སྙན་རྩོམ་ཁག་བཞི།

དབོན་ཞང་རྡོ་རིང་ལ་མཇལ་བ།

སྔོན་ནས་བྱུང་བ་གསལ་བའི་ངོ་མཚར་གཟུགས།།

སྟོན་གྱི་ན་བུན་བཞིན་དུ་རབ་རིབ་ཙམ།།

ལྷ་སར་ཐོག་མར་འབྱོར་བའི་སྤྲོ་སྣང་ཡང་།།

རྡོ་རིང་འདི་དང་མཇལ་དུས་དེ་མུར་ཡལ།།

 

བདེན་པའི་མེས་པོ་དྲན་པའི་གདུང་བ་དེ།།

འཁྱམ་པོས་མཛེས་མ་དྲན་པའི་དོ་ཟླ་མིན།།

དྲན་རྟེན་འདྲ་པར་ལེན་པའི་སྐུ་མགྲོན་ལ།།

ཚོར་སྣང་ག་འདྲ་ཡོད་པ་ངས་མ་ཤེས།།

 ཐོ་ཐོ་གཙང་པོའི་ཟམ་ཆེན།

ཁ་བ་རླུང་དང་འདྲེས་ནས་རྩེད་འཇོར་རོལ།།

ནུབ་རི་ས་སྲོད་ཁྲོད་ན་སྟོང་འཇགས་སེ།།

ཟམ་ཆེན་ཁ་རུ་འགྲེང་ནས་བལྟས་ན་ཡང་།།

མེས་པོ་བཞུད་པའི་ཞབས་རྗེས་མཐོང་མ་བྱུང་།།

 

དུས་ཀྱི་བསེར་བུས་ཁོང་འདར་ཡང་ཡང་བྱིན།།

མེས་པོ་དྲན་པའི་དབུགས་རིང་ཡང་ཡང་ཤོར།།

མདོ་དབུས་གཅིག་ཏུ་སྦྲེལ་བའི་བརྩེ་ཞེན་གྱིས།།

ཟམ་ཆེན་འདི་ཉིད་སྙན་ངག་སྲོག་ཏུ་ཞུགས།།

 

གདང་ལ་རི་བོ།

རྒྱ་སྟག་ངར་སྐད་ཚ་ཡང་ཝ་བྲོས་བྱེད།།

འབྲོང་རྒོད་མཐོ་སར་གནས་ཀྱང་ཀུམ་ནས་འཆི།།

འདི་ནི་གཞན་མགོ་བསྐོར་བའི་གཏམ་རྒྱུད་དེ།།

འཕྲུལ་གྱི་རྟ་ཕོས་ལག་མཐིལ་ཙམ་དུ་བསྒྱུར།།

 

གདང་ལ་རི་བོ་རབ་མེད་གཙང་པོ་བཞིན།།

མདོ་དབུས་ཡུལ་ཁམས་དུམ་བུར་བཅད་ན་ཡང་།།

ཆོལ་གསུམ་སྤུན་ཟླ་སྤྲིན་གྱི་ཕྲེང་བ་བཞིན།།

མཐོ་ཡང་འགོག་པའི་གོ་སྐབས་གཏན་དུ་དབེན།།

 དགའ་ལྡན་དགོན་ནས་

     ལྷ་སའི་སྐྱིད་ཆུ་ལ་བལྟས་པ།

མཆོད་ཆང་ཚིམ་པར་རོལ་བའི་སྐྱེས་པ་བཞིན།།

གྱུ་གྱུའི་འགྲོས་ཀྱིས་འུར་ཟིང་མེད་པར་བཞུར།།

རྒྱང་ནས་རྒྱང་དུ་བཞུར་བའི་སྣེ་མོ་ན།།

སྔོ་མེར་འཁྱིལ་བའི་མཚོ་ཞིག་ཡོད་དམ་ཅི།།

 

