲས།།

ཡུ་མོའི་ཁྱུ་ཚོགས་བསྐོར་ཅིང་འཁོར།།

ཚ་བས་གདུང་བའི་གླང་བོ་ཆེ།།

མཚོ་མོའི་དབུས་སུ་གཟའ་སྐོར་རྒྱག

 

སྲ་མཁྲེགས་འཁྱག་གི་གས་སྲུབས་སུ།།

ཉ་མོའི་མིག་ཆུ་དར་དུ་སྦྲུམ།།

བཙག་རླུང་ཁ་བའི་ཡང་ཤོད་དུ།།

ཕྱེ་ལེབ་ཁྲ་མོའི་གཤོག་པ་འཐོར།།

 

རྒྱུངས་པ་ལེབ་མོའི་ཡང་སྟེང་དུ།།

ལྕགས་ཀྱིས་དྲབས་ཤུལ་རྨ་ཡིས་བཟུང༌།།

མི་ཆེན་ཁྲོས་པའི་ཁ་ཕོ་དེ།།

སུམ་སྒྱེད་སྟེང་ནས་མེ་ཡིས་གཞིལ།།

 

ཕར་ལ་བརྩེ་བའི་གླུ་བླངས་པ།།

ཤ་འཁོན་སློག་པའི་དོ་ཡ་མིན།།

ཚུར་ལ་མདུང་མོས་འོ་བྱེད་པ།།

ཁྲག་དྲོན་གཞིབས་པའི་དོད་དུ་མིན།།

 

དེ་ཕོས་སྐད་ངག་འདར་བ་ལ།།

བུང་བུས་རྔ་འཚུབ་རྒྱུན་ཆད་མེད།།

ཁ་ཆར་དྲག་ཏུ་བྱོ་བ་ཡིས།།

འཇག་མ་སྐྱ་བོ་སྦངས་ནས་མིན།།

 

རྒྱ་སྟག་ངར་སྐད་སྒྲོག་པ་ཡིས།།

ནགས་ཀྱི་སིལ་ཏོག་གཏོར་ན་ཡང༌།།

འཕོང་འདྲེ་ཝ་རྔ་རྫོབ་པོ་འདིས།།

དོམ་ནག་ཁྲོས་པར་བཞད་གད་སློང༌།།

 

མཁའ་ཆེན་སྤྲིན་ནག་བམ་ཁས་བསྒྲིབས།།

འབྲུག་ལྡིར་དྲག་ཆར་རྔམ་གྱིས་འཇོ།།

མཛེས་པའི་འཇའ་ཁྲ་སྐ་རགས་སུ།།

རློམ་པའི་མི་ཡི་ཞེ་རྩ་གཉོམ།།

 

མོན་གྱི་ཁུ་བྱུག་ལྷང་ལྷིང་གྲགས།།

དྲན་པས་གདུང་ནས་ལྷང་ལྷིང་གྲགས།།

ལྷང་ལྷིང་གྲགས་པའི་འཇོལ་མོ་ཡང༌།།

བྱང་ཕྱོགས་ནགས་ན་ལྷང་ལྷིང་གྲགས།།

 

བྱང་བགྲོད་རྟ་མཆོག་རྨིག་སྒྲ་ཡིས།།

ས་གཞིའི་གདོང་ལ་ཁུ་ཚུར་བསྣུན།།

ཉི་མ་སེར་པོས་སྐྱོ་ཤས་ཀྱིས།།

སྤྲིན་པ་བཞུས་ཏེ་ཆར་དུ་བསྙིལ།།

 

བྲག་གི་གཤོག་པ་བརྐྱངས་པའི་རྩེར།།

བྱ་གླག་སྲེ་བོས་ལྡིང་སྐོར་རྒྱག

ཧམ་ཅན་རྔོན་པའི་བོའུ་ཁ་ན།།

དུ་བ་སྔོན་པོས་ཀྱུ་ལོག་རྒྱག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།