མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གྲང༌།
འདམ་བུའི་ཚལ་ན་ཆུ་སྐྱེས་མཛེས་པ་སྟེ།།
ར་རི་ལྡན་ཡང་ཟླ་བ་ཡིད་འོང་ཉིད།།
ཤིང་ཤུན་གྱོན་ཡང་ཕྲ་ལ་ལྡེམ་པའི་ལུས།།
མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གྲང༌།།
ལུས་ནི་མདུན་དུ་འགྲོ་བྱེད་ཅིང༌།།
སེམས་ནི་རྒྱབ་ཏུ་རྒྱུག་བྱེད་པ།།
ལྡོག་ཏེ་རླུང་གིས་འཁྱེར་བ་ཡིས།།
རྒྱ་གར་དར་གྱི་བ་དན་བཞིན།།
རྩོམ་ཁུངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། པོད