མཚམས་སྤྲིན་དམར་པོས་མདངས་ཀྱིས་བྱུགས་པ་ན།།

གནས་ཡུལ་འགྲིམ་པའི་སྙིང་གི་མཛའ་མོ་བཞིན།།

དྭངས་ཤིང་བསིལ་བའི་གཉུག་མའི་ངང་ཚུལ་དེ།།

བདག་གིས་རྙེད་མིན་སོམ་ཉི་སྟོང་གིས་བཅིངས།།

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་རྩོམ་ཁག་བཞི།

2010-01-08 གངས་འཚོ། ཀློག་གྲངས། མཆན ཡོད།

དབོན་ཞང་རྡོ་རིང་ལ་མཇལ་བ།

སྔོན་ནས་བྱུང་བ་གསལ་བའི་ངོ་མཚར་གཟུགས།།

སྟོན་གྱི་ན་བུན་བཞིན་དུ་རབ་རིབ་ཙམ།།

ལྷ་སར་ཐོག་མར་འབྱོར་བའི་སྤྲོ་སྣང་ཡང་།།

རྡོ་རིང་འདི་དང་མཇལ་དུས་དེ་མུར་ཡལ།།

 

བདེན་པའི་མེས་པོ་དྲན་པའི་གདུང་བ་དེ།།

འཁྱམ་པོས་མཛེས་མ་དྲན་པའི་དོ་ཟླ་མིན།།

དྲན་རྟེན་འདྲ་པར་ལེན་པའི་སྐུ་མགྲོན་ལ།།

ཚོར་སྣང་ག་འདྲ་ཡོད་པ་ངས་མ་ཤེས།།

 ཐོ་ཐོ་གཙང་པོའི་ཟམ་ཆེན།

ཁ་བ་རླུང་དང་འདྲེས་ནས་རྩེད་འཇོར་རོལ།།

ནུབ་རི་ས་སྲོད་ཁྲོད་ན་སྟོང་འཇགས་སེ།།

ཟམ་ཆེན་ཁ་རུ་འགྲེང་ནས་བལྟས་ན་ཡང་།།

མེས་པོ་བཞུད་པའི་ཞབས་རྗེས་མཐོང་མ་བྱུང་།།

 

དུས་ཀྱི་བསེར་བུས་ཁོང་འདར་ཡང་ཡང་བྱིན།།

མེས་པོ་དྲན་པའི་དབུགས་རིང་ཡང་ཡང་ཤོར།།

མདོ་དབུས་གཅིག་ཏུ་སྦྲེལ་བའི་བརྩེ་ཞེན་གྱིས།།

ཟམ་ཆེན་འདི་ཉིད་སྙན་ངག་སྲོག་ཏུ་ཞུགས།།

 

གདང་ལ་རི་བོ།

རྒྱ་སྟག་ངར་སྐད་ཚ་ཡང་ཝ་བྲོས་བྱེད།།

འབྲོང་རྒོད་མཐོ་སར་གནས་ཀྱང་ཀུམ་ནས་འཆི།།

འདི་ནི་གཞན་མགོ་བསྐོར་བའི་གཏམ་རྒྱུད་དེ།།

འཕྲུལ་གྱི་རྟ་ཕོས་ལག་མཐིལ་ཙམ་དུ་བསྒྱུར།།

 

གདང་ལ་རི་བོ་རབ་མེད་གཙང་པོ་བཞིན།།

མདོ་དབུས་ཡུལ་ཁམས་དུམ་བུར་བཅད་ན་ཡང་།།

ཆོལ་གསུམ་སྤུན་ཟླ་སྤྲིན་གྱི་ཕྲེང་བ་བཞིན།།

མཐོ་ཡང་འགོག་པའི་གོ་སྐབས་གཏན་དུ་དབེན།།

 དགའ་ལྡན་དགོན་ནས་

     ལྷ་སའི་སྐྱིད་ཆུ་ལ་བལྟས་པ།

མཆོད་ཆང་ཚིམ་པར་རོལ་བའི་སྐྱེས་པ་བཞིན།།

གྱུ་གྱུའི་འགྲོས་ཀྱིས་འུར་ཟིང་མེད་པར་བཞུར།།

རྒྱང་ནས་རྒྱང་དུ་བཞུར་བའི་སྣེ་མོ་ན།།

སྔོ་མེར་འཁྱིལ་བའི་མཚོ་ཞིག་ཡོད་དམ་ཅི།།

 

མཚམས་སྤྲིན་དམར་པོས་མདངས་ཀྱིས་བྱུགས་པ་ན།།

གནས་ཡུལ་འགྲིམ་པའི་སྙིང་གི་མཛའ་མོ་བཞིན།།

དྭངས་ཤིང་བསིལ་བའི་གཉུག་མའི་ངང་ཚུལ་དེ།།

བདག་གིས་རྙེད་མིན་སོམ་ཉི་སྟོང་གིས་བཅིངས།།

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།